TTDL-ZABTER-13-PA-118

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-118

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡུལ་ལྷ་གཉན་པོའི་མཁོན་སྦྱངས་འདའ་མེད་རྡོ་རྗེའི་གཏན་ཚིག་བཞུགས་སོ༔ ཀྱཻ༔ གཞི་བདག་ཆེ་གེ་འཁོར་དང་བཅས་པ་དགོངས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཀུན༔ མ་རིག་མ་ཤེས་མ་ཚོར་དབང་གྱུར་དང་༔ སྙོམས་ལས་དབང་གིས་བསངས་མཆོད་ཆག་པ་སོགས༔ ཁྱོད་ཀྱི་ཐུགས་དང་འགལ་གྱུར་ཅི་མཆིས་ཀྱང་༔ གནོང་འགྱོད་དྲག་པོའི་སྒོ་ནས་མཐོལ་ཞིང་བཤགས༔ བཟོད་པར་བཞེས་ཏེ་མཁོན་པ་བསྡུམ་པ་དང་༔ འགལ་བ་འདུམ་ཞིང་བྱམས་དང་བརྩེ་བས་སྐྱོངས༔ བཀའ་དང་དམ་ཚིག་གཉན་པོ་རྗེས་དྲན་ནས༔ བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ ཅེས་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་བསྒྱུར་ཅིག།དགེའོ།།།།