TTDL-ZABTER-15-BA-088
TTDL-ZABTER-15-BA-088
ཏྲིཿ དམ་ཅན་རྡོ་རྗེ་ལེགས་པ་རྩལ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་དང་༔ ཨོ་རྒྱན་པདྨ་ཐོད་ཕྲེང་སོགས༔ རིག་འཛིན་བརྒྱུད་པར་བཅས་པ་ཡི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཁྱེད་ལ་བསྒོ་བའི་ཚིག་འདི་སྟེ༔ རྟག་ཏུ་རྣལ་འབྱོར་བདག་ཅག་ལ༔ ཉེས་བྱས་དགྲ་བགེགས་གང་ཡིན་གྱི༔ ལེགས་ཉེས་དྲངས་ཤན་འབྱེད་པའི་ཕྱིར༔ དམིགས་པའི་རྟེན་མཆོག་འདི་ཉིད་ལ༔ གཉིས་སུ་མེད་པར་བརྟན་བཞུགས་གསོལ༔ གང་བསམ་འདོད་དོན་ཡོངས་གྲུབ་ཅིང་༔ བསྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཏྲི་བཛྲ་སཱ་དྷུ་ས་མ་ཡ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱ་ཧཱ༔