TTDL-ZABTER-06-CHA-027

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-06-CHA-027

དབུ་ཁྲིད་བརྡ་ཡིག༔ ༤༥༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁྱེན་དཔང་དང་གཟུ་དཔང་གི་ཆོ་ག་རྡོ་རྗེའི་ཐ་ཚིག་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༤༥༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ གསེར་སྐྱེམས་གཏོར་མ་བདུད་རྩིར་བསྒྱུར༔ རྒྱལ་བ་སྲས་བཅས་ཡེ་ཤེས་ལྷ༔ མངོན་སུམ་མདུན་དུ་གསལ་བྱས་ནས༔ གདུང་བ་དྲག་པོས་འདི་སྐད་དོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ བརྒྱུད་གསུམ་རིག་འཛིན་བླ་མ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཛཿཏིཥྛ་བཛྲ་ལྷན༔ དམ་ཉམས་པའི་དགྲ་བགེགས་དང་བདུད་བགེགས་གནོད་བྱེད་འདི་རྣམས་ཀྱིས་བདག་ལ་ཕོད་བཙུགས་ཤིང་དོ་བསྡོས་ཡ་བཟུང་༔ ད་ལྟ་བདག་དང་ཡོན་གྱི་བདག་པོའི་སྲོག་ལ་རྔམས་ཤིང་སྡུག་བསྔལ་དྲག་པོའི་གདུང་བ་ཐོག་ཏུ་ཕབ་པ་ཡིན་པས༔ དུས་ད་ལྟ་ཉིད་དུ་བསྒྲལ་བའི་དུས་ལ་བབ་ཡོད་པའི་སྐབས་འདིར་དགྲ་བགེགས་ལས་ངན་འདི་རྣམས་བསྒྲལ་མནན་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་བསྐུལ་ལོ༔ དེ་དག་གི་ཐུགས་རྗེ་ཡལ་བར་མི་དོར་བར་དཔུང་གྲོགས་མགོན་སྐྱབས་ལ་དགོངས་པ་ཞུ་འཚལ༔ ཨོཾ་བཛྲ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ༔ ཨ་བྷི་ཙཪྻའི་དུས་ལ་བབ་པོ༔ བརྣག་པ་དེ་ཁོ་ན་ལའོ༔ ཨོཾ་སྭ་བྷཱ་ཝ༴སྟོང་པའི་ངང་ལས་གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲོ་བའི་བདག་ཉིད་ཅན་དུ་གྱུར༔ ནམ་མཁའ་མཛོད་སྔགས་ལན་གསུམ་མཐར༔ ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ དཔལ་དགུའི་སྲུང་མ་དམ་ཅན་རྣམས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ གསེར་སྐྱེམས་རྒྱུག་ཆང་འདི་བཞེས་ལ༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་ཆོས་སྐྱོང་རྒྱ་མཚོའི་ཚོགས༔ གསེར་སྐྱེམས་རྒྱུག་ཆང་འདི་བཞེས་ལ༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ དཀར་ཕྱོགས་སྐྱོང་བའི་ལྷ་མ་སྲིན༔ གཞི་བདག་ལྷ་འདྲེ་དྲེགས་པ་ཅན༔ མ་ལུས་གསེར་སྐྱེམས་འདི་བཞེས་ལ༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཀྱཻ༔ རྩ་གསུམ་དམ་ཅན་རྒྱ་མཚོ་སྤྱན་མ་རྟུལ༔ དགྲ་བགེགས་འགུགས་བསྒྲལ་དྲག་པོའི་དུས་ལ་བབ༔ སངས་རྒྱས་བསྟན་བཤིག་སྐྱེ་འགྲོའི་སྡེ་བཅོམ་པའི༔ དམ་ཉམས་ལག་དམར་རཱུ་ཏྲ་སྒྲོལ་རེ་རན༔ རིག་འཛིན་རྩ་བརྒྱུད་བླ་མས་མཁྱེན་པར་གསོལ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཁྱེན་པར་གསོལ༔ མ་སྲིང་མཁའ་འགྲོ་རྒྱ་མཚོས་མཁྱེན་པར་གསོལ༔ བསྟན་སྲུང་དམ་ཅན་རྒྱ་མཚོས་མཁྱེན་པར་གསོལ༔ ཟོལ་མེད་རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ངས༔ སྐྱབས་དང་སྐྱེལ་མ་རྟེན་དང་དཔུང་གཉེན་སོགས༔ མཆོག་གྱུར་རྩ་གསུམ་དམ་ཅན་རྒྱ་མཚོར་གྱིས༔ བདེན་གཉིས་དམ་པའི་ཆོས་ལ་ཐེ་མ་ཚོམ༔ ཡེ་ཤེས་ལྷ་རྣམས་ཡོངས་དང་བློ་མ་བྲལ༔ དམ་ཚིག་གཉན་པོ་དབང་པོའི་མིག་བཞིན་བསྲུང་༔ བློ་སྙིང་བྲང་གསུམ་ལྷ་དང་བླ་མར་གཏད༔ བདག་ལ་རེ་ས་སྐྱབས་གནས་གཞན་མ་མཆིས༔ ཉེས་མེད་བདག་ལ་དགྲ་དང་བགེགས་བྱུང་ན༔ རྩ་གསུམ་དམ་ཅན་རྒྱ་མཚོ་མེད་དམ་ཅི༔ ཡང་ན་བསྟན་འགྲོ་ཐུགས་རྗེས་འདོར་རམ་ཅི༔ བདེན་གཉིས་དམ་ཆོས་བདེན་པས་བསླུས་སམ་ཅི༔ མཐུ་དང་སྟོབས་རྩལ་ནུས་པ་མེད་དམ་ཅི༔ རང་ཉིད་མ་ཉེས་བདེ་བར་འདུག་པ་བདག༔ མི་ཆོས་བློས་བཏང་ལྷ་ཆོས་དང་དུ་བླང་༔ ཚེ་འདི་བློས་བཏང་ཕྱི་མའི་དོན་དུ་གཉེར༔ མི་དགེ་བློས་བཏང་དགེ་བ་དང་དུ་བླང་༔ སྡིག་ལྟུང་སྤངས་ཤིང་དམ་ཆོས་ལྷུར་ལེན་ལ༔ རྒྱུད་བསླང་རྒྱུ་འབྲས་གསོད་པའི་ལག་དམར་བྱུང་༔ གང་ལྟར་བྲོས་ཀྱང་དེ་ལྟར་སླེབ་ནས་བྱུང་༔ ཇི་ལྟར་བཟློག་ཀྱང་ཚལ་དུ་སླེབ་ནས་བྱུང་༔ རྩ་གསུམ་དམ་ཅན་རྒྱ་མཚོས་མི་གཟིགས་སམ༔ གཟིགས་ཤིག་དགོངས་ཤིག་གསོན་ཅིག་དམ་ཅན་རྣམས༔ མ་གཡེལ་མ་འགྱངས་དམ་ཚིག་གཉན་ལ་འདུས༔ རིག་འཛིན་རྩ་བརྒྱུད་བླ་མ་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་མ་ལུས་དཔང་དུ་དགོངས༔ མ་ཚོགས་ཡེ་ཤེས་མཁའ་འགྲོ་དཔང་ལ་དགོངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་དམག་ལ་ཆོས༔ ཐ་ཚིག་གཉན་གྱིས་དམོད་པ་དགྲ་ལ་ཡ༔ བཀའ་དང་ཐ་ཚིག་ཅན་རྣམས་ར་མདར་རྒྱུག༔ ཡིད་ལ་བརྣག་པའི་དགྲ་བགེགས་སྡིག་ཅན་འདི༔ ཁམས་གསུམ་གང་དུ་གནས་སམ་བྲོས་གབ་ཀྱང་༔ ཡེ་ཤེས་སྤྱན་ལ་གསལ་འགྲིབ་མི་མངའ་བཞིན༔ མ་ཤོར་མྱུར་དུ་ཁུག་ལ་བསྒྲལ་མཛོད་ཅིག༔ དོ་ནུབ་བསྐུལ་ལོ་ལྷ་ཚོགས་ཐུགས་མ་གཡེལ༔ དོ་ནུབ་འབོད་དོ་ལྷ་ཚོགས་སྙན་མ་སྲ༔ དོ་ནུབ་གཡབ་བོ་ལྷ་ཚོགས་སྤྱན་མ་རྟུལ༔ དོ་ནུབ་རྦད་དོ་ལྷ་ཚོགས་མཐུ་མ་ཆུང་༔ ཛཿའཛིན་བྱེད་དཔའ་བོ་ལག་མ་སྡུམ༔ གསོད་བྱེད་ཤན་པ་རྩལ་མ་ཞན༔ མངགས་པའི་ཕོ་ཉ་བང་མ་བུལ༔ རྒྱུག་བྱེད་མྱུར་མགྱོགས་རྩལ་མ་ཞན༔ ཟ་བྱེད་རྔམས་པ་ཁ་མ་ཆུང་༔ ལས་བྱེད་དྲེགས་པ་མཐུ་མ་ཆུང་༔ མཁྱེན་ལྡན་ལྷ་རྣམས་དཔང་དུ་རོལ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ལས་ལ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྒྲལ་བའི་དཔང་དུ་གསོལ་བ་ནི༔ ཧཱུྃ་ཛ༔ བཀའ་བརྒྱུད་བླ་མ་གཟུ་དང་དཔང་དུ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་དུ་དགོངས༔ མ་རྒྱུད་མཁའ་འགྲོ་གཟུ་དང་དཔང་དུ་དགོངས༔ བསྟན་སྲུང་རྒྱ་མཚོ་གཟུ་དང་དཔང་དུ་དགོངས༔ དམ་ཉམས་ལས་ངན་བསྟན་བཤིག་ལག་དམར་འདིས༔ དང་པོ་སངས་རྒྱས་བསྟན་པ་གཉན་པོ་བཤིག༔ བར་དུ་དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཐ་མ་སྐྱེ་འགྲོའི་བདེ་བ་ཡུན་བསྟུང་ནས༔ ད་ལྟ་རྣལ་འབྱོར་བདག་ལ་གནོད་པ་བརྩམ༔ བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བགེགས་འདི༔ གསོད་ཅིང་སྒྲོལ་བའི་མངོན་སྤྱོད་ཕྲིན་ལས་མཛོད༔ ཟོལ་མེད་རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ངས༔ མ་བཟོད་རྩེ་གཅིག་གདུང་བའི་ང་རོ་ཡིས༔ ལྷ་དང་སྲུང་མ་རྒྱ་མཚོ་དཔང་དུ་བསྐུལ༔ བསྟན་སྲུང་རྒྱ་མཚོ་མེད་དམ་ར་མདར་ལོག༔ ཉེས་མེད་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་ངས༔ དད་དམ་དབང་གི་དཔུང་གཉེན་ལྷ་ལ་འབོད༔ ཕུར་སྲུང་རྒྱ་མཚོ་མེད་དམ་ར་མདར་ལོག༔ རྩེ་གཅིག་སྒོམ་སྒྲུབ་ལྷུན་ལེན་རྣལ་འབྱོར་ངས༔ སྐྱབས་མཆོག་རྩ་གསུམ་རྒྱ་མཚོ་འབོད་བསྐུལ་གྱིས༔ མཐུ་རྩལ་དྲག་པོ་མེད་དམ་དགྲ་ལ་རྦད༔ བྷྱོ༔ དྲག་པོའི་བཀའ་ཉན་དཔལ་གྱི་བཀའ་སྡོད་ཚོགས༔ ཀུན་བཟང་རྡོར་འཆང་པདྨ་ཐོད་ཕྲེང་སོགས༔ བརྒྱུད་ལྡན་རིག་འཛིན་རྒྱ་མཚོའི་སྤྱན་སྔ་རུ༔ ལྷག་གཏོར་རོལ་ཞིང་བསྟན་པ་བསྲུང་བ་དང་༔ གདུག་པའི་དགྲ་བགེགས་སྒྲོལ་བར་ཁས་བླངས་བཞིན༔ ཤ་ཁྲག་དམར་གྱི་གཏོར་མ་འདི་རོལ་ལ༔ བསྟན་པའི་ལག་དམར་བདག་གི་སྒོས་དགྲ་འདི༔ ཁམས་གསུམ་གང་ན་གནས་ཀྱང་ཁུག་ལ་ཤོག༔ མཐུ་རྩལ་དྲག་པོས་བསྒྲལ་བའི་ལས་མཛོད་ཅིག༔ མ་གཡེལ་མ་གཡེལ་བསྒྲུབ་པའི་དཀྱིལ་འཁོར་ལྷ༔ མ་འགྱང་དགྲ་བགེགས་ད་ལྟ་ཉིད་དུ་སོད༔ བཅོལ་བའི་ཕྲིན་ལས་མཛོད་ཅིག་ས་མ་ཡ༔ ཞེས་བརྗོད་ཕུད་སྐྱེམས་ཕྱི་རོལ་དོར༔ དེས་ནི་ལས་ཀུན་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉེར་མཁོའི་ཆེད་དུ་བདུད་འཇོམས་པས་སོ།།དགེའོ།།།།