Property:Colophontib
From Dudjom Wiki
This is a property of type Text.
ག
གཏེར་གསར་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ཚེ་དབང་སྙིང་པོར་བསྡུས་པ་འཆི་མེད་ཆུ་རྒྱུན། +
།ཅེས་པའང་གཏེར་འབྱིན་བླ་མ་གང་ནས་འདི་ལྟར་བྲིས་ཤིག་པའི་བསྐུལ་མ་རིང་མོའི་དུས་ནས་ནན་ཆགས་སུ་མཛད་པའི་ཕྱིར། དུས་ཞབས་ཀྱི་སྔགས་བན་རང་བྱུང་ལྷན་སྐྱེས་རྡོ་རྗེའམ་མིང་གཞན་མཁའ་ཁྱབ་རྡོ་རྗེར་འབོད་པས་བག་ཡོད་ཀྱི་ལོའི་དཔྱིད་འབྲིང་དབོས་ཉ་བ་རྡོ་རྗེ་གདན་བཞིའི་བརྡ་ལས་བཟང་པོར་འབོད་པའི་ཟླ་བའི་ཡར་ཚེས་ཀྱི་རྒྱལ་བ་དང་པོའི་ཐུན་གསེང་གཅིག་ལ་ཤར་མར་བྲིས་པ་ཨ་ཡུ་སིདྡྷི་རསྟུ།། +
།ཞེས་པའང་ཀརྨ་རོང་གི་སྔགས་བཙུན་པདྨ་ཚེ་མཆོག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། +
།ཞེས་པའང་ཀརྨ་རོང་གི་སྔགས་བཙུན་པདྨ་ཚེ་མཆོག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། +
གཏེར་གསར་རྟ་མགྲིན་ཡང་ཁྲོས་ཀྱི་ཆ་ལག་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་བསྙེན་སྒྲུབ་དབང་བསྐུར་དང་བཅས་པ་གདོན་འདུལ་གནམ་ལྕགས་ཞུན་ཐིག། +
།ཅེས་པའང་ཉེ་བར་གནས་པ་བརྩོན་འགྲུས་བཟང་པོས་རིང་མོ་ནས་བསྐུལ་བ་དང༌། མངའ་རིས་ཕྱོགས་ཀྱི་སྒྲུབ་བརྩོན་དཀོན་མཆོག་ཆོས་དབང་དང་དཀོན་མཆོག་ཚུལ་ཁྲིམས་ཟུང་གིས་ཀྱང་བསྐུལ་བ་ལྟར། ཟབ་གཏེར་རང་གཞུང་ལ་མཚམས་སྦྱོར་ཉུང་ངུའི་གསལ་བྱེད་དང་བཅས་བཀླག་པས་གྲུབ་པར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་མངྒ་ལཾ།། +
།ཅེས་པའང་ཁྱབ་བདག་བླ་མ་སྨན་པའི་རྒྱལ་པོའི་ངོ་བོར་བཞུགས་པ་འགྱུར་མེད་ངེས་དོན་དབང་པོའི་བཀའ་ལུང་རྗེས་སུ་སྒྲུབ་པའི་སླད་དུ། རྩ་བའི་གཞུང་ལ་རིགས་མཐུན་གྱི་ངག་འདོན་འགའ་ཞིག་ཁ་སྐོང་དུ་བསྡེབས་ཏེ་འཇུག་བདེ་བཀླགས་པས་གྲུབ་པར། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅོ་བརྒྱད་དུ་སོན་པ་ལྕགས་བྱ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དུས་ཚེས་བཟང་པོར་སྦས་ཡུལ་པདྨ་བཀོད་ཀྱི་མཁན་ལྗོངས་བདེ་བ་ཆེན་པོའི་ནགས་ཁྲོད་དུ་སྦྱར་བ་ལས། ཕྱིས་རྡོ་རྗེའི་སློབ་དཔོན་ཨོ་རྒྱན་གསང་སྔགས་བསྟན་འཛིན་གྱི་བཞེད་པ་བཞིན་སླར་ཡང་གསལ་བྱེད་ཀྱི་མཚམས་སྦྱོར་ཅུང་ཟད་དང་བཅས་ཏེ་གཙང་དག་ཏུ་སྤེལ་བའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་དུག་གསུམ་རྒྱུ་འབྲས་ཀྱི་ཉེས་པ་ལས་གྲོལ་ཏེ་བདེ་གཤེགས་སྨན་གྱི་བླ་མའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག དགེའོ།། +
།ཅེས་པའང་དགེ་བའི་བཤེས་གཉེན་རཏྣའི་མཚན་ཅན་གྱིས་བསྐུལ་བ་ལས་ཤཱཀྱའི་དགེ་བསྙེན་བྱང་སེམས་རིག་པ་འཛིན་པ་བློ་གྲོས་དྲི་མེད་ཕན་བདེའི་འོད་ཟེར་རམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། +
ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། +
དེ་ལྟར་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་ན་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཞལ་སྔ་ནས་རྣམ་པར་ཐར་པ་དགུང་གྲངས་དྲུག་ཅུ་རེ་གཉིས་ལ་ཕེབས་པ་ཚུན་ཞལ་རྩོམ་དུ་གནང་བ་ལ།མཇུག་རྩོམ་གྱི་ཚུལ་འདི་ཡང་གང་གི་བཀས་གནང་བ་ཐོབ་ཅིང་དམ་ལྡན་རྡོ་རྗེའི་མཆེད་པོ་མཁྱེན་རབ་རྒྱ་མཚོས་ཀྱང་བསྐུལ་ངོར།གཏེར་ཆེན་རིན་པོ་ཆེ་དེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་རྒྱུ་མཚན་ཤེས་ཏེ་མི་ཕྱེད་པའི་དད་པ་བརྟན་པོའི་སྒོ་ནས་ཞབས་རྡུལ་སྤྱི་བོས་ལེན་པ་གསར་རྙིང་རིས་མེད་ཀྱི་གཞུང་ལ་ཅུང་ཟད་སྦྱངས་པ་བྱས་རློམས་ཀྱི་སྐྱེས་མིང་འདུ་ཤེས་གསུམ་པ་པདྨ་ལུང་རྟོགས་རྒྱ་མཚོའམ་མིང་གཞན་བློ་བཟང་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པ་ཀུན་ནས་དགེ་བར་གྱུར་ཅིག། +
ཅེས་པའང་འཕགས་མཆོག་ཕྱག་ན་པདྨོ་རིགས་སྔགས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བའི་ཐུགས་བསྐྱེད་ཅན་ཁྲ་འགུ་བླ་མ་ཀརྨ་ཐུབ་བསྟན་ཆོས་ཀྱི་ཉིན་བྱེད་ནས་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བ་ལས། གཏེར་ཁ་གོང་འོག་གི་གཞུང་ལ་བརྟེན་ནས་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་དུ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆུ་ཕོ་འབྲུག་གི་ལོ་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་པོ་ལ་མགོན་པོ་མིག་མི་འཛུམ་ཉིད་དགྱེས་རྒུར་བསྟི་བའི་ཞིང་ཁམས་དབ་རུ་ལྷ་ལྡན་གྱི་ལྗོངས་སུ་སྦྱར་བ་སྟེ། འདིས་ཀྱང་སྐྱེ་འགྲོ་ཡོངས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། +
གཏེར་བྱོན་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྤྱིའི་སྒྲུབ་དཀྱིལ་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཕན་བདེའི་སྙེ་མ། +
།ཅེས་པའང་ཁྲ་འགུ་བླ་མ་ཀརྨ་ཐུབ་བསྟན་ཆོས་ཀྱི་ཉིན་བྱེད་མཆོག་གི་བཞེད་སྐོང་དུ། ཟབ་གཏེར་ཚད་ལྡན་གྱི་གཞུང་ལ་བརྟེན་ནས་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། +
ཞེས་རྣམ་ཐར་གསོལ་འདེབས་བྱིན་རླབས་འོད་ཕུང་ཞེས་བྱ་བ་འདི་ཉིད་རང་སློབ་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་ཡང་ཡང་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་གང་དྲན་ཆལ་ཆོལ་དུ་སྨྲས་པ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། +
ཅེས་པ་འདི་ཡང་བདུད་འཇོམས་རྡོ་རྗེས་བརྡ་ལ་བརྟེན་་ནས་སྦྱར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། +
།ཞེས་པའང་ངེས་གསང་སྙིང་པོའི་རིང་ལུགས་ལ་གཡར་དམ་དུ་མཛད་པ་མཁྱེན་བརྩེའི་བདག་ཉིད་དྲག་ཤོས་ཕུན་ཚོགས་དབང་འདུས་ཀྱི་གསུང་གིས་བསྐུལ་བ་ལས། རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཟླའི་ཤེར་ཕྱོགས་ཀྱི་རྒྱལ་བ་དང་པོར་བུམ་ཐང་དཔལ་རིའི་བཀྲ་ཤིས་པདྨ་གླིང་དུ་སྦྱར་བ་ཛ་ཡནྟུ།། +
།དེ་ལྟར་གཏེར་སྲུང་མཆོད་ཕྲིན་འདིའང་ཤིང་ཕོ་འབྲུག་ལོར་མོན་ཁ་སེང་གེ་རྫོང་གི་ཀེའུ་ཚང་དུ་དཔལ་ཆེན་ཕུར་བུའི་ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བར་གཏེར་ཞལ་འབྱེད་པའི་སྐབས་སུ་རིག་འཛིན་ཐུགས་མཆོག་རྡོ་རྗེའི་བཀས་བསྐུལ་བཞིན་དུས་ཞབས་ཀྱི་གཏེར་སྟོན་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་རང་ཉིད་ཀྱིས་སྦྱར་བའོ།། +
ཞེ་པའང་སྔགས་འཆང་བདུད་འཇོམས་གླིང་པས་འཕྲལ་དུ་བྲིས་པ་དགེའོ།། +
ཅེས་པ་འདིའང་གཅོད་པ་རྒྱ་ལིའི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། +
།ཞེས་པའང་རང་གཞན་རྣམས་ཀྱི་རྐྱེན་སེལ་སྲུང་ཟློག་གནད་བསྡུས་གཅིག་ཆོག་ཏུ་མཐོང་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་ལེན་འཇུག་པ་བདེ་བར་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་དགེ་སྦྱོང་རིན་ཆེན་ཕུན་ཚོགས་སོ། །འདིས་ཀྱང་སྐྱེ་འགྲོ་རྣམས་ཉེས་པའི་གདུང་བ་སེལ་བའི་ཆ་རྐྱེན་དུ་གྱུར་ཅིག །ཛ་ཡནྟུ།། +
* '''First colophon:''' །ཞེས་པའང་སྐབས་འགའ་ཞིག་ཏུ་མདུན་དཀྱིལ་སོགས་ཀྱི་སྤྲོས་པ་མི་ལྕོགས་པར་ཉམ་ཐག་གློ་བུར་རྗེས་འཛིན་གྱི་ཆ་རྐྱེན་ལ་ཕན་པའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེ་དོན་ཚང་དུ་སྦྱར་བ་ཤུ་བྷཾ།།
* '''Second colophon:''' །ཞེས་པའང་ཛྙཱ་ནས་སོ།།
+
བདུད་འཇོམས་པས་སོ།། +