TTDL-ZABTER-01-KA-066

From Dudjom Wiki
Revision as of 15:45, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-066
Wylie title TTDL-ZABTER-01-KA-066.pdf
Location bdud 'joms gling pa zab gter
Volume 1, Text 66, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་གཏེར་མཛོད་ལས༔ ཚོགས་མཆོད་འདོད་རྒུ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༦༠༧༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཕྱིར༔ ཚོགས་ཀྱི་འཁོར་ལོའི་རིམ་པ་ལ༔ འབྱོར་ཚོགས་ཟས་སྣ་ཅི་རིགས་བཤམས༔ རཾ་ཡཾ་ཁཾ་གིས་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་འདོད་རྒུར་བསྒྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ ཚོགས་མཆོད་འདོད་རྒུ་དཔལ་ཡོན་མི་ཟད་གཏེར༔ དཔག་ཡས་ནམ་མཁའི་ཁྱོན་ཀུན་ཡོངས་གང་སྟེ༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་དོན་གྱི་འོག་མིན་ཆེན་པོ་ནས༔ བརྒྱུད་གསུམ་བླ་མ་རིག་འཛིན་རྒྱ་མཚོ་དང་༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་མཆོད་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་ཡི༔ ཟག་མེད་བདུད་རྩི་ཞལ་ཟས་ཚོགས་མཆོད་འདི༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ༔ དགྱེས་པར་དགོངས་ལ་བཞེས་པ་ཆེན་པོར་རོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་འབུལ་བ་ནི༔ ཧོཿརྩ་གསུམ་ཆོས་སྐྱོང་སྲུང་མ་དགོངས་སུ་གསོལ༔ ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་དབང་གྱུར་ཉེས་བྱས་ཉམས་ཆག་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས་བགྱིའོ༔ གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས༔ དེ་ནས་བསྒྲལ་མཆོད་ལ༔ ཧཱུྃ༔ མ་རིག་གཟུང་འཛིན་རཱུ་ཏྲ་ཀུན༔ བདག་མེད་བརྟུལ་བཞུགས་ཆེན་པོས་བསྒྲལ༔ ཤ་ཁྲག་དོན་སྙིང་ནང་རོལ་བཅས༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ བྷྱོ༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ གཡར་དམ་གཉན་པོ་དྲན་གྱིས་ལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་བྷྱོ་ཛ་ཧྲཱིཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བརྟན་སྐྱོང་ལ༔ ཧཱུྃ་བྷྱོ༔ ཆད་མདོ་དམ་ཅན་སྲུང་མའི་ཚོགས༔ བརྟན་མ་སྐྱོང་མཛད་མ་སྲིང་སྡེ༔ འདིར་གཤེགས་འདོད་ཡོན་གཏོར་མ་ལོངས༔ སྒྲུབ་ལ་བར་ཆད་དགྲ་བགེགས་ཐུལ༔ ཆད་དོན་ཇི་བཞིན་ཕྲིན་ལས་སྒྲུབས༔ སྐྱེ་འགྲོ་བདེ་ལ་འགོད་པར་མཛོད༔ སརྦ་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བྲོ་མནན་བྱ་བ་ལ༔ ཧཱུྃ༔ བདག་རྟོག་འཁོར་བའི་འདྲེ་བོ་ཆེ༔ བདག་མེད་རོལ་པའི་དབྱིངས་སུ་མནན༔ ལྡང་མེད་རྡོ་རྗེས་བྲོ་བརྡུང་བས༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧཱུྃ༔ བདེ་སྟོང་རྒྱལ་བའི་དཀྱིལ་འཁོར་ལྷའི༔ གསང་གསུམ་རྡོ་རྗེའི་དབང་དངོས་གྲུབ༔ མ་ལུས་བདག་ལ་ད་སྩོལ་ཅིག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿདེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿདུས་གསུམ་བསགས་པའི་དགེ་ཚོགས་ཀུན༔ མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོ༔ དུག་གསུམ་རྒྱུད་འཁྲུལ་སེམས་ཅན་ཀུན༔ འབྲས་བུ་སྐུ་གསུམ་ཐོབ་པར་ཤོག༔ དེ་ནས་རྟག་ཆད་མཐའ་བསལ་ལ༔ བསྐྱེད་རིམ་ལྷར་གསལ་སྒྱུ་མ་དང་༔ རྨི་ལམ་སད་བཞིན་དབྱིངས་སུ་ཨཱཿསླར་ཡང་མཁའ་ལས་འཇའ་ཚོན་བཞིན༔ ཡེ་ཤེས་སྒྱུ་མའི་ལྷ་སྐུར་ལྡང་༔ རྩ་སྔགས་བརྗོད༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལས༔ ལྷུན་གྲུབ་ལོངས་སྐུའི་བཀོད་པ་ངོམས༔ ཐུགས་རྗེ་རང་གདངས་སྤྲུལ་སྐུར་ཤར༔ རྫོགས་པ་ཆེན་པོའི་བཀྲ་ཤིས་ཤོག༔ འདི་བཞིན་ཉམས་ལེན་ལ་བརྩོན་ན༔ ཉམས་ཆག་ཉེས་ལྟུང་ཀུན་བྱང་ནས༔ བསྒྲུབ་པའི་འབྲས་བུ་མངོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་འཇམ་དཔལ་དང་སེམས་ཉིད་རྡོ་རྗེ་གཉིས་ཀྱིས་བསྐུལ་བ་དོན་ཡོད་པའི་ཕྱིར།བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།སརྦ་མངྒ་ལཾ།།།།