ཛཔ྄་སྔགས་བྱང་བུ།

From Dudjom Wiki
Revision as of 16:34, 5 August 2024 by Mort (talk | contribs)

TTDL-ZABTER-02-KHA-008
Wylie title dzap sngags byang bu/
Location bdud 'joms gling pa zab gter
Volume 2, Text 8, Pages 165 (Folios 1a1 to 1a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dzap sngags byang bu/. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 165. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'dzab dmigs   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mantra Lists- sngags byang
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

།ཞེས་པའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སོ།།

/zhes pa'ang khrag 'thung bdud 'joms rdo rjes so//

[edit]
ཐྂ༎༔ རང་ཉིད་འཇམ་དཔལ་སྒྱུ་འཕྲུལ་རོལ་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གསལ་བའི་ཡབ་རྣམས་ཀྱི་ཐུགས་ཀར་པདྨ་དང་ཉི་ཟླའི་གདན་ལ་རལ་གྲི་དྷཱིཿ ཡིག་གིས་མཚན་པ་ཅན་གྱི་མཐའ་སྐོར་དུ་རང་རང་གི་སྔགས་ཀྱིས་བསྐོར་བར་བསྒོམ༔ ཡུམ་རྣམས་ཀྱི་ཐུགས་ཀར་ཧྲཱིཾཿཡིག་རང་མདོག་གི་མཐར་འོད་ཟེར་གྱི་འཁོར་ལོ་གཡོན་དུ་འཁོར་བར་བསྒོམ༔ དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་འཇམ་དཔལ་རིགས་ལྔའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་ཐུགས་སྲོག་དང་སྔགས་ཕྲེང་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཆེན་པོའི་ངང་རྒྱས་ཤིང་རྩལ་འབར་བར་བསྒོམ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿཨོཾ་ཝ་ཀྱཻ་དཾ་ན་མ༔ ཨོཾ་ཝཱ་གཱི་ཤྭ་རི་མུཾཿཨོཾ་ཧྲཱིཿདྷཱིཿམ་མེ་དྷཱི་བཾ་མཉྫུ་ཤྲཱི་མཱུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱི་དྷཱིཿསྭཱ་ཧཱ༔ ཨོཾ་པྲ་སོད༔ ཆུ་སོད༔ སོགས་སོ༔ ཡང་ན༔ ཨོཾ་མཉྫུ་ཤྲཱི་ཀཱ་ལ་ཀྲོ་དྷ་ཧཱུྃ་ཧྲཱིཿཨོཾ་ཧཱུྃཏྲཱཾ་ཧྲཱི་ཨཱ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བར་མ་ཆད་པར་ཆུ་བོའི་རྒྱུན་ལྟར་བཟླའོ། །ཞེས་པའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སོ།། །།