TTDL-ZABTER-01-KA-019
TTDL-ZABTER-01-KA-019
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་རིག་འཛིན་འདུས་པའི་སྲོག་འཁོར་དངོས་གྲུབ་གཏེར་བུམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༨༥༔ རིག་འཛིན་སྲོག་གི་འཁོར་ལོ་བཅངས་འདོད་ན༔ དར་རམ་རས་སམ་ཤོག་དཀར་དྲི་མེད་ལ༔ མུ་ཁྱུད་རིམ་པ་བརྒྱད་དུ་བསྐོར་བྱས་ཏེ༔ ལྟེ་བར་པདྨ་འབྱུང་གནས་ཀྱི༔ སྣང་བརྙན་སྣང་སྲིད་ཟིལ་གནོན་ལྟར༔ དེའི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་ཅིང་བསྲུང་སྐྱོབ་དམ་པ་མཛད་དུ་གསོལ༔ ཨོཾ་ཚེ་བྷྲུྃ་ཨ་ཡུརྫྙཱ་ན་ཚེ་བྷྲུྃ་རཀྵ་རཀྵ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿའཆང་བ་པོའི་ལུས་ངག་ཡིད་གསུམ་སྨིན་ཅིང་རྡོ་རྗེ་གསུམ་གྱི་རོལ་པར་འཕོས་ཤིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿདེའི་ཕྱི་རིམ་མུ་ཁྱུད་བཞི་པ་པདྨ་འདབ་མ་བརྒྱད་ལ༔ ཤར་ནས་རིམ་པར༔ བཛྲ་གུ་རུ་ཧཱུྃ་ཀཱ་ར་ཧཱུྃ༔ ཏིཥྛ་བཛྲ༔ བཛྲ་གུ་རུ་དྷ་ན་སཾསྐྲྀ་ཧཱུྃ༔ ཏིཥྛ་བཛྲ༔ བཛྲ་གུ་རུ་མཉྫུ་མི་ཏྲ་ཧཱུྃ༔ ཏིཥྛ་བཛྲ༔ བཛྲ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ༔ ཏིཥྛ་བཛྲ༔ བཛྲ་གུ་རུ་ནཱ་གརྫུ་ན་ཧཱུྃ༔ ཏིཥྛ་བཛྲ༔ བཛྲ་གུ་རུ་རམྦུ་གུ་ཧྱ་ཧཱུྃ༔ ཏིཥྛ་བཛྲ༔ བཛྲ་གུ་རུ་པྲ་བྷ་ཧསྟི་ཧཱུྃ༔ ཏིཥྛ་བཛྲ༔ བཛྲ་གུ་རུ་ཤཱནྟིཾ་གརྦྷ་ཧཱུྃ༔ ཏིཥྛ་བཛྲ༔ དེའི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ་པདྨ་འདབ་མ་བཅུ་དྲུག་བཀོད་མདུན་ངོས་ཀྱི་འདབ་མ་དང་པོ་ནས༔ ཧྲཱིཿམཿཧཿརིཿནིཿསཿརཿཙཿཧྲཱིཿཡཿཙིཏྟཿཧྲིཾཿཧྲིཾཿཛཿབྷྱོཿཛཿཞེས་ཡིག་མགོ་ཕྱིར་བསྟན་དུ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ༔ དབྱངས་དང་གསལ་བྱེད་རྟེན་སྙིང་མཐར༔ འཆང་བ་པོའི་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡེ་ཤེས་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཁོར་འདས་སྲིད་གསུམ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དུག་ལྔ་དུག་གསུམ་ལོག་པར་ལྟ་བའི་དགྲ་བགེགས་ཐམས་ཅད་བརླག་པར་གྱུར་ཅིག༔ མཱ་ར་ཡ་ཕཊ༔ འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ༔ དེའི་ཕྱི་རིམ་མུ་ཁྱུད་བདུན་པ་ལ་རྡོ་ར་དང་༔ མུ་ཁྱུད་བརྒྱད་པ་ལ་མེ་རིས་བསྐོར༔ རྫས་ལ་བཟང་དྲུག་གི་ཝང་ཙནྡན་གཉིས༔ བྱང་སེམས་དཀར་དམར་བདུད་རྩི་ཆོས་སྨན་བྱུག༔ འབྲུ་ཡི་རྡོ་རྗེ་རྒྱ་གྲམ་ལྟེ་བར་བཞག༔ ཚིག་བདུན་གསོལ་འདེབས་མཇུག་ཏུ་ཤམ་བུ་ནི༔ སརྦ་མ་ཧཱ་གུ་རུ་བཱིདྱ་དྷཱ་ར་བཛྲ་ས་མ་ཡ་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨ༔ བརྒྱ་རྩ་བརྗོད་པས་རབ་གནས་བྱ༔ སྒྲུབ་པའི་རྟེན་དུ་བཙུག་ནས་སུ༔ སྲོག་འཁོར་གཞལ་ཡས་ཁང་གསལ་ནང་༔ ཡིག་འབྲུ་ལྷ་ཡི་རོལ་པ་ནི༔ ལྷ་ཁང་ནང་དུ་ལྷ་བཀོད་ལྟར༔ འཁོར་བའི་དབུས་སུ་རང་ཉིད་བསྒོམ༔ དེ་ལྟར་གནད་དང་ལྡན་གྱུར་ན༔ ཕྱི་ནང་བར་ཆད་གེགས་སྒྲོལ་ཞིང་༔ དངོས་གྲུབ་ཀུན་གྱི་འབྱུང་གནས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་དགུ་ལ་བཀའ་རྒྱས་བཏབ་སྟེ།མཐར་སློབ་བུ་འཇིགས་མེད་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པ་ཡི་གེ་པའང་དེ་ཉིད་དོ།།དགེའོ།།སརྦ་མངྒ་ལཾ།།།།