TTDL-ZABTER-01-KA-064

From Dudjom Wiki
Revision as of 15:45, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-064
Wylie title TTDL-ZABTER-01-KA-064.pdf
Location bdud 'joms gling pa zab gter
Volume 1, Text 64, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གུ་རུ་ཁྲོ་ལོད་ཀྱི་སྒོ་ནས་པུ་ཏྲ་ཐར་བྱེད་ལྷ་འདྲེའི་སྒྲིབ་ཤིང་ལྷ་ཡི་ཐུགས་དཀྱིལ་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༥༩༥༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་དོན་ཆེད་དུ༔ སྲིད་སྲུང་པུ་ཏྲ་ཐར་བྱེད་ཅེས༔ ལྷ་འདྲེ་སྟོང་བསྒྲིབ་ཞེས་ཀྱང་བྱ༔ རྡོ་རྗེ་ཕ་ལམ་ཞེས་ཀྱང་བྱ༔ བྱད་མ་འབུམ་བསྡིག་ཞེས་ཀྱང་བྱ༔ གཞན་ཡང་མིང་གི་བྱེ་བྲག་མང་ཡང་༔ འཁོར་ལོ་འདིའི་བྲི་ཐབས་ལ༔ མུ་ཁྱུད་བདུན་བསྐོར་བྱ༔ སྲོག་ཡིག་ཧཱུྃ༔ གི་མཐར༔ འཆང་བ་པོ་ལ་དམ་སྲི་རྒྱལ་བསེན་ཕོ་མོའི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བྷ་མཱ་ན་ཤན་ཏྲིས་ནི་ས་སརྦ་དྷརྨཱ་པྲ་རྒྱ་རྒྱ༔ ཨེ་གོ་ཅུ་རུ་ཐལ་སིག་རུ་པ་རྐུརྦ་བི་ཧ་རྒནྤ་རྒྱ་རྒར་ནི་སརྷ་ཧཱུྃ་ཕཊ༔ མཧ་ར་ཀ་སྱ་ཀརྦ་བྱ་ཧ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་སོགས་རྩ་གསུམ་སྤྱི་དྲིལ་མཐར༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་དམ་སྲི་རྒྱལ་བསེན་ཕོ་མོའི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེའི་ཕྱི་རིམ་མུ་ཁྱུད་ལ་འཁོར་ལོ་རྩིབས་བརྒྱད་ལ༔ ཧཱུྃ༔ བརྒྱད་དང་༔ རྩིབས་མཆན་རྣམས་ལ༔ སྲག་ཁྱེད་ནག་རེ་ལྷབ་ལྷབ་ག་མོ་ཏེ་རོལ་རྦོས་ལྷབ་ལྷབ༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྡོ་རྗེ་རྩེ་ལྔ་པ་རེ་དང་ཐིག་ལེ་རེ་བྱས་ཏེ་ཐིག་རྡོར་བརྒྱད་བྲི༔ བར་དུ་སྔགས་འདི་འགོད༔ ན་མོ་མ་བྷིག་ཕྱ་ཙུ་རུག་ཙུ་རུ་རྗོབ་སྭཱ་ཧཱ༔ བར་གཅིག་ལ༔ ཨོཾ་ན་ལ་ཏྲི་ན་མ་ཙུ་ཏྲི་ཙུ་ཏྲ་ཛྭ་སྭཱ་ཧཱ༔ བཞི་རེ་བཞི་རེ་བརྒྱད་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་མིག་བརྒྱད་བྲིས༔ མིག་གི་བར་བརྒྱད་ལ་ཡིག་མགོ་ནང་དུ་བསྟན་ཏེ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བརྒྱད་བྲི༔ མུ་ཁྱུད་ཕྱི་མ་ལ་ཨ་ལི་ཀ་ལི་དང་རྟེན་འབྲེལ་སྙིང་པོའི་མཐར༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་དམ་སྲི་རྒྱལ་བསེན་ཕོ་མོའི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེའི་ཕྱི་རིམ་དུ་རྡོ་རྗེ་ཁྲོ་ལོད་གཡས་རྡོ་རྗེ་གཡོན་ལྕགས་ཕུར་ཅན་ཟ་བེར་ལ་སོགས་པ་བྲིས་པའི་ཞབས་གཡས་འོག་རྒྱལ་པོ་གསེར་ཞུ་ཅན་ལག་གཡས་སྙིང་གར་གཏད་པ་གཡོན་འོག་བྱ་མགོ་མ་གན་རྐྱལ་ཅན་བྲིས༔ སྡིགས་མཛུབ་རྩེར་ལྕགས་སྡིག་མེ་རིས་བསྐོར་ཕྱག་གི་སྡིགས་མཛུབ་མན་ཆད་ལའང་ཡོད༔ འཁོར་ལོ་འདིའི་རྫས་ཀྱི་རིམ་པ་ནི༔ གཉིས་སྐྱེས་འཇའ་ཚོན༔ ལྗི་ཁྲག༔ ར་མའི་རྭ་གཞོབ༔ ཡང་ན་རྫས་སྣ་འདི་རྣམས་བསྣན༔ ར་ཏིག༔ མུ་ཟི་ནག་པོ༔ གུ་གུལ༔ སྣ་ལྔའི་མདངས༔ གླ་རྩི༔ སྦྲུལ་ཤ༔ བོང་ནག་ཤ༔ བོང་ང་ནག་པོ༔ མཚེར་ནག༔ ཆུ་དག་ནག་པོ༔ ཕ་འོང་དྲེག་པ༔ སྲེ་མོང་སྡེར་མོ༔ མི་ཚིལ༔ སྒོག་གཅིག་པ༔ བྱི་ནག་བྲུན༔ སྤྱང་བྲུན༔ རྟ་བོན་ནག་པོ༔ བུ་ཡིན་ན་གྷི་ཧཾ༔ བུ་མོ་ཡིན་ན་ལྟེ་བར་ཁྱི་གུའི་བྲུན་བྱུག༔ འདི་ལ་རབ་གནས་མི་བྱ༔ སྲི་བུ་གསོ་ན་དང་པོ་མ་ལ་བཏགས༔ དེ་ནས་བུ་ལ་བཏགས༔ ལྷ་འདྲེ་སྟོང་གི་འཁོར་ལོ་ཟབ་མོ་མཐར་ཐུག་འདི༔ འཆང་བའི་སྐལ་ལྡན་ཕོ་མོ་ཀུན༔ གནམ་ལྕགས་རྡོ་རྗེའི་རྫོང་དང་མཚུངས༔ མུ་སྟེགས་ཕྲ་མེན་ཉེས་འབྱེད་དང་༔ བན་བོན་ཕུར་ཐོགས་སྟོང་གིས་གྲུབ་གྱུར་ཀྱང་༔ འཇིགས་པར་མི་ནུས་གནོད་པ་སླར་ལ་བཟློག༔ སྔགས་བཟླས་ནུས་པ་མེད་པ་དང་༔ མནན་བསྲེགས་བྱས་ཀྱང་དོན་མེད་འགྱུར༔ མཛེ་ཤུ་པགས་ནད་ལ་སོགས་པ༔ རྦོད་གཏོང་གནོད་འདྲེ་བཟློག་པ་དང་༔ བསྐལ་པའི་མེ་ཡི་ཕུང་པོར་མཐོང་༔ ཁྱད་པར་སྲི་བུ་གསོ་བར་ཤིན་ཏུ་གཅེས༔ གཅིག་བརྒྱུད་མ་གཏོགས་མང་དུ་སྤེལ་མི་རུང་༔ རང་ལ་འཁུ་ཞིང་མཁའ་འགྲོའི་བཀའ་ཆད་འོང་༔ དེ་ཕྱིར་སྙིང་ལ་འཆོངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དགོས་གལ་དང་བསྟུན་ཏེ་བདུད་འཇོམས་པས་བརྡ་ལས་བསྒྱུར་བ་དགེ་ལེགས་འཕེལ།བཀྲ་ཤིས།དགེའོ།།སརྦ་མངྒ་ལཾ།ཛ་ཡནྟུ།ཨྠིྀ།།།།