TTDL-ZABTER-13-PA-111

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-111

བཀའ་སྲུང་དྲེགས་པའི་གསོལ་མཆོད་བདེ་ལེགས་ཀུན་འབྱུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཟས་ཀྱི་བྱེ་བྲག་ཅི་རིགས་པ༔ བཤམ་ཞིང་ནམ་མཁའ་མཛོད་སྔགས་བརྗོད༔ འདོད་ཡོན་ནམ་མཁའ་མཉམ་པར་སྤེལ༔ ཀྱཻ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཞིང་བློན་སྡེ་དགུ་ལ་སོགས་པའི༔ སྨན་སྐྱོང་སྲུང་མ་འཁོར་དང་བཅས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ཏེ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ བཀའ་ལ་ཉོན་ཅིག་བཀའ་སྲུང་རྣམས༔ དམ་ལ་མ་འདའ་དམ་ཚིག་ཅན༔ ཅི་བསམ་དོན་རྣམས་ཡོངས་གྲུབ་མཛོད༔ ཅེས་འཇམ་དབྱངས་ཨོ་རྒྱན་ཕུན་ཚོགས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།།།