TTDL-ZABTER-15-BA-073
TTDL-ZABTER-15-BA-073
དག་སྣང་ལས༔ གནོད་སྦྱིན་ཤན་པའི་ཕྱག་རྒྱ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ མདུན་དུ་མེ་རླུང་འཚུབས་འཁྱིལ་ཀློང་༔ གནོད་སྦྱིན་ཤན་པ་ཆེན་པོ་ནི༔ དམར་ནག་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་རལ་གྲི་གྲི་གུག་དང་༔ གཡོན་གཉིས་སྙིང་ཞགས་ཐོད་ཁྲག་བསྣམས༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་བསྐྲད༔ དབུ་སྐྲ་དམར་སེར་གྱེན་དུ་བརྗེས་༔ བེར་དམར་གསོལ་ཞིང་མེ་ཁྱུང་ཆིབས༔ དུར་ཁྲོད་ཆས་བརྒྱད་རྒྱན་དུ་རྫོགས༔ གསོད་བྱེད་དམར་མོ་ཡུམ་གྱིས་འཁྱུད༔ ཕྱག་ན་སྤུ་གྲི་དགྲ་སྙིང་བསྣམས༔ ཁྲོ་མོ་མི་བཟད་གཟིག་ཤམ་གསོལ༔ རང་འདྲའི་སྤུལ་པ་སྐར་ལྟར་འཁྲིགས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་སྣང་ཉམས་སོ༔