TTDL-ZABTER-01-KA-047

From Dudjom Wiki
Revision as of 15:43, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-047
Wylie title TTDL-ZABTER-01-KA-047.pdf
Location bdud 'joms gling pa zab gter
Volume 1, Text 47, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ བསྐང་བ་རིན་ཆེན་ཕྲེང་མཛེས་བཞུགས༔ ༠༠༠༠༠བརྡ་ཡིག༤༣༦༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར༔ བསྐང་བཤགས་འདི་ལ་བརྩོན་པར་བྱ༔ འབྱོར་ཚོགས་ཡོ་བྱད་ཇི་སྙེད་པ༔ འདོད་ཡོན་དཔག་མེད་ཡིད་ཀྱིས་སྤེལ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ལ༔ མཆོད་འབུལ་སྒྲིབ་བཤགས་མོས་གུས་ཀྱིས༔ ཧཱུྃ༔ རང་སྣང་འོག་མིན་གཞལ་ཡས་ནས༔ ཆོས་སྐུའི་དཀྱིལ་འཁོར་མ་ལུས་པ༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ལྷ༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ཕྱོགས་མེད་ཐུགས་རྗེའི་གཞལ་ཡས་ནས༔ སྤྲུལ་པའི་སྐུ་ཡི་དཀྱིལ་འཁོར་ལྷ༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་ཆོས་སྐྱོང་དམ་ཅན་རྣམས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛཿཏིཥྛ་བཛྲ་སྟྭཾ༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ཡི་མཆོད་པ་སྣོད་བཅུད་འདོད་ཡོན་ལྔ༔ ནང་གི་མཆོད་པ་ལུས་དང་ལོངས་སྤྱོད་ཚོགས༔ གསང་བ་སེམས་དང་སེམས་བྱུང་ཚོགས་ཡུལ་བཅས༔ མ་ལུས་བསྡུས་ཏེ་རྒྱལ་བའི་དཀྱིལ་འཁོར་གྱི༔ ཐུགས་དམ་བསྐང་ཞིང་ཉམས་ཆག་གསོ་བའི་ཕྱིར༔ ཆགས་འཛིན་ཞེན་པ་བྲལ་བས་འབུལ་ལགས་སོ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་བརྡལ་ཁྱབ་གཞལ་ཡས་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྐུ་རིགས་ལྔ་གངས་ཆེན་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཕྱོགས་མེད་ཐུགས་རྗེས་འགྲོ་འདུལ་གཞལ་ཡས་ནས༔ སྤྲུལ་སྐུ་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཀ་དག་གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ སངས་རྒྱས་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཆོས་ཉིད་སྒྱུ་མར་རོལ་པའི་གཞལ་ཡས་ནས༔ རིག་འཛིན་ཤྲཱི་སེང་ཧའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ འཇའ་ལུས་འཕོ་བ་ཆེན་པོའི་གཞལ་ཡས་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་ཆོས་ཉིད་རོལ་པའི་ཀློང་༔ གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ རང་སྣང་ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ བདུད་འཇོམས་གྲོ་ལོད་རྩལ་གྱི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཤོ་ལོ་ཀ་འདི་ལཀྵཱི་མངྒ་ལས་སོ།།ཧཱུྃ༔ སྤྱི་གཙུག་བདེ་ཆེན་འཁོར་ལོའི་གཞལ་ཡས་ནས༔ དྲིན་ཆེན་རྩ་བའི་བླ་མའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་ཚོགས་ཀྱིས་བསྐང་༔ ནང་མཆོད་སྨན་གཏོར་རཀྟ་གར་གྱིས་བསྐང་༔ གསང་མཆོད་གྷ་ཎ་ཙཀྲ་རིག་མས་བསྐང་༔ བླ་མེད་གསང་ཆེན་སྦྱོར་སྒྲོལ་ལྟ་བས་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་དམ་པ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔ སྣང་སྲིད་ཟིལ་གནོན་པདྨའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ གྲུ་གསུམ་དབང་དྲག་རོལ་པའི་ཨེ་ཀློང་ནས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ལས་བཞི་ལྷུན་གྲུབ་དབང་གི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་ནས༔ དཔའ་བོ་གིང་ཆེན་སྡེ་བཞིའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཁམས་གསུམ་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ ལྷ་ཆེན་དབང་ཕྱུག་འཁོར་བཅས་ཐུགས་དམ་བསྐང་༔ མོས་པ་རྣམ་བཞིས་དབང་དུ་འདུ་བ་དང་༔ འདོད་ཡོན་འབད་མེད་ཡིད་བཞིན་དངོས་གྲུབ་སྩོལ༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་དྲག་པོའི་དཀྱིལ་འཁོར་ནས༔ དཔལ་མགོན་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་༔ མཐའ་དམག་དུས་འཁྲུགས་ནད་མཚོན་འཇོམས་པ་དང་༔ འགྲོ་བློ་ཁ་ལོ་བསྒྱུར་བའི་ཕྲིན་ལས་མཛོད༔ ཧཱུྃ༔ འཁོར་འདས་འུབ་ཆུབ་རོལ་པའི་དབྱིངས་ཆེན་མོ༔ སྔགས་སྲུང་ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ མཐའ་དམག་དུས་འཁྲུགས་ནད་མཚོན་འཇོམས་པ་དང་༔ འགྲོ་བློ་ཁ་ལོ་བསྒྱུར་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སྲིད་པ་ཀློང་དུ་རྫོགས་པའི་དབྱིངས་ཆེན་མོ༔ མ་མོ་སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང་༔ མཐའ་དམག་དུས་འཁྲུགས་ནད་མཚོན་འཇོམས་པ་དང་༔ འགྲོ་བློ་ཁ་ལོ་བསྒྱུར་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སྣང་སྲིད་ཟིལ་གནོན་བདེ་ཆེན་གཞལ་ཡས་ནས༔ སྟོབས་ལྡན་རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང་༔ མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་ཚོགས་ཀྱིས་བསྐང་༔ ནང་མཆོད་སྨན་གཏོར་རཀྟ་གར་གྱིས་བསྐང་༔ གསང་མཆོད་གྷ་ཎ་ཙཀྲ་རིག་མས་བསྐང་༔ བླ་མེད་གསང་ཆེན་སྦྱོར་སྒྲོལ་ལྟ་བས་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་དམ་པ་སྩོལ༔ ཧཱུྃ༔ ཁམས་གསུམ་དབང་དུ་བསྒྱུར་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཤན་པ་དམར་ནག་ཐུགས་དམ་བསྐང་༔ བརྒྱུད་འཛིན་འདོད་དོན་ཡིད་བཞིན་འགྲུབ་པ་དང་༔ ཁམས་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ ཧཱུྃ༔ མཁའ་སྤྱོད་ཁྲག་མཚོ་མེ་འབར་གཞལ་ཡས་ནས༔ ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ཐུགས་དམ་བསྐང་༔ བརྒྱུད་འཛིན་འགྲོ་དོན་ཕྲིན་ལས་ལྷུན་གྲུབ་ཅིང་༔ རྒོལ་བའི་དགྲ་བགེགས་རྦོད་གཏོང་རྡུལ་དུ་རློག༔ ཧཱུྃ༔ ཛཿསྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ དྲང་སྲོང་གཟའ་བདུད་རྒྱལ་པོའི་ཐུགས་དམ་བསྐང་༔ བརྒྱུད་འཛིན་འདོད་དོན་ཕྲིན་ལས་ལྷུན་གྲུབ་ཅིང་༔ རྒོལ་བའི་དགྲ་བགེགས་རྦོད་གཏོང་རྡུལ་དུ་རློག༔ ཧཱུྃ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བཀའ་གཏེར་དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ བརྒྱུད་འཛིན་འདོད་དོན་ཕྲིན་ལས་ལྷུན་གྲུབ་ཅིང་༔ རྒོལ་བའི་དགྲ་བགེགས་རྦོད་གཏོང་རྡུལ་དུ་རློག༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་ཚོགས་ཀྱིས་བསྐང་༔ ནང་མཆོད་སྨན་གཏོར་རཀྟ་གར་གྱིས་བསྐང་༔ གསང་མཆོད་གྷ་ཎ་ཙཀྲ་རིག་མས་བསྐང་༔ བླ་མེད་གསང་ཆེན་སྦྱོར་སྒྲོལ་ལྟ་བས་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་དམ་པ་སྩོལ༔ ཧཱུྃ༔ ལྟ་བ་ཁྱབ་བརྡལ་ལྷུན་འབྱམས་ཀློང་དུ་བསྐང་༔ བསྒོམ་པ་ཡེ་ཤེས་མངོན་གྱུར་ཀློང་དུ་བསྐང་༔ སྤྱོད་པ་མ་བཅོས་ངང་གནས་ཀློང་དུ་བསྐང་༔ བསྐང་ཡུལ་བསྐང་བྱ་སྐོང་བྱེད་ཐམས་ཅད་ཀུན༔ འཁོར་གསུམ་དམིགས་མེད་ཆོས་ཀྱི་དབྱིངས་སུ་ཨ༔ ཞེས་ཡིག་བརྒྱ་ཅི་ནུས་བཟླ༔ དེས་ནི་རྣལ་འབྱོར་ཉམས་ཆག་བསྐང་༔ སྐྱོན་བྲལ་ཀ་དག་གདིང་ཐོབ་འགྱུར༔ བཀའ་སྲུང་གནོད་སྦྱིན་གཟའ་ཡིས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་ཤོག་སེར་ལས་ཞལ་བཤུས་ཤིང་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།