TTDL-ZABTER-03-GA-048
TTDL-ZABTER-03-GA-048
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་བསྐང་བ་ཉམས་ཆག་རང་གྲོལ་ཞེས་བྱ་བ་བཞུགས་སོ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༥༦མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ རྡོ་རྗེའི་ཐེག་པའི་སྒོར་ཞུགས་ཏེ༔ སྒྲུབ་པ་ལྷུར་ལེན་བྱེད་པ་ལ༔ དངོས་གྲུབ་བར་ཆད་ཉམས་ཆག་སྟེ༔ དེ་བསལ་བཤགས་སྦྱང་ཚོགས་བསྐང་མཆོག༔ འབྱོར་ཚོགས་བཟའ་བཏུང་ལོངས་སྤྱོད་ཀུན༔ བསགས་ཏེ་ཚོགས་ཀྱི་འཁོར་ལོ་ཕུལ༔ ཁྱད་པར་ཤ་ཆང་ཟས་ཀྱི་མཆོག༔ བཟའ་བར་འོས་པ་ཟས་ཀྱི་རིགས༔ བཏུང་བར་འོས་པ་སྐྱེམས་ཀྱི་རིགས༔ ཉེ་བར་མཁོ་བ་སྤོད་ཀྱི་ཚོགས༔ བཤམས་ཏེ་ཡེ་ཤེས་བདུད་རྩི་རུ༔ བྱིན་གྱིས་བརླབ་ཅིང་འདོད་རྒུར་སྤེལ༔ དང་པོ་སྦྱང་སྔགས་རིམ་པ་ལ༔ ཚོགས་རྫས་མཆོད་རྫས་བསྐང་རྫས་ཀྱི་དངོས་པོ་ཐམས་ཅད་སྟོང་ཉིད་ནམ་མཁའི་དབྱིངས་སུ་ཞིག་ཅིང་འབྱམས་ཀླས་པར་གྱུར༔ ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་བཤིགས་ཏེ་དངོས་འཛིན་གྱི་དྲི་མ་སྦྱངས༔ སྟོང་པའི་ངང་ལས་ཕྱི་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ལ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པའི་སྟེང་དུ་མཆོད་རྫས་བཤམས་པའི་ངོ་བོ་དང་༔ སྣོད་བཅུད་འབྱུང་བའི་དྭངས་བཅུད་ཀྱི་ངོ་བོ་རྣམས་འོད་ཀྱི་རྣམ་པར་སྤྲིན་དཔུང་ལྟ་བུར་འདུས་པ་ལས༔ བཙོས་དང་རྗེན་ཤའི་རི་བོ༔ ཁུ་བ་ཁྲག་གི་རྒྱ་མཚོ༔ རྐང་དང་ཚིལ་ཞུན་གྱི་བྲག་རི༔ མར་དང་ཐུད་ཀྱི་རི་བོ༔ འོ་མ་ཞོ་ཡི་རྒྱ་མཚོ༔ མངར་གསུམ་བཅུད་ཀྱི་བྲག་རི༔ འབྲུ་སྣ་རྣམ་པ་སྣ་ཚོགས༔ ཤིང་ཐོག་རྣམ་པ་སྣ་ཚོགས༔ བཟའ་བ་ཟས་ཀྱི་རིགས་བྱེད༔ ཇ་ཆང་བཏུང་བའི་རིགས་བྱེད༔ མཐུན་རྫས་རྣམ་པ་སྣ་ཚོགས༔ མཆོད་རྫས་རྣམ་པ་སྣ་ཚོགས༔ རྟེན་རྫས་རྣམ་པ་སྣ་ཚོགས༔ བསྐང་རྫས་རྣམ་པ་སྣ་ཚོགས༔ བསྒྲུབ་རྫས་རྣམ་པ་སྣ་ཚོགས༔ ཕྱི་ཉེར་སྤྱོད་བདུན་གྱི་མཆོད་རྫས༔ ནང་འདོད་ཡོན་ལྔ་ཡི་མཆོད་རྫས༔ གསང་བ་བདུད་རྩི་སྨན་གྱི་རྒྱ་མཚོ༔ རཀྟ་དམར་གྱི་རྒྱ་མཚོ༔ བ་ལིང་གཏོར་མའི་རི་རབ༔ མར་མེ་དང་ཡོན་ཆབ༔ རྒྱལ་སྲིད་སྣ་བདུན༔ བཀྲ་ཤིས་རྟགས་བརྒྱད༔ རིན་ཆེན་སྣ་བདུན་ལ་སོགས་པའི་མཆོད་སྤྲིན་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ༔ རི་ལྟར་སྤུང་ཞིང་བརྗིད་པ༔ རྒྱ་མཚོ་ལྟར་འཁྱིལ་ཞིང་ཟབ་པ༔ ཉི་ཟླ་ལྟར་གསལ་ཞིང་འཚེར་བ་སོགས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་གྱུར༔ ཨོཾ་སརྦ་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ༔ བཛྲ་སྥ་ར་ཎ་ཁཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་བདུན་བརྗོད་ལ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཧྲཱིཿབདེ་ཆེན་པདྨ་འོད་ཀྱི་ཞིང་༔ ཟངས་མདོག་དཔར་རིའི་རྩེ་མོ་ནས༔ རིག་འཛིན་པད་འབྱུང་སྟོན་འཁོར་བཅས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ མ་ལུས་འཁོར་དང་བཅས་པ་རུ༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ རང་སྣང་དོན་གྱི་འོག་མིན་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་སོགས༔ ཞི་ཁྲོ་རྡོ་རྗེའི་དབྱིངས་ཀྱི་ལྷ༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་རྣམས༔ མ་ལུས་འཁོར་དང་བཅས་པ་ཀུན༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བདེ་གཤེགས་ཞི་བའི་ཐུགས་དམ་བསྐང་བ་ནི༔ ཧཱུྃ་ཧྲཱིཿབདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་ནས༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ བཅོམ་ལྡན་རྣམ་པར་སྣང་མཛད་ཐུགས་དམ་བསྐང་༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི༴ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན༴ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས༴བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བཅོམ་ལྡན་དོན་ཡོན་གྲུབ་པའི༴ཐུགས་དམ་བསྐང་ངོ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་རྡོ་རྗེའི་མཆེད་དང་ལྕམ་དྲལ་གྱིས༔ ཚེར་རབས་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་སྒྲིབ་གཉིས་བག་ཆགས་ལས་ཉོན་དང་༔ ཉམས་ཆག་ཉེས་ལྟུང་མ་ལུས་ཐམས་ཅད་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ ནམ་མཁའི་དབྱིངས་ཕྱུག་མ་ཡི་ཐུགས་དམ་བསྐང་༔ མེ་ལོང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ ཆུ་ཁམས་དབང་ཕྱུག་མ་ཡི་ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ ས་ཁམས་དབྱིངས་ཕྱུག་མ་ཡི་ཐུགས་དམ་བསྐང་༔ སོར་རྟོག་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ མེ་ཁམས་དབང་ཕྱུག་མ་ཡི༴བྱ་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རླུང་ཁམས་དབང་ཕྱུག་མ་ཡི༴ཐུགས་དམ་བསྐང་ངོ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་རྡོ་རྗེའི་མཆེད་དང་ལྕམ་དྲལ་གྱིས༔ ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་སྒྲིབ་གཉིས་བག་ཆགས་ལས་ཉོན་དང་༔ ཉམས་ཆག་ཉེས་ལྟུང་མ་ལུས་ཐབས་ཅད་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཧཱུྃ༔ མིག་གི་དབང་པོ་གནས་སུ་དག་པའི་དབྱིངས༔ སེམས་དཔའ་ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་༔ རྣ་བའི་དབང་པོ་གནས་སུ་དག་པའི་དབྱིངས༔ སེམས་དཔའ་བྱམས་པ་མགོན་པོའི༴སྣ་ཡི་དབང་པོ་གནས་སུ་དག་པའི་དབྱིངས༔ སེམས་དཔའི་ཀུན་ཏུ་བཟང་པོའི༴ལྕེ་ཡི་དབང་པོ་གནས་སུ་དག་པའི་དབྱིངས༔ སེམས་དཔའ་འཇམ་དཔལ་གཞོན་ནུའི༴ལུས་ཀྱི་དབང་པོ་གནས་སུ་དག་པའི་དབྱིངས༔ སེམས་དཔའ་སྤྱན་རས་གཟིགས་ཀྱི༴ཡིད་ཀྱི་དབང་པོ་གནས་སུ་དག་པའི་དབྱིངས༔ སེམས་དཔའ་ཕྱག་ན་རྡོ་རྗེའི༴ཉོན་ཡིད་དབང་པོ་གནས་སུ་དག་པའི་དབྱིངས༔ སེམས་དཔའ་ས་ཡི་སྙིང་པོའི༴ཀུན་གཞིའི་རྣམ་ཤེས་གནས་སུ་དག་པའི་དབྱིངས༔ བཅོམ་ལྡན་སྒྲིབ་པ་རྣམ་སེལ༴ཐུགས་དམ་བསྐང་ངོ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་རྡོ་རྗེའི་མཆེད་དང་ལྕམ་དྲལ་གྱིས༔ ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་སྒྲིབ་གཉིས་བག་ཆགས་ལས་ཉོན་དང་༔ ཉམས་ཆག་ཉེས་ལྟུང་མ་ལུས་ཐམས་ཅད་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཧཱུྃ༔ གཟུགས་སུ་སྣང་བ་གནས་སུ་དག་པའི་དབྱིངས༔ སེམས་མ་ཨཱ་ལོ་མ་ཡི་ཐུགས་དམ་བསྐང་༔ སྒྲ་རུ་སྣང་བ་གནས་སུ་དག་པའི་དབྱིངས༔ སེམས་མ་གཱིརྟི་མ་ཡི༴དྲི་རུ་སྣང་བ་གནས་སུ་དག་པའི་དབྱིངས༔ སེམས་མ་དྷུ་པེ་མ་ཡི༴རོ་རུ་སྣང་བ་གནས་སུ་དག་པའི་དབྱིངས༔ སེམས་མ་ནིརྟི་མ་ཡི༴རེག་བྱའི་སྣང་བ་གནས་སུ་དག་པའི་དབྱིངས༔ སེམས་མ་པུཥྤེ་མ་ཡི༴ཆོས་ཁམས་སྣ་ཚོགས་གནས་སུ་དག་པའི་དབྱིངས༔ སེམས་མ་མཱ་ལེ་མ་ཡི༴བདག་ཏུ་སྣང་བ་གནས་སུ་དག་པའི་དབྱིངས༔ སེམས་མ་ལཱ་སེ་མ་ཡི༔ ཕྲ་མོའི་ཏིང་འཛིན་རྟོག་པ་གནས་དག་དབྱིངས༔ སེམས་མ་གནྡྷེ་མ་ཡི༴ཐུགས་དམ་བསྐང་ངོ་གསན་ཅིང་སོགས་གྱུར་ཅིག༔ ཧཱུྃ༔ ཉོན་མོངས་ང་རྒྱལ་རྟོག་པ་རྣམ་དག་དབྱིངས༔ བཅོམ་ལྡན་དབང་པོ་བརྒྱ་བྱིན་ཐུགས༴ཉོན་མོངས་ཕྲག་དོག་རྟོག་པ་རྣམ་དག་དབྱིངས༔ བཅོམ་ལྡན་ཐག་བཟང་རིས་མཆོག་ཐུགས༴ཉོན་ཤེས་འཁྲུལ་བ་གནས་སུ་དག་པའི་དབྱིངས༔ བཅོམ་ལྡན་ཤཱཀྱ་ཐུབ་པའི་ཐུགས༴ཉོན་མོངས་གཏི་མུག་རྟོག་པ་རྣམ་དག་དབྱིངས༔ བཅོམ་ལྡན་སེང་གེ་རབ་བརྟན་ཐུགས༴ཉོན་མོངས་འདོད་ཆགས་རྟོག་པ་རྣམ༴བཅོམ་ལྡན་ཁ་འབར་དྷེ་ཝའི་ཐུགས༴ཉོན་མོངས་ཞེ་སྡང་རྟོག་པ་རྣམ༴བཅོམ་ལྡན་ཆོས་ཀྱི་རྒྱལ་པོའི་ཐུགས༴ཐུགས་དམ་བསྐང་ངོ་གསན་ཅིང་སོགས༔ ཧཱུྃ༔ རྟག་པར་ལྟ་བ་གནས་སུ་དག་པའི་དབྱིངས༔ སྒོ་བ་རྣམ་པར་རྒྱལ་བའི་ཐུགས༴ཆད་པར་ལྟ་བ་གནས་སུ་དག༴སྒོ་བ་གཤིན་རྗེའི་གཤེད་པོའི་ཐུགས༴བདག་ཏུ་ལྟ་བ་གནས་སུ་དག༴སྒོ་བ་རྟ་མགྲིན་རྒྱལ་པོའི་ཐུགས༴མཚན་མར་ལྟ་བ་གནས་སུ་དག༴སྒོ་བ་བདུད་རྩི་འཁྱིལ་བའི་ཐུགས༴ཐུགས་དམ་བསྐང་ངོ་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་རྡོ་རྗེ་མཆེད་དང་ལྕམ་དྲལ་གྱིས༔ ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིགས་སྒྲིབ་གཉིས་བག་ཆགས་ལས་ཉོན་དང་༔ ཉམས་ཆག་ཉེས་ལྟུང་མ་ལུས་ཐམས་ཅད་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཧཱུྃ༔ བརྫུས་སྐྱེས་ཞེན་པ་གནས་སུ་དག་པའི་དབྱིངས༔ སྒོ་མ་ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་༔ མངལ་སྐྱེས་ཞེན་པ་གནས་སུ་དག༴སྒོ་མ་ཞགས་པ་མ་ཡི་ཐུགས༴དྲོད་གཤེར་ལས་སྐྱེས་ཞེན་པ་གནས་དག་དབྱིངས༔ སྒོ་མ་ལྕགས་སྒྲོག་མ་ཡི་ཐུགས༴སྒོང་སྐྱེས་ཞེན་པ་གནས་སུ་དག་པའི་དབྱིངས༔ སྒོ་མ་དྲིལ་བུ་མ་ཡི་ཐུགས༴ཐུགས་དམ་བསྐང་ངོ་གསན་ཅིང་སོགས༔ དེ་ནས་ཁྲག་འཐུང་ཁྲོ་བོའི་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ མངོན་རྫོགས་རྒྱལ་པོ་འཁོར་འདས་སྤྱི་དཔལ་མཆོག༔ ཆེ་མཆོག་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་༔ གཏི་མུག་རྡོ་རྗེས་གཏི་མུག་འཇོམས་མཛད་དཔལ༔ བུདྡྷ་ཧེ་རུ་ཀ་ཡི་ཐུགས༴ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས་མཛད་དཔལ༔ བཛྲ་ཧེ་རུ་ཀ་ཡི་ཐུགས༴ང་རྒྱལ་རྡོ་རྗེས་ང་རྒྱལ་འཇོམས་མཛད་དཔལ༔ རཏྣ་ཧེ་རུ་ཀ་ཡི་ཐུགས༴འདོད་ཆགས་རྡོ་རྗེས་འདོད་ཆགས་འཇོམས་མཛད་དཔལ༔ པདྨ་ཧེ་རུ་ཀ་ཡི་ཐུགས༴ཕྲག་དོག་རྡོ་རྗེ་ཕྲག་དོག་འཇོམས་མཛད་དཔལ༔ ཀརྨ་ཧེ་རུ་ཀ་ཡི་ཐུགས༴ཐུགས་དམ་བསྐང་ངོ་གསན་ཅིང་སོགས༔ ཧཱུྃ༔ འཁོར་འདས་སྟོང་ཆེན་དབྱིངས་ཀྱི་ལྷུམས་སུ་ཆོས༔ ཡུམ་ཆེན་གནམ་ཞལ་མ་ཡི་ཐུགས༴ནམ་མཁའ་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་མོ༔ བུདྡྷ་ཀྲོ་དྷི་མ་ཡི་ཐུགས༴ཆུ་ཁམས་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་མོ༔ བཛྲ་ཀྲོ་དྷི་མ་ཡི་ཐུགས༴ས་ཁམས་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་མོ༔ རཏྣ་ཀྲོ་དྷི་མ་ཡི་ཐུགས༴མེ་ཁམས་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་མོ༔ པདྨ་ཀྲོ་དྷི་མ་ཡི་ཐུགས༴རླུང་ཁམས་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་མོ༔ ཀརྨ་ཀྲོ་དྷི་མ་ཡི་ཐུགས༴ཐུགས་དམ་བསྐང་ངོ་སོགས༔ ཧཱུྃ༔ མིག་གི་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་ཀཽ་རི་མ་ཡི་ཐུགས༴རྣ་བའི་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་ཙོའུ་རི་མ་ཡི་ཐུགས༴སྣ་ཡི་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་པྲ་མོ་ཧ་ཡི་ཐུགས༴ལྕེ་ཡི་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་བཻ་ཏ་ལི་ཡི་ཐུགས༴ལུས་ཀྱི་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་པུཥྐ་སི་ཡི་ཐུགས༴ཡིད་ཀྱི་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་ཀསྨ་རི་ཡི་ཐུགས༴ཉོན་ཡིད་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་ཙནྡྷ་ལི་ཡི་ཐུགས༴ཀུན་གཞིའི་རྣམ་ཤེས་རྣམ་པར་དག་པའི་དབྱིངས༔ མ་མོ་སྨེ་ཤ་ནི་ཡི་ཐུགས༴ཐུགས་དམ་བསྐང་ངོ་སོགས༔ ཧཱུྃ༔ གཟུགས་སུ་སྣང་བ་དབྱིངས་སུ་དག་པའི་གདངས༔ སིང་ཧ་མུ་ཁ་མ་ཡི་ཐུགས་དམ་བསྐང་༔ སྒྲ་རུ་སྣང་བ་དབྱིངས་སུ་དག་པའི་གདངས༔ བྱ་ཀྲྀ་མུ་ཁ་མ་ཡི་ཐུགས༴དྲི་རུ་སྣང་བ་དབྱིངས་སུ་དག་པའི་གདངས༔ སྲི་ལ་མུ་ཁ་མ་ཡི་ཐུགས༴རོ་རུ་སྣང་བ་དབྱིངས་སུ༴ཤྭ་ན་མུ་ཁ་མ་ཡི་ཐུགས༴རེག་བྱའི་སྣང་བ་དབྱིངས་སུ༴ཀྲྀ་ཏ་མུ་ཁ་མ་ཡི་ཐུགས༴ཆོས་ཅན་སྣང་བ་དབྱིངས་སུ༴ཀཾ་ཀ་མུ་ཁ་མ་ཡི་ཐུགས༴སྟོང་འཛིན་སྣང་བ་དབྱིངས་སུ༴ཧུ་ལུ་མུ་ཁ་མ་ཡི་ཐུགས༴ཐུགས་དམ་བསྐང་ངོ་སོགས༔ ཧཱུྃ༔ བརྫུས་སྐྱེས་སྣང་བ་དབྱིངས་སུ་དག་པའི་གདངས༔ སྒོ་མ་རྟ་གདོང་མ་ཡི༴མངལ་སྐྱེས་སྣང་བ་དབྱིངས་སུ༴སྒོ་མ་ཕག་གདོང་མ་ཡི༴སྒོང་སྐྱེས་སྣང་བ་དབྱིངས་སུ༴སྒོ་མ་སེང་གདོང་མ་ཡི༴དྲོད་སྐྱེས་སྣང་བ་དབྱིངས་སུ༴སྒོ་མ་སྦྲུལ་གདོང་མ་ཡི༴ཐུགས་དམ་བསྐང་ངོ་སོགས༔ བྷྱོ༔ སྲིན་མོ་དཀར་སྨུག་རྡོ་རྗེ་ཐོག་མདའ་འཕེན༔ མ་མོ་གཡག་གདོང་མ་ཡི༴ཚངས་པ་དཀར་སེར་པདྨ་བུམ་པ་འཛིན༔ མ་མོ་སྦྲུལ་གདོང་མ་ཡི༴ལྷ་ཆེན་དཀར་ལྗང་ཏྲི་ཤུལ་དུང་ཁྲག་འཐུང་༔ མ་མོ་གཟིག་གདོང་མ་ཡི༴གཏོགས་འདོད་དཀར་མོ་འཁོར་ལོ་དུང་ཁྲག་འཐུང་༔ མ་མོ་སྤྲེལ་གདོང་མ་ཡི༴གཞོན་ནུ་དཀར་མོ་མདུང་ཐུང་འགེངས་ཤིང་འདེབས༔ མ་མོ་དྲེད་གདོང་མ་ཡི༴བརྒྱ་བྱིན་དཀར་མོས་རྒྱུ་མའི་ཞགས་པ་འཕེན༔ མ་མོ་དོམ་མགོ་མ་ཡི༴ཐུགས་དམ་བསྐང་ངོ་སོགས༔ བྷྱོ༔ རྡོ་རྗེ་སེར་མོ་སྤུ་གྲི་དུང་ཁྲག་འཐུང་༔ མ་མོ་ཕ་ཝཾ་གདོང་མའི༴ཞི་བ་དམར་སེར་བུམ་པ་ཐོད་ཕྲེང་འདྲེན༔ མ་མོ་ཆུ་སྲིན་གདོང་ཅན༴བདུད་རྩི་སེར་མོ་པདྨ་ཞགས་པ་བསྣམས༔ མ་མོ་སྡིག་གདོང་མ་ཡི༴ཟླ་བ་དཀར་མོ་རྡོ་རྗེ་དུང་ཁྲག་ཅན༔ མ་མོ་ཁྲ་གདོང་མ་ཡི༴བེ་ཅོན་ལྗང་ནག་དབྱུག་ཏོ་སྡིགས་མཛུབ་ཅན༔ མ་མོ་ཝ་གདོང་མ་ཡི༴སྲིན་མོ་སེར་ནག་ལྕགས་ཀྱུ་ཐོད་ཁྲག་ཅན༔ མ་མོ་སྟག་གི་གདོང་ཅན༴ཐུགས་དམ་བསྐང་ངོ་སོགས༔ བྷྱོ༔ ཟ་བ་དམར་ལྗང་བེ་ཅོན་གློ་སྙིང་ཐོགས༔ མ་མོ་བྱ་རྒོད་གདོང་ཅན༔ དགའ་བ་དམར་མོ་ལྕགས་སྒྲོག་པདྨ་བསྣམས༔ མ་མོ་རྟ་གདོང་མ་ཡི༴སྟོབས་ཆེན་དཀར་དམར་དབྱུག་ཐོ་ཞགས་པ་འཛིན༔ མ་མོ་ཁྱུང་གདོང་མ་ཡི༴སྲིན་མོ་དམར་སྨུག་རྡོ་རྗེ་འཁོར་ལོ་འཛིན༔ མ་མོ་ཁྱི་གདོང་མ་ཡི༴འདོད་པ་དམར་སེར་མདའ་གཞུ་འགེངས་ཤིང་འཕེན༔ མ་མོ་པུ་ཤུད་གདོང་མའི༴ནོར་སྲུང་དམར་ལྗང་བུམ་པ་མེ་ལོང་ཐོགས༔ མ་མོ་ཤ་བའི་གདོང་ཅན༴ཐུགས་དམ་བསྐང་ངོ་སོགས༔ བྷྱོ༔ རླུང་ལྷ་ལྗང་གུ་བ་དན་རླུང་ཞགས་བསྣམས༔ མ་མོ་སྤྱང་གདོང་མ་ཡི༴མི་མོ་དམར་མོ་གསལ་ཤིང་མེ་ཞགས་ཅན༔ མ་མོ་སྐྱིན་གདོང་མ་ཡི༴ཕག་མོ་ལྗང་ནག་ལག་གཉིས་མཆེ་ཞགས་ཐོགས༔ མ་མོ་ཕག་གདོང་མ་ཡི༴རྡོ་རྗེ་ལྗང་དམར་ཞིང་ཆུང་མགོ་ནས་འཇོམས༔ མ་མོ་ཁ་གདོང་མ་ཡི༴སྣ་ཆེན་ལྗང་དཀར་བམ་ཆེན་ཐོགས་ནས་ཟ༔ མ་མོ་གླང་གདོང་མ་ཡི༴ཆུ་ལྷ་ལྗང་སྔོན་སྦྲུལ་གྱི་ཞགས་པ་ཐོགས༔ མ་མོ་སྦྲུལ་གདོང་མ་ཡི༴ཐུགས་དམ་བསྐང་ངོ་སོགས༔ ཛཿསྙིང་རྗེའི་ལྕགས་ཀྱུས་ཁམས་གསུམ་འགུགས་བྱེད་མ༔ སྒོ་མ་ཁུ་བྱུག་གདོང་ཅན༴བྱམས་པའི་ཞགས་པས་སྲིད་གསུམ་འཆིང་བར་བྱེད༔ སྒོ་མ་ར་གདོང་མ་ཡི༴དགའ་བའི་སྒྲོག་གིས་ཐམས་ཅད་རྨོངས་པར་བྱེད༔ སྒོ་མ་སེང་གདོང་མ་ཡི༴བཏང་སྙོམས་དྲིལ་བུས་འཁོར་བ་དབྱིངས་སུ་མྱོས༔ སྒོ་མ་སྦྲུལ་གདོང་མ་ཡི༴ཐུགས་དམ་བསྐང་ངོ་སོགས༔ ཧོཿས་ལམ་ཡོན་ཏན་ཡེ་ཤེས་ཡོངས་རྫོགས་པའི༔ བླ་མ་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐང་༔ སྣ་ཚོགས་ཐབས་ཀྱི་འགྲོ་བ་འདུལ་མཛད་ཅིང་༔ དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་མཛད༔ སངས་རྒྱས་བསྟན་པ་མཐའ་རྒྱས་ཐབས་མངའ་བ༔ སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས༴ཡེ་སངས་རྒྱས་ཀྱང་འགྲོ་བའི་དོན་མཛད་ཕྱིར༔ ཟིལ་གནོན་རྒྱལ་ཆེན་རྣམ་བཞིའི་སྐུར་བཞེངས་ཏེ༔ འགྲོ་ལ་དགོས་འདོད་ཡིད་བཞིན་ཆར་དུ་འབེབས༔ ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞིའི༴རྒྱལ་བའི་བསྟན་པ་བསྲུང་བར་ཞལ་བཞེས་པ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ བདུད་དང་རཱུ་དྲ་ཞིང་བཅུ་སྒྲོལ་མཛད་པ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་གསན་ཅིང་དགོངས་སུ་གསོལ༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་༔ གསང་བ་སྨན་གཏོར་རཀྟས་ཐུགས་དམ་བསྐང་༔ ཏ་ན་ག་ན་སྦྱོར་སྒྲོལ་ཐུགས་དམ་བསྐང་༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ བདག་ཅག་རྡོ་རྗེའི་མཆེད་དང་ལྕམ་དྲལ་གྱིས༔ ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་སྒྲིབ་གཉིས་བག་ཆགས་ལས་ཉོན་དང་༔ ཉམས་ཆག་ཉེས་ལྟུང་མ་ལུས་ཐམས་ཅད་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ དེ་ནས་མར་མེའི་བསྐང་བ་དང་སྨོན་ལམ་ལ༔ ཧཱུྃ༔ རིན་ཆེན་ཀོང་བུ་མཛེས་ཤིང་ཡངས་པའི་ནང་༔ འབྲུ་དང་རྩི་མར་མར་ཁུས་གཏམས་བྱས་ཏེ༔ ལྷ་ཤིང་རས་དཀར་གྱིས་དཀྲིས་སྡོང་བུ་བཙུགས༔ ཉི་མ་ཟླ་བ་ལྟ་བུར་འོད་གསལ་ཞིང་༔ དབང་པོའི་གཞུ་ལྟར་མཛེས་པའི་མདངས་དང་ལྡན༔ རྒྱལ་བ་སྲས་བཅས་ཐུགས་དམ་བསྐང་ཕྱིར་འབུལ༔ མཐིང་གསལ་མདངས་དང་ལྡན་པའི་མར་མེ་འདིས༔ སངས་རྒྱས་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ མ་རིག་གཏི་མུག་རྨོངས་པའི་མུན་སེལ་ཏེ༔ ཆོས་དབྱིངས་ཡེ་ཤེས་རང་ཞལ་མཐོང་བར་ཤོག༔ དཀར་གསལ་མདངས་དང་ལྡན་པའི་མར་མེ་འདིས༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་ཞེ་སྡང་འཁྲུལ་པ་རྣམ་དག་ནས༔ མེ་ལོང་ཡེ་ཤེས་རང་ཞལ་མཐོང་བར་ཤོག༔ སེར་གསལ་མདངས་དང་ལྡན་པའི་མར་མེ་འདིས༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་ང་རྒྱལ་རྟོག་པ་རྣམ་དག་ནས༔ མཉམ་ཉིད་ཡེ་ཤེས་རང་ཞལ་མཐོང་བར་ཤོག༔ དམར་གསལ་མདངས་དང་ལྡན་པའི་མར་མེ་འདིས༔ པདྨ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་འདོད་ཆགས་རྟོག་པ་རྣམ་དག་ནས༔ སོར་རྟོག་ཡེ་ཤེས་རང་ཞལ་མཐོང་བར་ཤོག༔ ལྗང་གསལ་མདངས་དང་ལྡན་པའི་མར་མེ་འདིས༔ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་ཕྲག་དོག་རྟོག་པ་རྣམ་དག་ནས༔ བྱ་གྲུབ་ཡེ་ཤེས་རང་ཞལ་མཐོང་བར་ཤོག༔ ཡེ་ཤེས་ལྔ་ལྡན་གསལ་བའི་སྒྲོན་མེ་འདིས༔ རྒྱལ་བའི་ཞིང་ཁམས་རབ་འབྱམས་ཡོངས་ཁྱབ་སྟེ༔ འགྲོ་ཀུན་ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རང་སྣང་དག་པའི་ལྷ་ཞལ་མཐོང་བར་ཤོག༔ ཀུན་ཁྱབ་མདངས་ལྡན་གསལ་བའི་མར་མེ་འདིས༔ ཁམས་སུ་གནས་རིགས་ཀུན་ལ་ཡོངས་ཁྱབ་ཅིང་༔ དུག་གསུམ་མལ་དུབ་མུན་པ་དབྱིངས་སངས་ཏེ༔ སྐུ་གསུམ་ལྷུན་གྲུབ་རང་ཞལ་མངོན་གྱུར་ཤོག༔ དེ་ལྟར་བསྐང་བཤགས་བྱས་པའི་མཐུ་བྱིན་དང་༔ གསང་སྔགས་རྡོ་རྗེ་ཐེག་པའི་རྟེན་འབྲེལ་མཐུས༔ བདག་ཅག་རྡོ་རྗེའི་མཆེད་ལྕམ་གཟུངས་མར་བཅས༔ བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ས་མ་ཡ༔ གསང་སྔགས་ཟབ་མོའི་སྒོར་ཞུགས་པའི༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་རྫོགས་སྒྲིབ་པ་དག་པའི་ཕྱིར༔ འདི་ནི་ཡང་ཟབ་བླ་ན་མེད༔ འབྱོར་ཚོགས་འདོད་ཡོན་ཅི་རིགས་པ༔ དངོས་སུ་འབྱོར་ལ་ཡིད་ཀྱིས་སྤྲུལ༔ བློ་ཡིས་བླང་སྟེ་ཚོགས་ཞིང་གི༔ སྤྱན་སྔར་མོས་གུས་དྲག་པོས་ཕུལ༔ སྟོབས་བཞིའི་སྟོབས་ཀྱིས་ཉེས་ལྟུང་བཤགས༔ ཡི་གེ་བརྒྱ་པ་ཅི་ནུས་བཟླས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་ཁྲག་འཐུང་རིག་འཛིན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་བརྒྱད་འདས་པའི་རྗེས་སུ་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་ཡང་ཡང་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་ཀྱིས་བགྱིས་པའི་དགེ་བས་བསྟན་འགྲོ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།