TTDL-ZABTER-15-BA-015
TTDL-ZABTER-15-BA-015
དག་སྣང་ཡེ་ཤེས་དྲྭ་བ་ལས༔ མགོན་པོ་འཇམ་དཔལ་དབྱངས་ཀྱི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ཧྲཱིཿདུས་གསུམ་རྒྱལ་བའི་མཁྱེན་གཉིས་ཡེ་ཤེས་དཔལ༔ ཡོངས་འདུས་བདག་ཉིད་མགོན་པོ་འཇམ་པའི་དབྱངས༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བདག་བློའི་མ་རིག་མུན་པ་བསལ་དུ་གསོལ༔ ཧྲཱིཿདྷི་མ་མི་དྷི་པཾ་མཛྙཱ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྔྷ་ནི་ཧྲཱིཿདྷི་སྭཱ་ཧཱ༔ མགོན་པོ་འཇམ་དཔལ་ཡིད་ལ་བྱས་ནས་སུ༔ སྔགས་འདི་བརྗོད་པས་ཤེས་རབ་རྩ་ཁ་འབྱེད༔ རིག་པའི་གནས་ཆེན་ཀུན་ལ་མཁས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀཞེས་ཀུན་བཟང་བདེ་ཆེན་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་པས་སོ།།དགེའོ།དགེའོ།།དགེའོ།།མི་བརྗེད་པའི་གཟུངས་བཞུགས་སོ༔ ཧྲཱིཿདྷི་དྷརྨ་ག་ག་ཧྲཱིཾ༔ ཞེས་ཤུ་དག་དཀར་པོ་ལ་སྔགས་འདི་བཏབ་ཅིང་ཟོས་པས་ཤེས་རབ་མེ་ལྟར་འབར་ཞིང་མི་བརྗེད་པའི་གཟུངས་ཐོབ་བོ།རིགས་སྲས་དྲི་མེད་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེ་སྨྲས་པ་དགེའོ།།།།