TTDL-ZABTER-15-BA-111

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-111

བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་།།ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་མཐུས།།གནས་འདིར་བརྟེན་བཅས་ཡེ་ཤེས་འཇིག་རྟེན་གྱི༔ ལྷ་དང་སྲུང་མ་གཞི་བདག་ལྷ་འདྲེའི་སྡེ།།མ་ལུས་ལུས་པ་མེད་པའི་སྤྱོད་ཡུལ་དུ།།འདོད་རྒུའི་དཔལ་ཡོན་མི་ཟད་གཏེལ་ཆེན་པོ།།འབྱུང་ཞིང་མི་ཟད་གཏེར་སྤྱོད་གྱུར་ཅིག།ཅེས་ལན་གསུམ་བརྗོད་མཐར་ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད།ཀྱཻ། ས་ཕྱོགས་ཡུལ་རི་དབེན་གནས་འདིར།།བརྟེན་བཅས་དྲེགས་པའི་ལྷ་འདྲེའི་ཚོགས།།མ་ལུས་འཁོར་དང་བཅས་པ་ལ།།གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་།།བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱིས།།ཞི་རྒྱས་དབང་དང་དྲག་པོའི་ལས།།གང་བརྩམས་ཐོགས་མེད་མྱུར་འགྲུབ་མཛོད།།སྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཀུན།།འབད་མེད་ལྷུན་གྱིས་དགྲུབ་པ་དང་།།དཀར་པོ་དགེ་བའི་སྡོང་གྲོགས་མཛོད།།བར་ཆད་དགྲ་བགེགས་རྡུལ་དུ་རློགས།།དུས་གསུམ་རྒྱས་བ་སྲས་བཅས་ཀྱི།།བཀའ་དམ་གཉན་པོ་དཔང་བཙུག་གོ།མ་འདའ་བཛྲ་ས་མ་ཡ།།སརྦ་དྷརྨ་པཱ་ལ།སརྦ་ཀྵེ་ཊ་པཱ་ལ།སརྦ་ལོ་ཀ་པཱ་ལ།སརྦ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁཁ་ཁཱ་ཧི།ཞེས་པའང་བདུད་འཇོམས་པས་སོ།།ཁང་ལུང་གནས་ལ་གསོལ་མཆོད་དུ་མཛད་པའོ།།།།