DJYD-KABUM-22-ZA-018

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-22-ZA-018

(1ན)ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་ག་ཁྲིགས་ཟིན་བྲིས་ལ། ཚིག་བདུན་གསོལ་འདེབས། གསོལ་འདེབས་རྣམ་གཉིས་རྒྱས་བསྡུས་གང་རུང་མཐར། ཆོས་སྐུ་སྣང་མཐའ་སོགས་བརྒྱུད་འདེབས་ལྷུག་འདོན། ཨོཾ་ཨཱཿཧཱུཾ་འཆི་མེད་ལྷ་ཚོགས་སོགས་ཐལ་སྦྱར་མེད་པས་ཁྲུས་གདངས་ཀྱིས་ལན་གསུམ། ཧྲཱིཿ བདག་གཞན་སོགས་ཁྲུས་གདངས་ཀྱིས་ལན་གསུམ། ཧྲཱིཿ ཀ་དག་སོགས་ཡོ་ག་སྤྱི་གདངས་བཞི་དྲིལ། ཧྲཱིཿ པདྨར་དྲིལ་གསིལ། མིང་ཡང་མེད་མཐར་རོལ། བྱིན་འབེབས་ལ་སྤྲོས་ཚེ་ལྷ་དབང་རྟ། ཚིག་མཇུག་ཐམས་ཅད་མགྱོགས། མཐར་རོལ་མོ་འཆོལ་རྒྱག ཌཱ༽ །རྒྱུན་དུ་ཡོ་ག་བཞི་དྲིལ། ཧྲཱིཿ ཐུགས་ལས་རཾ་སོགས་ཡོ་ག་བཞི་དྲིལ། བཛྲ་པཥྤེ་སོགས་ལ་པད་སྐོར་དང་སེ་གོལ་མེད་པའི་རང་རྒྱ། ཨོཾ་པཉྩར་པང་སྐོར་མཆོད་རྒྱ་སེ་གོལ། ཨོཾ་པཉྩར་པད་སྐོར་མཛོད་རྒྱ་སེ་གོལ། ཧོ་ཧྲཱིཿཞེས་རོལ། ཌཱ༽ ཧྲཱིཿ མི་དམིགས་སོགས་ཡོ་ག་བཞི་དྲིལ། རྡོར་གསོར་བཅས། ཧྲཱིཿ བདེ་ཆེན་སོགས་ཡོ་ག་བཞི་དྲིལ། ས་མཱ་ཛཿར་བསྡུ་རྒྱ། ཛཿཧཱུྃ་བཾ་ཧོཿར་རང་རྒྱ། ས་མ་ཡ་སོགས་རོལ། ༼ཌཱ མེ་ཏོག་སོགས་ཡོ་དྲིལ། མ་ཧཱ་པཱུ་ཛར་རོལ། ཌཱ༽ ཧྲཱིཿ ཆོས་དབྱིངས་སོགས་ཡོ་དྲིལ་མཐར་རྡོ་དྲིལ་སར་བཞག ། (1བ)ཧྲཱིཿ བདག་གི་སོགས་ལྷུག །བསྙེན་བཟླས་ཅི་འགྲུབ་མཐར། མདུན་བསྐྱོད་ཨོཾ་སྭ་བྷཱ་ཝ་སོགས་ལྷུག་འདོན་དལ་བ། རྡོར་གསོར་བཅས་ཧྲཱིཿམགོན་པོ་སོགས་ཡོ་དྲིལ་ནས་རོལ ཌཱ༽ ཛཿཧཱུཾ་བྃ་ཧོཿར་རང་རྒྱ། གྱུར་ཅེས་རྡོར་དྲིལ་སར་བཞག །ཐལ་སྦྱར་བཅས། འཇིག་རྟེན་འདིའམ་སོགས་རབ་འབྱམས་རྒྱ་མཚོའི་རྟ། སྔགས་རྣམས་ལ་པད་སྐོར་རེ་དང་རང་རྒྱ་སེ་གོལ། ཤཔྡར་བཞི་རོལ་དང་དྲིལ་གསིལ། པཉྩ་ཀ་མ་གུ་ཎ་དང་། སཔྟ་མ་ཧཱ་རཏྣར་པད་སྐོར་མཛོད་རྒྱ་སེ་གོལ། རང་བྱུང་གདོད་ནས་སོགས་བཀའ་བརྒྱད་སྨན་མཆོད་རྟ་ལ་དྲིལ་བུ་མི་འདེགས། འཆི་མེད་དཀྱིལ་འཁོར་དང་། རྣམ་དག་བདུད་རྩིར་དྲིལ་གསིལ། ཐུགས་ཐིག་ལྟར་དྲིལ་སྟབས་སྔོན་འགྲོས་རང་བཞིན་རྣམ་དག་སོགས་ཁྱོགས་འབེབས་བཞི་དྲིལ་ནས་རྡོ་དྲིལ་སར་བཞག །བདག་མདུན་སོགས་ལྷུག་གིས་བཟླས་པ་༡༠༠རང་སྲོག་སྔགས་སོགས་ལྷུག་བཟླས་པ་༥༠ཚེ་ཡི་རིག་འཛིན་སོགས་ལྷུག་བཟླས་པ་༢༡ཞྭ་བཅས་སློབ་དཔོན་མདའ་དར། བྱིངས་རྡོ་དྲིལ་བཅས་ཕྱག་རྒྱ་གར་ཚེ་ལྟར་ལས་གཤིན་འབེབས་རྟ། རྒྱུན་དུ་ཕྱག་རྒྱ་མེད་པའི་ལྷུག་འདོན་གྱིས། ཧཱུཾ། བཅོམ་ལྡན་མགོན་པོ་སོགས་མཐར་རོལ། ཧྲཱིཿ འཁོར་འདས་སོགས་ཁྲུས་(2ན)གདངས། འདིར་གཏོར་བསྔོ། སེང་གདོང་སྤྱན་འདྲེན་རོལ་རྐང་གསུམ། བསྟོད་མཇུག་རོལ་རྐང་གསུམ། ཚོགས་ཐུགས་ཐིག་ལྟར་ལས་བྲོ་བརྡུང་མཇུག །ཨོཾ་ཨཱཿཧཱུཾ་ཆོས་དབྱིངས་སོགས་ལྷུག་མཐར་ཛཔྲ་ཁ་ཤས་ནས། ཨོཾ་བཅོམ་ལྡན་ཚེ་དཔག་སོགས་ཐལ་སྦྱར་ཁྲུས་གདངས། རེ་རེ་བཞིན་སྔགས་རོལ་འོག་ཌཱ་བཅས། རྗེས་ཆོག་གཞན་ཐུགས་ཐིག་ལྟར་རོ། །འདི་ནི་སྨིན་གླིང་ཚོགས་ཆེན་དབུ་མཛད་དགའ་བོ་ལགས་ནས་རྡོར་འཛིན་རྣམ་གྲོལ་རྒྱ་མཚོར་ཆོག་ཁྲིགས་སྩལ་བའི་མཆན་བུ་ལས་ཞལ་བཤུས་པ་ལགས། བཤུ་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།