TTDL-ZABTER-01-KA-015

From Dudjom Wiki
Revision as of 09:36, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-01-KA-015
Wylie title TTDL-ZABTER-01-KA-015.pdf
Location bdud 'joms gling pa zab gter
Volume 1, Text 15, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་སྒྲུབ་པའི་ཆ་ལག་ཚེ་འགུགས་འོད་ཀྱི་དྲྭ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༧༣༔ བདག་ཉིད་ཆེན་པོ་པད་འབྱུང་ངས༔ ཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིར༔ ཚེ་འགུགས་འོད་ཀྱི་དྲྭ་བ་བསྟན༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ མདའ་དར་མཛེས་ལྡན་ལག་ཏུ་ཐོགས༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿནུབ་ཕྱོགས་བདེ་ཆེན་པདྨ་འོད༔ ལྷུན་གྲུབ་དག་པའི་ཞིང་ཁམས་ནས༔ བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད༔ གོས་དཀར་བདེ་ཆེན་ཡུམ་དང་སྦྱོར༔ ཚེ་བདག་རྒྱལ་བ་རིགས་ལྔ་དང་༔ ཚེ་ཡི་ལྷ་མོ་མགྱོགས་མ་ལྔ༔ སྒྱུ་འཕྲུལ་སྤྲུལ་པའི་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ བླ་ཚེ་ཆད་ཉམས་ཡར་བ་ཁུག༔ འཁོར་འདས་ལམ་གསུམ་ཚེ་བཅུད་བསྡུས༔ རྣལ་འབྱོར་སྒོ་གསུམ་ལ་བསྟིམས་ཏེ༔ འགྱུར་མེད་རྡོ་རྗེའི་ཚེ་རྒྱས་ཐོབས༔ མི་གཡོ་རབ་ཏུ་བརྟན་པར་མཛོད༔ ཧཱུྃ་ཧྲཱིཿརྔ་ཡབ་དཔལ་རིའི་ཞིང་ཁམས་ནས༔ འཆི་མེད་རིག་འཛིན་པདྨ་འབྱུང་༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་ཡུམ༔ རིག་འཛིན་དཔའ་བོ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོའི་ཚོགས་དང་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ བླ་ཚེ་ཆད་ཉམས་ཡར་བ་ཁུག༔ འཁོར་འདས་ལམ་གསུམ་ཚེ་བཅུད་བསྡུས༔ རྣལ་འབྱོར་སྒོ་གསུམ་ལ་བསྟིམས་ཏེ༔ འགྱུར་མེད་རྡོ་རྗེའི་ཚེ་རྒྱས་ཐོབས༔ མི་གཡོ་རབ་ཏུ་བརྟན་པར་མཛོད༔ ཧཱུྃ་ཧྲཱིཿརྒྱ་གར་དུར་ཁྲོད་བསིལ་བ་ཚལ༔ སྐུ་ལ་རྫོགས་དང་ཧེ་ཆེན་བརྡལ༔ གསང་ཆེན་རོལ་དང་འཇིག་རྟེན་བརྩེགས༔ པདྨ་བརྩེགས་དང་བདེ་ཆེན་བརྩེགས༔ ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་ནས༔ ཧཱུྃ་ཀཱར་འཇམ་དཔལ་བཤེས་གཉེན་དང་༔ ཀླུ་སྒྲུབ་པྲ་བྷ་ཧ་སྟི་ཏ༔ དྷ་ན་སཾ་སྐྲྀ་བི་མ་ལ༔ རཾ་བུ་གུ་ཧྱ་ཤཱནྟིཾ་པ༔ ཞིང་སྔགས་དཔའ་བོ་མཁའ་འགྲོར་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ བླ་ཚེ་ཆད་ཉམས་ཡར་བ་ཁུག༔ འཁོར་འདས་ལམ་གསུམ་ཚེ་བཅུད་བསྡུས༔ རྣལ་འབྱོར་སྒོ་གསུམ་ལ་བསྟིམས་ཏེ༔ འགྱུར་མེད་རྡོ་རྗེའི་ཚེ་རྒྱས་ཐོབས༔ མི་གཡོ་རབ་ཏུ་བརྟན་པར་མཛོད༔ ཧཱུྃ་ཧྲཱིཿདབུ་རྩེ་རིམ་གསུམ་ཀེའུ་ཚང་༔ དབེན་རྩ་ཤེལ་བྲག་ལ་སོགས་པའི༔ རྒྱ་བོད་སྒྲུབ་གནས་དུ་མ་ནས༔ ཆོས་རྒྱལ་བཻ་རོ་ནམ་སྙིང་སོགས༔ སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔ༔ ཐུགས་རྒྱུད་བསྐུལ་ལོ༴བླ་ཚེ་ཆད་ཉམས༴འཁོར་འདས་ལམ་གསུམ༴རྣལ་འབྱོར་སྒོ་གསུམ༴འགྱུར་མེད་རྡོ་རྗེའི༴མི་གཡོ་རབ་ཏུ༴ཧཱུྃ་ཧྲཱིཿརི་རབ་རི་ཡི་རྩེ་མོ་ནས༔ ལས་ཀུན་བསྒྲུབ་ཅིང་བར་ཆད་བསལ༔ རྒྱལ་ཆེན་སྡེ་བཞི་དཀར་ཕྱོགས་སྐྱོང་༔ དཔལ་མགོན་བདུན་ཅུ་རྩ་ལྔ་སོགས༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ ཐུགས་དམ་བསྐུལ་ལོ༴བླ་ཚེ་ཆད་ཉམས༴འཁོར་འདས་ལམ་གསུམ༴རྣལ་འབྱོར་སྒོ་གསུམ༴འགྱུར་མེད་རྡོ་རྗེའི༴མི་གཡོ་རབ་ཏུ་བརྟན་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ བཛྲ་མ་ཧཱ་གུ་རུ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་རྒྱས་གདབ་པ་ནི༔ ཧཱུྃ༔ ཕུང་ཁམས་བདེ་གཤེགས་ཡབ་ཡུམ་དང་༔ ཚོགས་ཡུལ་སེམས་དཔའ་སེམས་མ་དང་༔ ཡན་ལག་སྒོ་སྐྱོང་ཕོ་མོ་སོགས༔ གདན་གསུམ་འཁོར་ལོར་རྒྱས་གདབ་བོ༔ འགྱུར་མེད་རབ་ཏུ་བརྟན་པར་མཛོད༔ དྷརྨ་དྷརྟུ་བཛྲ་རཀྵ་རཀྵ་བྷྲུྃ༔ སྒྱུ་ལུས་ཡེ་ཤེས་ལྷ་རུ་སྦ༔ རྩ་ཐིག་རླུང་གསུམ་ཐམས་ཅད་ཀུན༔ སྐུ་གསུམ་ཡེ་ཤེས་ཀློང་དུ་སྦ༔ རིག་པ་འོད་ཀྱི་སྒྲོམ་བུར་སྦ༔ བླ་ཚེ་སྲོག་གསུམ་ཡི་གེར་སྦ༔ སྙིགས་མ་ཡེ་ཤེས་ལྔ་རུ་སྦ༔ སྦ་བ་ལྔ་ལྡན་སྒྲོམ་དུ་བཙུད༔ ལྷ་སྔགས་ཡེ་ཤེས་འཁོར་ལོར་རྫོགས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན༔ ཚེ་ལ་དབང་བའི་རིག་འཛིན་ཐོབ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་རྣལ་འབྱོར་བདེ་སྐྱོང་དབང་མོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།