TTDL-ZABTER-02-KHA-028

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-02-KHA-028
Wylie title TTDL-ZABTER-02-KHA-028.pdf
Location bdud 'joms gling pa zab gter
Volume 2, Text 28, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༣༢༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་བདག་ལས་ཀྱི་གཤིན་རྗེའི་སྒྲུབ་པ་དགྲ་དཔུང་འཇོམས་པའི་རྡོ་རྗེ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༢༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༢༨འཆི་བདག་ལས་ཀྱི་གཤིན་རྗེ་ཡི༔ སྒྲུབ་པ་རྡོ་རྗེ་འབར་བ་ནི༔ གྲུ་གསུམ་སྟེང་དུ་དམར་གཏོར་ནི༔ བརྗིད་ལྡན་མཁྱུད་གང་དམར་ནག་ལ༔ དམར་གཏོར་ཆེན་པོ་བརྒྱད་ཀྱིས་བསྐོར༔ ཤ་ཁྲག་འདོད་ཡོན་སྣ་ཚོགས་བཤམ༔ རང་ཉིད་དྲག་པོའི་ང་རྒྱལ་གྱིས༔ ཕཊ༔ མདུན་དུ་གྲུ་གསུམ་དམར་ནག་འབར་བའི་ཕོ་བྲང་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡ་ལས་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་མཐིང་ནག་དགྲ་ལ་ཨམ་གཙིགས་བསྡམས་ནས་མཆེ་བ་གཙིགས་པ་སྤྱན་གསུམ་ཉི་མའི་འོད་ལྟར་འབར་ཞིང་ཁྲོ་གཉེར་བསྡུས་པ༔ སྨ་ར་དང་སྨིན་མ་གློག་འཁྱུག་ཅིང་མེ་ཡི་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ་ཞིང་ཐོད་སྐམ་གྱིས་དབུ་རྒྱན་བྱས་པ༔ གསེར་གྱི་རྡོ་རྗེ་ཕྱེད་པས་གཙུག་རྒྱན་བྱས་ཤིང་ཕྱག་གཡས་སྟྭ་ཆེན་ཀླད་ལ་བསྐོར་བས་དགྲ་བོའི་སྲོག་རྩ་གཅོད་ཅིང་གཡོན་པས་ཐོད་དབྱུག་བསྣམས་ནས་དགྲ་བོའི་བདུན་བརྒྱུད་རྩད་ནས་གཅོད་པ་གཟིག་གི་ལྤགས་པ་ཀླུབ་ཅིང་སྦྲུལ་རིགས་ལྔ་དང་མི་མགོའི་ཕྲེང་བས་བརྒྱན་པ༔ མ་ཧེ་སྔོ་ནག་གི་སྟེང་དུ་རོལ་བའི་སྟབས་ཀྱིས་བཞུགས་པ༔ མེ་རླུང་འཚུབ་མ་འཁྱིལ་བའི་ཀློང་དུ་བསྐྱེད་དོ༔ དེ་ཡི་གཡོན་ཕྱོགས་སུ་ཡུམ་མཆོག་སྲོག་བདུད་ནག་མོ་གཡས་ཁྲམ་ཤིང་དང་གཡོན་མེ་རླུང་བསྣམས་ནས་ཁམས་གསུམ་དབང་དུ་བསྡུས་པ༔ མི་ལྤགས་ཀྱི་གཡང་གཞི་གསོལ་ཞིང་བོང་བུ་ནག་པོ་གྭ་པ་ལ་ཆིབས་པ༔ ཤར་དུ་ཨ་ལས་སྲིད་པ་ལྷའི་གཙོ་བོ་སྐུ་མདོག་དཀར་པོ་དར་དཀར་གྱི་ན་བཟའ་གསོལ་ཞིང་གཡས་རལ་གྲི་དང་གཡོན་མདུང་དར་བསྣམས་ནས་ལྷ་གཡག་དཀར་པོ་ལ་ཆིབས་པ༔ ལྷོ་རུ་ར་ལས་གཟའ་བདུད་དུག་གི་སྤུ་གྲི་སྐུ་མདོག་ནག་པོ་མགོ་དགུ་བྱ་རོག་གི་གདོང་དང་བཅུ་ཡོད་པ་རོ་སྟོད་མི་ལ་རོ་སྨད་སྤྲུལ་དུ་འཁྱིལ་ཞིང་མགོ་ལུས་མེད་པར་མིག་གིས་གང་བ༔ ཕྱག་བཞི་དང་པོ་གཉིས་ན་རལ་གྲི་དང་ཆུ་སྲིན་གྱི་རྒྱལ་མཚན༔ འོག་མ་གཉིས་ཀྱིས་མདའ་གཞུ་འགེང་བ༔ གཡུ་འབྲུག་སྔོན་པོ་ལ་ཞོན་པ༔ ནུབ་ཏུ་མ་ལས་མ་མོ་སྲིད་པའི་རྒྱལ་མོ་སྐུ་མདོག་དཀར་གསལ་དར་གྱི་ན་བཟའ་ཅན་གཡས་མདའ་དར་དང་གཡོན་ནད་རྐྱལ་བསྣམས་པ་བོང་བུ་དམར་གྭ་ལ་ཆིབས་པ༔ བྱང་དུ་དུ་ལས་བདུད་པོ་བསྐོས་རྗེ་བྲང་དཀར་སྐུ་མདོག་ནག་པོ་གཡས་ཁྲམ་ཤིང་དང་གཡོན་གྲ་སྟྭ་བསྣམས་པ་དར་ནག་གི་གོ་ཟུ་གསོལ་ཞིང་བདུད་རྟ་ནག་པོ་ལ་ཆིབས་པ༔ ཤར་ལྷོ་རུ་ལས་སྲིན་པོ་དྷ་ཤ་རུ་ལུ་སྐུ་མདོག་དམར་ནག་གཡས་འཁོར་ལོ་དང་གཡོན་སྙིང་ཞགས་བསྣམས་པ༔ དར་སེར་ཁྲའི་ན་བཟའ་གསོལ་ཞིང་མིའུ་ཐུང་ལ་ཆིབས་པ༔ ལྷོ་ནུབ་ཏུ་ཙ་ལས་བཙན་རྒྱལ་ཡམ་ཤུད་དམར་པོ་གཡས་བཙན་མདུང་དང་གཡོན་ཞགས་པ་ཐོགས་པ་དར་དམར་གསོལ་ཞིང་རྟ་དམར་ལ་ཆིབས་པ༔ ནུབ་བྱང་དུ་ཤ་ལས་གནོད་སྦྱིན་ཀཱ་ལ་ཡཀྴ་སྐུ་མདོག་མཐིང་ནག་གཡས་རལ་གྲི་དང་གཡོན་ཐོད་ཁྲག་ཐོགས་པ་དར་མཐིང་ནག་གིས་བརྒྱན་ཅིང་སྟག་མོ་གྲུས་མ་ལ་ཆིབས་པ༔ བྱང་ཤར་དུ་ན་ལས་ཀླུ་བདུད་འཆི་བདག་མགོ་དགུ་སྐུ་མདོག་ལྗང་ནག་གཡས་སྦྲུལ་ཞགས་དང་གཡོན་པས་ནད་རྐྱལ་བསྣམས་ནས་སྦྲུལ་རིགས་ལྔ་དང་དར་མཐིང་ཀས་བརྒྱན་ཅིང་ཆུ་སྲིན་ཁམ་པ་ལ་ཆིབས་པ༔ ཀུན་ཀྱང་མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་ན་རབ་ཏུ་འགྱིངས་ཤིང་སྒྲུབ་པ་པོ་ལ་བརྩེ་ཞིང་གདུང་སྟེ་དགྲ་བགེགས་གདུག་པ་ཅན་གྱི་ཤ་ཁྲག་སྲོག་ལ་རྔམས་པར་བསྐྱེད་དོ༔ དེ་དག་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་དང་རང་རང་གི་སྲོག་ཡིག་ལས་འོད་འཕྲོས་པས་གཤིན་རྗེ་ཡ་མ་རཱ་ཛ་འཁོར་ལས་མཁན་དྲེགས་པ་སྡེ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས་ལ་བསྟིམ་མོ༔ དམ་ཚིག་གཉན་གྱིས་འབོད་པ་ནི༔ ཧོཿདགོངས་སུ་གསོལ་ལོ༔ གཤིན་རྗེ་ཡ་མ་རཱ་ཛ༔ ཡུམ་མཆོག་སྲོག་བདུད་ནག་མོ༔ བཀའ་ཉན་དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ༔ དམ་ཚིག་དབང་གིས་གནས་འདིར་སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ༔ ལན་གསུམ་མཐར༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཛཿའོག་ཕྱོགས་མུན་པའི་འཇིག་རྟེན་ན༔ ལས་ཀྱི་མཐུ་ལས་གྲུབ་པ་ཡི༔ སྐྱེ་འགྲོ་ཡོངས་ཀྱི་སྲོག་བདག་པོ༔ གཤིན་རྗེ་ཡ་མ་རཱ་ཛ་ཁྱོད༔ བདེ་རོལ་མ་མོ་ཡུམ་དང་བཅས༔ གཞན་འཕྲུལ་གཉིས་མེད་དྲེགས་པའི་འཁོར༔ མ་ལུས་དམ་ཚིག་གཉན་ལ་དགོངས༔ རྣལ་འབྱོར་སྲུང་མར་གཤེགས་སུ་གསོལ༔ སྒྲུབ་པའི་རྟེན་ལ་གཤེགས་སུ་གསོལ༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་གཤེད་དུ་གཤེགས་སུ་གསོལ༔ ཛཿའཆི་བདག་གཤིན་རྗེ་གཤེགས་སུ་གསོལ༔ དགྱེས་མཛད་མ་མོ་གཤེགས་སུ་གསོལ༔ ལྷ་ཆེན་ཚངས་པ་གཤེགས་སུ་གསོལ༔ གཟའ་བདུད་ནག་པོ་གཤེགས་སུ་གསོལ༔ སྲིད་རྒྱལ་མ་མོ་གཤེགས་སུ་གསོལ༔ བདུད་པོ་བསྐོས་རྗེ་གཤེགས་སུ་གསོལ༔ སྲིན་རྒྱལ་ཆེན་པོ་གཤེགས་སུ་གསོལ༔ བཙན་རྗེ་དམར་པོ་གཤེགས་སུ་གསོལ༔ གནོད་སྦྱིན་ནག་པོ་གཤེགས་སུ་གསོལ༔ ཀླུ་བདུད་མགོ་དགུ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དགྲ་བོ་བསྒྲལ་བའི་ཆེད་དུ་འབོད༔ ཨོཾ་ཡ་མ་རཱ་ཙ་ཨ་ར་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཛཿཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་འདིར༔ ཡ་མ་རཱ་ཛ་འཁོར་དང་བཅས༔ ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ རྣལ་འབྱོར་བདག་གི་གྲོགས་མཛོད་ལ༔ དགྲ་བགེགས་གདུག་ཅན་ཚར་ཆོད་ཅིག༔ ཡ་མ་རཱ་ཛ་ས་མ་ཡ་ཏིཥྛ་བཛྲ༔ དེ་ནས་ཕྱག་འཚལ་བ་ནི༔ ཛཿདམ་ཚིག་གཉན་གྱི་སྲོག་འཛིན་པའི༔ སྟོབས་ལྡན་གཤིན་རྗེ་ནག་པོ་ལ༔ བསྟན་པ་གཉན་པོ་བསྲུང་བ་དང་༔ བདག་གྲོགས་མཛད་ཕྱིར་ཕྱག་ཀྱང་འཚལ༔ ན་མོ་ས་མ་ཡ༔ དེ་ནས་མངའ་གསོལ་བ་ནི༔ ཧཱུྃ༔ འཇམ་དཔལ་ཡ་མཱནྟ་ཀ་ཡིས༔ དམ་བཏགས་དབང་བསྐུར་བྱིན་རླབས་ནས༔ དམ་ཚིག་ཆེན་པོའི་སྲོག་བཏབ་པའི༔ གཤིན་རྗེ་ཡ་མ་རཱ་ཙ་ཁྱོད༔ བདག་གི་གྲོགས་སུ་མངའ་གསོལ་ལོ༔ སྲུང་མ་ཆེན་པོར་མངའ་གསོལ་ལོ༔ ཕོ་ཉ་ཆེན་པོར་མངའ་གསོལ་ལོ༔ ལས་མཁན་ཆེན་པོར་མངའ་གསོལ་ལོ༔ དགྲ་འདུལ་རྒྱལ་པོར་མངའ་གསོལ་ལོ༔ བགེགས་འཇོམས་ཆེན་པོར་མངའ་གསོལ་ལོ༔ བསྟན་སྲུང་ཆེན་པོར་མངའ་གསོལ་ལོ༔ འཁོར་གྱི་མཆོག་ཏུ་མངའ་གསོལ་ལོ༔ དམ་ལ་མ་འདའ་དམ་ཚིག་ཅན༔ མིང་རུས་གཟུགས་སུ་བྲིས་པ་ཡིས༔ དགྲ་བོ་འདི་ཉིད་ཟ་སྐལ་གྱིས༔ འབོད་རྦད་གསད་དང་གསུམ་གྱི་ལས༔ མ་གཡེལ་མ་འགྱངས་དུས་སུ་མཛོད༔ བསྒྲུབ་པའི་རྟགས་དང་མཚན་མ་རྣམས༔ གཞུང་བཞིན་མངོན་སུམ་སྟོན་པ་དང་༔ འཁུ་ལྡོག་གདུག་རྩུབ་མ་བྱེད་པར༔ བྱམས་དང་བརྩེ་བས་བདག་སྐྱོངས་ཤིག༔ བཅོལ་བའི་ལས་མཛོད་ས་མ་ཡ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རིན་ཆེན་སྣ་ཚོགས་སྣོད་ཡངས་པར༔ འདོད་ཡོན་ལོངས་སྤྱོད་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོ་འདི༔ དམ་ཅན་གཤིན་རྗེ་ཁྱོད་ལ་འབུལ༔ དགྲ་བགེགས་དབང་པོའི་མེ་ཏོག་དང་༔ ཤ་ཆེན་སྤོས་དང་ཞུན་མེ་དང་༔ མཁྲིས་པའི་དྲི་ཆབ་ཤ་རུས་ཀྱི༔ ཞལ་ཟས་རྐང་གླིང་ཐོད་རྔ་བཅས༔ གཤིན་རྗེ་རྒྱལ་པོ་ཁྱོད་ལ་འབུལ༔ གཞན་ཡང་དགྱེས་པའི་དམ་རྫས་ཚོགས༔ ཤ་སྣ་ཁྲག་སྣ་སྙིང་སྣ་དང་༔ རིན་ཆེན་སྣ་ཚོགས་དར་ཟབ་དཀོར༔ སྟག་གཟིག་དོམ་དྲེད་གཅན་གཟན་ལྤགས༔ གོ་མཚོན་གཟུགས་འགྲོས་མ་ཧེ་སོགས༔ འདོད་ཡོན་ལྔ་ཡི་བྱེ་བྲག་ཀུན༔ དངོས་སུ་འབྱོར་ཚོགས་ཡིད་ཀྱིས་སྤྲུལ༔ དམ་ཅན་རྒྱལ་པོ་ཁྱོད་ལ་འབུལ༔ བླ་རྡོ་བརྟེན་རྫས་འདིར་རྟེན་ཆོས༔ བདག་དང་དབྱེར་མེད་གྲིབ་བཞིན་འགྲོགས༔ འདོད་པའི་དོན་ཀུན་ལྷུན་གྲུབ་མཛོད༔ ཡ་མ་རཱ་ཛ་ས་མ་ཡ་ཨརྒྷཾ་སོགས་ཤཔྡ་རཱུ་པ་སོགསསྤཪྴེ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཨ་མྲྀ་ཏ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ འཇམ་དཔལ་ཡ་མཱནྟ་ཀ་ཡི༔ བཀའ་ཉན་བསྟན་པའི་སྲུང་མ་ཆེ༔ མཐིང་ནག་ཁྲོ་གཏུམ་རྔམས་པའི་སྐུ༔ སྲིད་པའི་མ་ཧེ་སྔོ་ནག་ཆིབས༔ སྣང་སྲིད་ཁམས་ཀུན་མངའ་དབང་བསྒྱུར༔ དབང་ཕྱུག་ནག་པོ་ཁྱོད་ལ་བསྟོད༔ འཇིགས་པའི་གད་རྒྱངས་ཆེར་སྒྲོགས་པའི༔ སྟོང་གསུམ་མ་ལུས་འཇིགས་པར་བྱེད༔ སྣང་སྲིད་དྲེགས་ཆེན་བྲན་དུ་ཁོལ༔ འཇིགས་བྱེད་ནག་པོ་ཁྱོད་ལ་བསྟོད༔ ཕྱག་གཉིས་དགྲ་སྟྭ་ཐོད་དབྱུག་གིས༔ སྐྱེ་འགྲོ་ཡོངས་ཀྱི་སྲོག་དབུགས་སྡུད༔ བསྐལ་པ་འཇིགས་བྲལ་གནས་གཉེར་འཛིན༔ སྲོག་བདག་ཆེན་པོ་ཁྱོད་ལ་བསྟོད༔ མ་ངེས་སྤྲུལ་པའི་ཆོ་འཕྲུལ་དུ༔ སྣང་སྲིད་དྲེགས་པ་སྡེ་བརྒྱད་འགྱེད༔ ལེགས་ཉེས་སྟངས་འཛིན་ལས་རྗེས་གཅོད༔ དྲེགས་པའི་གཙོ་བོ་ཁྱོད་ལ་བསྟོད༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་བདག་ལ་བུ་ལྟར་སྐྱོང་༔ དགྲ་བགེགས་གདུག་པ་རྩད་ནས་བརློག༔ ས་མ་ཡ༔ སྲོག་གི་འཁོར་ལོ་ལ་བསྟེན་ནས༔ འདི་ནི་བསྙེན་བསྒྲུབ་ལྷུར་ལེན་པའི༔ རྣལ་འབྱོར་གང་དེ་མི་མཐུན་པའི༔ ཕྱོགས་ལས་རྒྱལ་འགྱུར་བཀྲ་ཤིས་སོ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ འདོད་པའི་དོན་ཀུན་འགྲུབ་འགྱུར་རོ༔ བཀའ་སྲུང་གཟའ་བདུད་ནག་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་བར༔ བརྒྱུད་འཛིན་སྐྱེས་བུའི་འདོད་དོན་སྒྲུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་བདུད་འཇོམས་རོལ་པ་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་དྲུག་བར་དུ་བཀའ་རྒྱ་བྱས་ཏེ་མཐར་སློབ་བུ་ཀུན་ཏུ་དགའ་བའི་མིང་ཅན་དམ་ཆོས་འཛིན་པ་དེས་མཚོ་བྱེད་སྨན་གྱི་སྐྱེས་དང་དབང་གི་ཁ་དོག་འཆར་བའི་དར་བཅས་རྟེན་དུ་བཞག་ནས་ལན་གྲངས་དུ་མ་ལ་ནན་དུ་བསྐུལ་བའི་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་དེ་ཀའོ།།