TTDL-ZABTER-01-KA-017

From Dudjom Wiki
Revision as of 11:30, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-017
Wylie title TTDL-ZABTER-01-KA-017.pdf
Location bdud 'joms gling pa zab gter
Volume 1, Text 17, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བླ་མ་རིག་འཛིན་འདུས་པ་ (bla ma rig 'dzin 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་བླ་མ་འདུས་པའི་བསྐང་བ་ཡེ་ཤེས་ཀློང་མཛོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༨༡༔ རིག་འཛིན་བླ་མ་འདུས་པ་ཡི༔ སྒྲུབ་པ་ཉམས་སུ་ལེན་པ་ལ༔ བསྐང་བ་འདི་ནི་ཡང་ཟབ་མཆོག༔ དེ་ཕྱིར་ཟུངས་ཤིག་ཕྱི་རབས་རྣམས༔ ཧཱུྃ་ཧྲཱིཿགཞི་དབྱིངས་གདོད་ནས་བླ་མའི་ཞིང་༔ སྣང་བ་ཐམས་ཅད་འདོད་ཡོན་དཔལ༔ སྲིད་པ་རང་བྱུང་མཆོད་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ འོག་མིན་བདེ་བ་ཆེན་པོ་ནས༔ ཁྱབ་བདག་མགོན་པོའི་ཐུགས་དམ་བསྐང་༔ ལྷུན་གྲུབ་མ་འགགས་རོལ་པ་ལས༔ ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ གདུལ་བྱའི་དཔལ་དུ་ཆུ་ཟླའི་གར༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ དཔལ་ཆེན་སྐུ་ཡི་གསང་རྫོགས་གར༔ མཉྫུ་མི་ཏྲའི་ཐུགས་དམ་བསྐང་༔ གསུང་གི་གསང་བ་རྫོགས་པའི་གར༔ ནཱ་གརྫུ་ནའི་ཐུགས་དམ་བསྐང་༔ ཐུགས་ཀྱི་གསང་བ་རྫོགས་པའི་གར༔ ཧཱུྃ་ཆེན་ཀཱ་རའི་ཐུགས་དམ་བསྐང་༔ ཡོན་ཏན་གསང་ཆེན་རྫོགས་པའི་གར༔ རྒྱལ་པོ་ཛཿཡི་ཐུགས་དམ་བསྐང་༔ ཕྲིན་ལས་གསང་ཆེན་རོལ་པའི་གར༔ པྲ་ཆེན་ཧསྟིའི་ཐུགས་དམ་བསྐང་༔ སྲིད་པའི་མ་མོར་དབང་སྒྱུར་གར༔ དྷ་ན་སཾསྐྲྀའི་ཐུགས་དམ་བསྐང་༔ རིག་འཛིན་བླ་མ་ཡོངས་འདུས་གར༔ བི་མ་མི་ཏྲའི་ཐུགས་དམ་བསྐང་༔ འཇིག་རྟེན་དྲེགས་པ་འདུལ་བྱེད་གར༔ རམྦུ་གུ་ཧྱའི་ཐུགས་དམ་བསྐང་༔ མངོན་སྤྱོད་ཐོགས་མེད་ལས་ཀྱི་གར༔ ཤཱནྟིཾ་གརྦྷའི་ཐུགས་དམ་བསྐང་༔ མདོ་སྔགས་བསྟན་པའི་བ་དན་བསྒྲེངས༔ རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ བཀའ་སྡོད་སྲུང་མའི་ཐུགས་དམ་བསྐང་༔ ཕྲིན་ལས་བཞི་སྒྲུབ་དངོས་གྲུབ་བདག༔ རྒྱལ་ཆེན་འཁོར་བཅས་ཐུགས་དམ་བསྐང་༔ བླ་མེད་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཡོངས་འདུས་དཔལ༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱིས༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ ཉམས་ཆག་རྟོག་སྒྲིབ་བག་ཆགས་ཀུན༔ སྐོང་བཤགས་ཟབ་མོ་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་བརྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།