TTDL-ZABTER-15-BA-079

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-079

ན་མོ་གུ་རུ་ཝེ༔ ནམ་མཁའ་མཛོད་སྔགས་མཐར༔ ཀྱཻཿདད་དང་དམ་ཚིག་དཔང་བཙུགས་ཏེ༔ གནོད་སྦྱིན་ཨ་པ་ར་ཙིཏྟ༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བདག་གིས་བརྟེན་པའི་ལྷ་རུ་བཞུགས༔ དངོས་འབྱོར་ཡིད་གྱིས་རྣམ་སྤྲུལ་པའི༔ འདོད་ཡོན་མི་ཟད་གཏེར་ཆེན་པོས༔ ནོར་བདག་ཆེན་པོའི་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་ཀུན་བཤགས༔ བསོད་ནམས་དཔལ་དང་ཡོན་ཏན་བསྐྱེད༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ སྣང་སྲིད་ཕྱྭ་གཡང་དབང་བསྡུས་ལ༔ བདག་གི་ཕྱྭ་དང་གཡང་དུ་སྩོལ༔ མི་ཕྱུགས་ནད་རིམས་གོད་ཡམས་ཐུལ༔ མུ་གེའི་བསྐལ་པ་དབྱིངས་སུ་བཟློག༔ དམ་ཚིགས་ཐུགས་རྗེའི་དུས་ལ་བབ༔ དེ་ཡིས་བསམ་དོན་ཡིད་བཞིན་འགྲུབ༔ དགེ་ལེགས་དཔལ་གྱིས་ཕྱུག་པར་འགྱུར༔ ས་མ་ཡ༔ བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་པས༔ འགྲོ་ལ་ཕན་སེམས་ཆུང་ཞིང་གནོད་སེམས་དང་༔ གཏོང་སེམས་ཆུང་ཞིང་འཛིན་པས་འཆིང་བ་ཡི༔ སེར་སྣའི་དབང་གྱུར་ཐུགས་དམ་འགལ་བ་བཤགས༔ ཨོཾ་བཛྲ་ས་ཏྭ་སོགས༔ འདི་བཟུང་བླ་མེད་སྙིང་པོར་མཆིས་ཀྱི་བར༔ སྐད་ཅིག་མི་འབྲལ་ཟས་ནོར་དགོས་འདོད་ཆར༔ ནུབ་པ་མེད་པར་རྒྱུན་དུ་འབབ་པར་མཛོད༔ མཆོད་དང་སྦྱིན་གཏོང་ཚོགས་བསགས་གཏེར་མཛོད་ཅིག༔ བདུད་འཇོམས་པས་སོ༔