TTDL-ZABTER-01-KA-012

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-012

༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་བླ་མ་སྒྲུབ་པའི་ཆ་ལག་བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༥༡༔ དབང་བྱིན་དངོས་གྲུབ་བསྡུ་བ་དང་༔ སྣོད་བཅུད་དཀྱིལ་འཁོར་ལ་སྦྱོར་ཕྱིར༔ དབང་བྱིན་འབེབས་པའི་ཆོ་ག་བསྟན༔ སྤོས་བསྲེགས་དར་གཡབ་རོལ་མོ་འཁྲོལ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ དགོངས་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ རང་སྣང་ལོངས་སྐུའི་ཞིང་ཁམས་ནས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ བརྡ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ གསང་བདག་ཕྱག་ན་རྡོ་རྗེ་ལ༔ སྙན་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སོ་ས་གླིང་གི་དུར་ཁྲོད་ནས༔ རིག་འཛིན་དགའ་རབ་རྡོ་རྗེ་ལ༔ ལྷ་མིའི་རིག་འཛིན་ཚོགས་ཀྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ རྒྱ་ནག་རི་བོ་རྩེ་ལྔ་ནས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༔ མ་མོ་ཌཱ་ཀིའི་ཚོགས་ཀྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ གུ་རུ་པདྨ་འབྱུང་གནས་ལ༔ བརྒྱུད་གསུམ་རིག་འཛིན་བླ་མས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ནས༔ རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ལ༔ ཟབ་མོ་གཏེར་བརྒྱུད་བླ་མས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ གཡའ་མ་ལུང་གི་དབེན་གནས་སུ༔ གྲུབ་ཆེན་འབྲོག་བན་ལོ་ཙཱ་ལ༔ ལས་ལྡན་དག་པའི་འཁོར༴གནས་འདིར་བྱིན་ཆེན༴སྣང་སྲིད་ཆོས་སྐུའི་གཞལ་ཡས་ནས༔ རིག་འཛིན་ཆོས་ཉིད་ཀློང་རྡོལ་ལ༔ རྩ་བརྒྱུད་བླ་མའི་ཚོགས༴གནས་འདིར་བྱིན་ཆེན༴སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས༔ རིག་འཛིན་དྲི་མེད་འོད་ཟེར་ལ༔ སྙིང་ཐིག་བརྒྱུད་པའི་བླ་མས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཤླཽ་ཀ་འདི་ཡང་བདེ་སྐྱོང་དབང་མོས་སོ།།ཧཱུ་ྃཧྲཱིཿདཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་མཆོག༔ རྡོ་རྗེ་པདྨ་ཐོད་ཕྲེང་རྩལ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ མི་འགྱུར་སྐུ་ཡི་དཀྱིལ་འཁོར་ནས༔ ཧཱུྃ་ཆེན་ཀཱ་ར་སྟོན་འཁོར་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཡོན་ཏན་ལྷུན་རྫོགས་དཀྱིལ་འཁོར་ནས༔ འཇམ་དཔལ་བཤེས་གཉེན་སྟོན༴ཆོས་ཀྱི་དབྱིངས་ལས་སྐུར༴གནས་འདིར་བྱིན་ཆེན༴པདྨ་གསུང་གི་དཀྱིལ༴ཀླུ་སྒྲུབ་སྙིང་པོ་སྟོན༴ཆོས་ཀྱི་དབྱིངས་ནས་སྐུར༴གནས་འདིར་བྱིན་ཆེན༴ཕྲིན་ལས་ལྷུན་གྲུབ་དཀྱིལ༴པྲ་བྷ་ཧསྟི་སྟོན༴ཆོས་ཀྱི་དབྱིངས་ནས་སྐུར༴གནས་འདིར་བྱིན་ཆེན༴རྦོད་གཏོང་མ་མོའི་དཀྱིལ༴དྷ་ན་སཾསྐྲྀ་སྟོན༴ཆོས་ཀྱི་དབྱིངས་ནས་སྐུར༴གནས་འདིར་བྱིན་ཆེན༴བདུད་རྩི་སྨན་གྱི་དཀྱིལ༴བི་མ་མི་ཏྲ་སྟོན༴ཆོས་ཀྱི་དབྱིངས་ནས་སྐུར༴གནས་འདིར་བྱིན་ཆེན༴དྲེགས་པ་ཟིལ་གནོན་དཀྱིལ༴རམ་བུ་གུ་ཧྱ་སྟོན༴ཆོས་ཀྱི་དབྱིངས་ནས་སྐུར༴གནས་འདིར་བྱིན་ཆེན༴མངོན་སྤྱོད་དྲག་པོའི་དཀྱིལ༴ཤཱནྟིཾ་གརྦྷ་སྟོན༴ཆོས་ཀྱི་དབྱིངས་ནས་སྐུར༴གནས་འདིར་བྱིན་ཆེན༴རང་སྣང་རྣམ་དག་སྤྲུལ་པའི་ཞིང་༔ རྗེ་འབངས་ཉེར་ལྔ་རིག་འཛིན་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར༴གནས་འདིར་བྱིན་ཆེན༴ལས་བཞི་ལྷུན་གྲུབ་དཀྱིལ་འཁོར་ནས༔ རྒྱལ་ཆེན་སྡེ་བཞི་གིང་ལང་བཅས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ དབང་དྲག་ཤན་པ་ཆེན་པོ་ལ༔ འཇིག་འདས་སྲུང་མའི་ཚོགས་ཀྱིས་བསྐོར༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་ཕོབ༔ གནས་ཡུལ་དུར་ཁྲོད་ཧེ་རུའི་ཞིང་༔ སྐུ་གསུམ་རྒྱལ་བ་སྲས་དང་བཅས༔ གནས་གསུམ་དཔའ་བོ་མཁའ་འགྲོ་དང་༔ རང་སྣང་སྒྱུ་འཕྲུལ་ཞི་དང་ཁྲོ༔ ཐུགས་རྗེའི་དབང་གིས་སྐུར་བཞེངས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ གནས་དང་སྒྲུབ་ཁང་སྒྲུབ་པའི་རྫས༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་བཅས༔ ཞིང་དང་གཞལ་ཡས་བདུད་རྩི་དང་༔ ཡེ་ཤེས་ལྷ་ཡི་རོལ་པ་རུ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བཅས༔ རྟགས་དང་མཚན་མ་བཟང་པོ་རྣམས༔ མ་གཡེལ་མ་འགྱངས་མྱུར་དུ་སྟོན༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨ་རལླི་ཕེཾ་ཕེཾ་ཛ་ཛཿཞེས་བྱིན་ཆེན་དབབ་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་བདེ་བའི་རྡོ་རྗེའི་ངོར་བདུད་འཇོམས་པས་སོ།།།།