TTDL-ZABTER-13-PA-069
TTDL-ZABTER-13-PA-069
མ་མོ་རེ་མ་ཏཱིའི་བསྐང་གསོལ་བསྡུས་པ་བཞུགས་སོ༔ ཅི་འབྱོར་མཆོད་པའི་བྱེ་བྲག་བཤམས༔ རཾ་ཡཾ་ཁཾ་གིས་མ་དག་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར༔ བྷྱོ༔ བྱང་ཤར་མུ་ལེ་གཏིང་གི་རུང་༔ ཁྲག་ཞག་རྦ་ཀློང་འཁྲུགས་པ་ནས༔ མ་ཅིག་དཔལ་ལྡན་རེ་མ་ཏཱི༔ དད་དང་དམ་ཚིག་གཉན་གྱིས་འབོད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ འབྱོར་ཚོགས་འདོད་ཡོན་ལོངས་སྤྱོད་འདི༔ མ་མོ་ཆེན་མོ་དགྱེས་ཕྱིར་འབུལ༔ སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང་༔ རེ་མ་ཏཱི་ཡི་ཐུགས་དམ་བསྐང་༔ མ་མོ་ནག་མོའི༴དཔལ་ལྡན་ལྷ་མོའི༴འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ འགལ་འཁྲུལ་ཉེས་བྱས་ཐམས་ཅད་བཤགས༔ འབྲལ་མེད་ལུས་དང་གྲིབ་བཞིན་འགྲོགས༔ མི་ཡི་དགྲ་ལྷ་ཕྱུག་གི་གཡང་༔ ནོར་དང་ཟས་ཀྱི་དཀོར་སྲུང་མཛོད༔ འདོད་རྒུའི་ལོངས་སྤྱོད་གཏེར་དུ་སྩོལ༔ མི་མཐུན་རྐྱེན་བཟློག་དགྲ་འདྲེ་སོད༔ སྲིད་པའི་ལེགས་ཉེས་ཁྱོད་ཀྱི་དབང་༔ འདི་ཕྱི་ཀུན་ཏུ་བདེ་ལེགས་སྩོལ༔ མ་མ་བཛྲ་ས་མ་ཡ༔ ཅི་མང་བསྐྱལ་བས་དགེ་ལེགས་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་གུ་དྲག་གི་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེའོ།།སརྦ་མངྒ་ལཾ།།དགེའོ།།།།