TTDL-ZABTER-01-KA-062

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-062

༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ ཟོར་ལས་གནམ་ལྕགས་ཐོག་མདའ་བཞུགས༔ ༠༠༠༠༠བརྡ་ཡིག༥༧༦༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་མཐའ་མ་ལ༔ ཡོ་ལོག་བདུད་ཀྱིས་བྱེད་པའི་ཚེ༔ གཉེན་པོ་མངོན་སྤྱོད་དྲག་ལས་མཆོག༔ དེ་ཕྱིར་པདྨའི་བརྒྱུད་འཛིན་བུས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ལ༔ བརྟེན་ནས་ལས་ཀ་འདིར་བརྩོན་མཛོད༔ དང་པོ་ཐ་ཚིག་བསྒྲགས་པ་ལ༔ ཀྱཻ༔ སྣང་ཞིང་སྲིད་པའི་འཇིག་རྟེན་འདིར༔ མངའ་མཛད་ལྷ་ཀླུ་སྡེ་བརྒྱད་དང་༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ཀུན༔ མ་ལུས་ང་ཡི་བཀའ་ལ་ཉོན༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་ཡིས༔ སྣང་སྲིད་ཐམས་ཅད་དམ་རྒྱས་བསྡམས༔ ཐ་ཚིག་དེ་ནི་དཔང་དུ་བཙུག༔ བར་དུ་ཕྱག་ན་རྡོ་རྗེ་ཡིས༔ སྣང་སྲིད་དྲེགས་པ་བཀའ་སྲུང་ཚོགས༔ ཐམས་ཅད་མ་ལུས་དམ་ལ་བཏགས༔ དམ་ཚིག་གཉན་པོ་དེ་དཔང་བཙུག༔ ཐ་མ་ཨོ་རྒྱན་ཆེན་པོ་ཡིས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྣང་སྲིད་ལྷ་འདྲེ་དམ་ལ་བཏགས༔ ཐ་ཚིག་དེ་ཡང་དཔང་དུ་བཙུག༔ དེ་རྗེས་དུས་ཀྱི་སྐབས་མང་དུ༔ རིག་འཛིན་རྣལ་འབྱོར་བདག་གིས་ཀྱང་༔ རྩལ་སྣང་ལྷ་འདྲེ་དམ་ལ་བཏགས༔ ཐ་ཚིག་དཔང་དུ་ངེས་བཙུག་གྱིས༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ མ་ལུས་དམ་ཚིག་གཉན་ལ་འདུས༔ བདག་གི་དཔུང་མཛོད་མཐུ་ནུས་བསྐྱེད༔ དམག་དཔུང་སྡུས་ལ་མཚོན་ཐོགས་ཤིག༔ དམག་སྣ་དགྲ་བགེགས་སྟེང་དུ་དྲོངས༔ མཚོན་ཐུན་དྲག་པོའི་འཁྲུལ་འཁོར་ཕྱེས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་གསེར་སྐྱེམས་དཀར་གཏོར་བྲན་ལ༔ ཟོར་སྒོ་དབྱེ་བ་ནི༔ ཨ་ཀཱ་རོ༴ཀྱཻ༔ སྣང་ཞིང་སྲིད་པར་མངའ་མཛད་པའི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ དཀར་ནག་གཉིས་སྐྱོང་ལྷ་འདྲེ་རྣམས༔ དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ༔ ད་ལྟ་ཟོར་གྱི་ལམ་ཕྱེས་ཤིག༔ གཡས་སུ་འདུག་པ་གཡས་སུ་བྱོལ༔ གཡོན་དུ་འདུག་པ་གཡོན་དུ་བྱོལ༔ ཐད་དུ་འདུག་པ་སྐུ་བཟུར་ཅིག༔ སྟེང་དུ་མཆིས་པ་ཞབས་ལྡོག་ཅིག༔ འོག་ཏུ་གནས་པའི་དབུ་ཆུམ་ཅིག༔ དྲག་པོའི་ཟོར་གྱི་ལམ་ཕྱེས་ཤིག༔ གལ་ཏེ་ཁྱོད་ལ་ཟོར་ཕོག་ན༔ ང་ནི་མ་ཉེས་དགྲ་བགེགས་ཉེས༔ བཀའ་ཆད་གདུག་རྩུབ་དྲག་པོའི་དབལ༔ སྡང་དགྲ་གདོན་བགེགས་རྣམས་ལ་ཕོབ༔ ངས་ནི་གནོད་བྱེད་དགྲ་བགེགས་ལ༔ ལས་ཀ་འདི་མི་བྱེད་པ་ཡི༔ ཐབས་དང་དབང་ནི་མ་བྱུང་བར༔ གནོད་བྱེད་འདི་ཡིས་བརྙས་ཚད་བཙུགས༔ སྣང་སྲིད་ལྷ་འདྲེས་ཤེས་པར་མཛོད༔ དམ་ཚིག་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ནས་མདའ་འགེང་ལ༔ ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ༔ འགེང་ནི་སྔགས་འཆང་རྒྱལ་པོས་འགེང་༔ བདག་རྟོག་འཁོར་བའི་བྲག་ལ་འཕེན༔ བདག་མེད་ཆོས་ཉིད་ཆེན་པོར་བཤིག༔ ཡུལ་རྐྱེན་གང་ལ་ཐོགས་པ་མེད༔ སྒོ་འདི་མངོན་སྤྱོད་ལས་ཀྱི་སྒོ༔ གང་གིས་དགག་པར་བྱ་མིན་པས༔ རྡོ་རྗེ་འཆང་གི་བཀའ་ཡིན་ཉོན༔ ཅེས་རྟེན་འབྲེལ་སྙིང་པོ་བརྗོད་ལ་འཕང་༔ དེ་ནས་ཆད་མདོ་བཏང་༔ མཐར་ཡང་གསེར་སྐྱེམས་བཤམས་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ༴ཨ་ཀཱ་རོ༴ཡང་བརྗོད༔ ཨོཾ་ཨཱཿཧཱུྃ༔ བརྒྱུད་བཅས་རྩ་བརྒྱུད་བླ་མ་དང་༔ དུས་གསུམ་སངས་རྒྱས་སྲས་བཅས་ལ༔ བདུད་རྩི་གསེར་སྐྱེམས་འདི་འབུལ་བཞེས༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་དང་༔ བདེན་པ་གཉིས་ཀྱི་ཆོས་རྣམས་ལ༔ བདུད་རྩི་གསེར་སྐྱེམས་འདི་འབུལ་བཞེས༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་དང་༔ འཕགས་པའི་དགེ་འདུན་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་འདི་འབུལ་བཞེས༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ བཀའ་སྲུང་དམ་ཅན་རྒྱ་མཚོ་དང་༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ༔ བདུད་རྩི་གསེར་སྐྱེམས་འདི་འབུལ་བཞེས༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཡུལ་གཞི་སྐྱོང་བའི་གཞི་བདག་དང་༔ ལྷ་ཀླུ་གཉན་དང་ལོ་འབྱུང་ལྷ༔ བདུད་རྩི་གསེར་སྐྱེམས་འདི་འབུལ་བཞེས༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ སྨེ་བ་སྤར་ཁ་ཟླ་ཞག་དུས༔ ཚེས་ལ་དབང་མཛད་བདག་པོ་རྣམས༔ བདུད་རྩི་གསེར་སྐྱེམས་འདི་འབུལ་བཞེས༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ སྲིད་པ་ཧོ་ཡི་ཕྱག་རྒྱ་བསྟན་ནོ༔ དེ་ནས་ཟོར་ལ་བསྐུལ་བ་ནི༔ ཧཱུྃ་ཛཿཀུན་ཏུ་བཟང་པོ་མན་ཆད་ནས༔ རྩ་བའི་བླ་མ་ཡན་ཆད་ཀྱི༔ བརྒྱུད་གསུམ་རིག་འཛིན་བླ་མ་རྣམས༔ མ་གཡེལ་ཐུགས་དམ་དུས་ལ་བབ༔ དོ་ནུབ་དྲག་པོའི་ཟོར་ལ་བསྐུལ༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི༔ དཀྱིལ་འཁོར་ལྷ་དང་སྲུང་མ་རྣམས༔ མ་གཡེལ་ཐུགས་དམ་དུས་ལ་བབ༔ དོ་ནུབ་དྲག་པོའི་ཟོར་ལ་བསྐུལ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང་༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཀུན༔ མ་གཡེལ་ཐུགས་དམ་དུས་ལ་བབ༔ དོ་ནུབ་དྲག་པོའི་ཟོར་ལ་བསྐུལ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྣང་སྲིད་ཡུལ་ལྷ་གཞི་བདག་ཚོགས༔ མ་གཡེལ་ཐུགས་དམ་དུས་ལ་བབ༔ དོ་ནུབ་དྲག་པོའི་ཟོར་ལ་བསྐུལ༔ མཐུ་དང་ནུས་པའི་སྟོབས་ཤུགས་ཕྱུངས༔ ཐུན་མཚོན་དྲག་པོའི་འཁྲུལ་འཁོར་གྱིས༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ ལྷ་ཡང་རུང་སྟེ་རྡུལ་དུ་རློག༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་འགྱངས་ས་མ་ཡ༔ མཚོན་ཆ་རྣོན་པོ་ངར་མ་ཞན༔ དྲག་པོའི་ཐུན་རྫས་ནུས་མ་ཆུང་༔ ལས་ཀྱི་ཕོ་ཉ་རྩལ་མ་ཞན༔ གསོད་པའི་ཤན་པ་ལག་མ་སྡུམ༔ ཟ་བྱེད་གཏུམ་རྔམས་ཡུས་མ་ཆུང་༔ དཔུང་དང་རྒྱབ་བརྟེན་རྒྱ་མ་ཆུང་༔ ཕྲིན་ལས་གཉན་པོ་ད་མཛོད་ཅིག༔ བསྐུལ་ལོ་རྦད་དོ་ལས་ལ་ཡཱཿདེ་ནས་རང་སྲུང་དང་དཔུང་བསྐྱེད་པ་ལ༔ ཧཱུྃ༔ བདག་ཉིད་ཡི་དམ་དྲག་པོ་ཧེ་རུ་ཀའི་གཡས་སུ་བཀའ་སྲུང་ཕོ་རྒྱུད༔ གཡོན་དུ་སྲུང་མ་མོ་རྒྱུད༔ རྒྱབ་བརྟེན་ཁྲོ་བོ་ཁྲོ་མོ༔ སྟེང་ཕྱོགས་སྐྱབས་ཡུལ་རྒྱ་མཚོ༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ནམ་མཁའ་ལ་སྐར་ལྟར་བཀྲ་ཤིང་༔ བར་སྣང་ལ་སྤྲིན་ཕུང་ལྟ་བུར་གཏིབས་པ༔ ས་གཞི་ལ་ན་བུན་དང་ཉི་རྡུལ་ལྟར་འཐིབས་པ་དེ་ཀུན་བདག་གི་དཔུང་ལ་ཆས་ནས་རབ་ཏུ་ཁྲོས་པའི་ཚུལ་གྱིས་དགྲ་བགེགས་དེ་ལ་ནད་མུག་མཚོན་ཐུན་གྱི་ཆར་ཆེན་པོ་ཕབ་པར་བསྒོམ༔ དེ་ནས་རཱུ་པ་དགྲ་བགེགས་དངོས་སུ་བསྐྱེད་པ་ནི༔ ཕཊ༔ མདུན་དུ་མ་རིག་པའི་མུན་པ་ནག་པོ་རབ་ཏུ་འཁྲིགས་པའི་ནང་དུ་ཡིད་ལ་བརྣག་པའི་དགྲ་བགེགས་དེ་ཉིད་ཀྱི་སྣ་འདྲེན་རྒྱབ་བརྟེན་དཔུང་གཉེན་ནོར་རྫས་མཁར་ཁྱིམ་དང་བཅས་པ་ཐམས་ཅད་མགོན་མེད་སྐྱབས་དང་བྲལ་བ་གཅེར་བུ་བྱང་ཐང་དུ་ལུས་པ་ལྟར་འཇིག་ལ་ཉེ་ཞིང་ནུབ་ལ་ཁད་པར་གྱུར༔ སྣང་སྲིད་ཁམས་ཀྱི་འབྱུང་བ་སྣོད་བཅུད་བརྟན་གཡོ་ཐམས་ཅད་བདག་ཉིད་དྲག་པོའི་ལས་ཀྱི་ཕོ་ཉ་དང་ལས་མཁན་དུ་གྱུར་ནས་དགྲ་བགེགས་རང་དབང་མེད་པར་བཀུག་ནས་བསྟིམ་མོ༔ དེ་ནས་འགུག་གཞུག་བྱ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས༔ སངས་རྒྱས་བསྟན་པའི་སྤྱི་དགྲ༔ དཔལ་ལྡན་བླ་མའི་སྐུ་དགྲ༔ ཁྱད་པར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་ནས་བསམ་སྦྱོར་ངན་པ་འཆང་ཞིང་ཤོམ་པའི་དགྲ་བགེགས་གནོད་བྱེད་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ ཛ་ཛཿཅི་མང་བརྗོད་མཐར༔ གང་ལ་དམིགས་པའི་དགྲ་བགེགས་ཀྱི་མིང་རུས་ནས་འགུགས་གཞུག་གྲངས་མང་བྱ༔ མཐར་འགུགས་འཆིང་སྡོམ་མྱོས་བཞིའི་སྔགས་དང་ཕྱག་རྒྱས་བཅིང་༔ དེ་ནས་ཟོར་འཕེན་པ་ལ༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་རང་གིས་འཕེན་པའི་ཟོར་དེ་ཐོགས་ནས་མཉམ་དུ་འཕངས་པས་དགྲ་བགེགས་ཐམས་ཅད་མར་མེ་རླུང་གིས་བསད་པའམ་མེ་སྟག་ཆུས་བསད་པ་ལྟར་སོང་༔ གནས་ཁང་ཟས་ནོར་ཐམས་ཅད་ཐལ་བ་རླུང་གིས་གཏོར་བ་ལྟར་སོང་བར་བསམ་ལ་འཕང་ངོ༔ དང་པོ་ཕུར་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ འཁོར་འདས་མ་ལུས་ཐམས་ཅད་ང་ཡི་དབང་༔ སྲིད་པ་འདི་ན་ཆེ་བཙན་འགྲན་ཟླ་སུ༔ ང་ཡི་བཀའ་ལ་ཐམས་ཅད་འདའ་མ་བྱེད༔ བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་གཞི་བདག་རྣམས༔ མ་གཡེལ་མ་འགྱངས་མངོན་སྤྱོད་ལས་ལ་ཆོས༔ ཐོགས་མེད་གནམ་ལྕགས་ཕུར་པའི་ཐུན་ཆར་འདི༔ དམ་ཉམས་དགྲ་བགེགས་གདུག་ཅན་སྙིང་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་ཧུར་ཐུམ་རྦད་མཱ་ར་ཡ་ཕོབ་ཛཿཕོབ་ཛཿདེ་ནས་ཉུང་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ སོགས་ཚིག་རྐང་དྲུག་འགྲེ༔ ཐོགས་མེད་ཉུང་ཐུན་དྲག་པོའི་མཐུ་སྟོབས་ནི༔ དམ་ཉམས་དགྲ་བགེགས་གདུག་ཅན་སྙིང་ལ་རྒྱོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་སོགས་ཕོབ་ཛཿདེ་ནས་ཁྲག་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་སོགས༔ མ་མོ་མཁའ་འགྲོའི་ངན་སྔགས་ཁྲག་གི་ཐུན༔ དམ་ཉམས་དགྲ་བགེགས་གདུག་ཅན་སྲོག་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་སོགས་ཕོབ་ཛཿདེ་ནས་མཚེ་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་སོགས༔ ཐོགས་མེད་མཚེ་ཐུན་དྲག་པོའི་ནུས་དབལ་སྟོབས༔ དམ་ཉམས་དགྲ་བགེགས་་གདུག་ཅན་སྙིང་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་སོགས་ཕོབ་ཛཿདེ་ནས་དུག་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་སོགས༔ སྣ་ཚོགས་ཧ་ལ་དྲག་པོའི་ནུས་དབལ་སྟོབས༔ དམ་ཉམས་དགྲ་བགེགས་གདུག་ཅན་སྙིང་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་སོགས་ཕོབ་ཛཿདེ་ནས་མཚོན་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་སོགས༔ ཐོགས་མེད་གནམ་ལྕགས་མཚོན་ཆའི་འཁྲུལ་འཁོར་འདི༔ དམ་ཉམས་དགྲ་བགེགས་གདུག་ཅན་སྙིང་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་སོགས་ཕོབ་ཛཿདེ་ནས་མདའ་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་སོགས༔ ཐོགས་མེད་མྱུར་མགྱོགས་མདའ་ཡི་ཐུན་ཆར་འདི༔ དམ་ཉམས་དགྲ་བགེགས་གདུག་ཅན་སྙིང་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་སོགས་ཕོབ་ཛཿདེ་ནས་རྡོ་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་སོགས༔ ཐོགས་མེད་རྡོ་ཐུན་དྲག་པོའི་ཆར་པ་འདི༔ དམ་ཉམས་དགྲ་བགེགས་གདུག་ཅན་སྙིང་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་སོགས་ཕོབ་ཛཿདེ་ནས་གཏོར་ཟོར་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་སོགས༔ ཐོགས་མེད་དྲག་པོའི་དཔལ་གྱི་གཏོར་ཐུན་འདི༔ དམ་ཉམས་དགྲ་བགེགས་གདུག་ཅན་སྙིང་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག༔ ཨོཾ་བཛྲ་གུ་རུ་སོགས་ཕོབ་ཛཿདེ་ནས་ས་ཐུན་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ ས་ཁམས་རང་གཤེད་རང་ལ་ཕོབ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྣམ་པར་ཤེས་པ་ཆོས་སྐུར་གྲོལ༔ དྲག་སྔགས་བརྗོད་མཐར༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་ཧུར་ཐུམ་རྦད་མཱ་ར་ཡ་ཕོབ་ཛཿཕོབ་ཛཿདེ་ནས་ཆུ་ཐུན་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ ཆུ་ཁམས་རང་གཤེད་རང་ལ་ཕོབ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྣམ་པར་ཤེས་པ་ཆོས་སྐུར་གྲོལ༔ དྲག་སྔགས༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་ཧུར་ཐུམ་རྦད་མཱ་ར་ཡ་ཕོབ་ཛཿཕོབ་ཛཿདེ་ནས་མེ་ཐུན་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ མེ་ཁམས་རང་གཤེད་རང་ལ་ཕོབ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྣམ་པར་ཤེས་པ་ཆོས་སྐུར་གྲོལ༔ དྲག་སྔགས༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་ཧུར་ཐུམ་རྦད་མཱ་ར་ཡ་ཕོབ་ཛཿཕོབ་ཛཿདེ་ནས་རླུང་ཐུན་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ རླུང་ཁམས་རང་གཤེད་རང་ལ་ཕོབ༔ སོད་ཅིག་ཐུལ་ཅིག་བརླག་པར་མཛོད༔ རྣམ་པར་ཤེས་པ་ཆོས་སྐུར་གྲོལ༔ དྲག་སྔགས༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་ཧུར་ཐུམ་རྦད་མཱ་ར་ཡ་ཕོབ་ཛཿཕོབ་ཛཿདེ་ནས་སྣང་སྲིད་ཡོ་ལོག་སྲིད་པའི་གཏོར་ཆེན་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ སྲིད་པ་ཡོ་ལོག་བྱེད་པའི་ཟོར༔ ཐོབ་ཅིག་སོད་ཅིག་བརླག་པར་གྱིས༔ རྣམ་པར་ཤེས་པ་ཆོས་སྐུར་གྲོལ༔ དྲག་སྔགས༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་ཧུར་ཐུམ་རྦད་མཱ་ར་ཡ་ཕོབ་ཛཿཕོབ་ཛཿདེ་ནས་མེ་སྒྱོགས་ཀྱིས་གདབ་པ་ནི༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ དུག་རྫས་མེ་ཡི་ཐོག་མདའ་རྒྱོབ༔ མེ་ཁམས་རང་གཤེད་རང་ལ་ཕོབ༔ རྗེས་ཤུལ་ཙམ་ཡང་མེད་པར་རློག༔ དྲག་སྔགས༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་སྲོག་ལ་ཧུར་ཐུམ་རྦད་མཱ་ར་ཡ་ཕོབ་ཛཿཕོབ་ཛཿདྲག་སྔགས་ཅི་རིགས་བརྗོད་པར་བྱ༔ ཨ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ བསྟན་དགྲའི་སྲོག་ལ་གཟའ་བོ་ཆེ༔ སྡེ་བརྒྱད་ཁྲ་ཚང་ཀིང་ཀང་འཕྱོ༔ འདོད་ཆགས་ཆུ་འཁྲུགས་ཞེ་སྡང་འབར༔ གཏི་མུག་མུན་ནག་སེར་རླུང་གཡོ༔ དུག་གསུམ་རང་གཤེད་རང་ལ་ཕོབ༔ དུག་ལྔས་བསྡུས་པའི་དགྲ་བགེགས་ཀྱི༔ རྣམ་པར་ཤེས་པ་ཁྱོད་ལ་སྡུད༔ གནོད་བྱེད་ནུས་པ་མེད་པར་གྱིས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མའི་ཁོངས་སུ་སོད༔ རྡོ་རྗེ་འཆང་གི་བཀའ་ཡིན་ཉོན༔ བཛྲ་ཀྲོ་དྷ་མ་ཧཱ་ཀཱ་ལ་རཱ་ཧུ་ལ་ཧ་ལ་ཧ་ལ་རཾ་རཾ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རྃ་རྃ་སྭཱ་ཧཱ༔ ཅེས་དུག་ཤིང་ཚེར་མ་ཅན་གྱི་མེ་ལ་བསྲེགས༔ དམོད་བཅོལ་བོར༔ དེ་ནས་བརྟན་མར་བཤལ་ཆུའི་གཏོར་མ་བཏང་༔ གཏོར་གཞོང་སྦུབས་འགུག་བྲོ་མནན་བྱ༔ བསྐྱེད་རྫོགས་རིམ་པ་གནད་ལྡན་གྱི༔ རྣལ་འབྱོར་གང་གིས་འདིར་བརྩོན་ན༔ དགྲ་དཔུང་རྡོ་རྗེ་ཡིན་ཀྱང་འཇིག༔ ཐོ་ཅོ་སྤྱོད་པའི་གང་ཟག་གིས༔ དྲག་ལས་བྱས་ཀྱང་རྟེན་འབྲེལ་ཙམ༔ ལྟར་སྣང་སྤྱོད་ལེགས་ཙམ་གྱིས་མཐུས༔ གཞན་བློ་ཚིམ་ཡང་ཅུང་ཟད་ཙམ༔ ཕན་ནུས་མེད་པའི་སྔགས་སྤྱོད་ཀྱི༔ ལད་མོ་ཡིན་པས་དེའི་ཁྱད་ཆོས༔ ངེས་པར་དོན་གྱི་སྔགས་སྤྱོད་ན༔ སྒྲུབ་པ་ལྷུར་ལེན་གནད་དུ་ཟུངས༔ དངོས་གྲུབ་རྣམ་གཉིས་མྱུར་བར་འགྲུབ༔ ལས་ཀ་ཕྲན་བུ་ལྟ་ཅི་སྨོས༔ བཀའ་སྲུང་དབང་ཕྱུག་ཆེན་པོ་དང་༔ གནོད་སྦྱིན་ཤན་པ་དམར་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་མཆོག་རབ་དང་བློ་རྒྱམ་ཆོས་རབ་བསོད་ནམས་བཅས་ཆོས་འདིའི་བཀའ་བབས་ཀྱི་སློབ་མ་འགས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་མཁའ་འགྲོ་གསང་བའི་བརྡ་རིས་ལས་ཞལ་བཤུས་ཏེ་ཁྲིགས་སུ་བསྡེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཟ་ཧོར་གྱི་རྣལ་འབྱོར་པ་བློ་མཆོག་ཡེ་ཤེས་ཀྱི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།