TTDL-ZABTER-13-PA-048

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-048

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཁྱབ་འཇུག་རཱ་ཧུ་ལའི་ཨོལ་བཀག་རྡོ་རྗེའི་མདུད་པ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨོལ་བཀག་རྡོ་རྗེའི་མདུད་པ་ལ༔ ཤོག་བུ་དཀར་དྭངས་ངོས་འཇམ་པར༔ ཆུ་རི་གཡོན་དུ་འཁྱིལ་བའི་དབུས༔ ཡི་གེ་ཐོ་བརྩེགས་ཧཱུྃ་བཛྲ་ཕཊ༔ གཡས་སུ་གཡས་ཀྱི་བུག་རལ་སིབ་སིབ་རུབ༔ བརྩེགས་མར་བྲིས༔ གཡོན་དུ༔ གཡོན་གྱི་བུག་རལ་ཛུབ་ལ་ཏི༔ བརྩེགས་མར་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཧཱུྃ་བཛྲ་ཕཊ༔ བཛྲ་ཏི་ཏི་སིབ་སིབ་ཏི་ལ་ན་པུ་ཀྵི་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ རྡོ་རྗེ་རྒྱ་གྲམ་བྲིས༔ རྒྱ་གྲམ་མགོ་བཞིའི་པདྨ་ལ༔ རཀྵ་རཀྵ༔ དེ་ལ་འབྱུང་ལྔའི་ས་སྙིང་གསེར་ཆུ་སྙིང་ལན་ཚྭ༔ མེ་སྙིང་གནམ་རལ་རླུང་སྙིང་ག་བུར་ནམ་མཁའི་སྙིང་པོ་བཅས།མཆན།སྙིང་པོ་བྱུག་ལ༔ དེ་སྐུ་གཟུགས་བཟོས་པའི་ལྐོག་མར་བཅུག་ན་ཟས་ནོར་ལོངས་སྤྱོད་འཕེལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་རྣལ་འབྱོར་དབང་ཕྱུག་ཀརྨ་དཔལ་བཟང་པོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།