TTDL-ZABTER-05-CA-026

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-05-CA-026

༠༠༠༠བརྡ་ཡིག༢༦༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་སྐྱེམས་མཆོད་བདུད་རྩི་ཀུན་ཁྱབ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༢༦༣རྩ་བརྒྱད་སྟོང་སྦྱར་བདུད་རྩི་ལ༔ ཡེ་ཤེས་འཕྲུལ་གྱིས་བྱིན་བརླབས་ཏེ༔ འཁོར་འདས་ཡོངས་ལ་ཁྱབ་པར་སྤྲུལ༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་༔ གང་ཟག་སྙན་བརྒྱུད་ཤོག་སེར་ཚིག་བརྒྱུད་ཀྱི༔ རྩ་བརྒྱད་བླ་མ་མ་མ་ལུས་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དགོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་༔ ཀཱི་ལ་རིགས་ལྔ་ཁྲོ་བཅུ་ཡབ་ཡུམ་དང་༔ ཟ་གསོད་སྒོ་སྐྱོང་མ་བཞི་འཁོར་བཅས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ༴ཤྭ་ན་མཆེད་བཞི་རེ་ཏཱི་མ་བཞི་དང་༔ བསྭེ་མོ་མཆེད་བཞི་སྐྱེས་བུ་གིང་བཞི་སོགས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ རྣམ་དག་བདུད་རྩིའི་དམ་རྫས༴ཐུགས་རྗེས་བརྩེར༴མ་ཧཱ་སརྦ༴གཞན་ཡང་ཕུར་པའི་སྲུང་མར་དམ་བཅས་པའི༔ ཡེ་ཤེས་དང་ནི་ལས་ལས་གྲུབ་པ་ཡི༔ ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་རྒྱ་མཚོ་ལ༔ རྣམ་དག་བདུད་རྩི་དམ་རྫས༴ཐུགས་རྗེས་བརྩེར༴མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ འཁོར་བ་དབྱིངས་སྒྲོལ་རཀྟའི་རྒྱ་མཚོ་དང་༔ དམར་ཆེན་གཏོར་མ་ཤ་རི་ཁྲག་གི་མཚོ༔ འདོད་ཡོན་མི་ཟད་ནམ་མཁའི་གཏེར་ཆེན་པོ༔ རྩ་གསུམ་དམ་ཅན་སྲུང་མར་བཅས་པ་འབུལ༔ དྲག་པོ་མཐུ་ཡི་དངོས་གྲུབ་མྱུར་དུ་སྩོལ༔ མ་ཧཱ་རཀྟ་བ་ལིཾ་ཏ་མཱཾ་ས་རཀྟ་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ཧོ༔ རྩ་གསུམ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱིས༔ བདག་ཅག་སྒྲུབ་མཆོག་འཁོར་དང་བཅས་པ་ལ༔ མཆོག་ཐུན་དངོས་གྲུབ་འབད་མེད་མྱུར་སྩོལ་ཅིག༔ ཁྱད་པར་དྲེགས་པ་ལྷ་སྲིན་བྲན་འཁོལ་ནས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ རྩ་སྔགས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་པས་བྲིས་པའོ།།དགེའོ།ལེགས་སོ།།སརྦ་མངྒ་ལཾ།།