DJYD-KABUM-22-ZA-020

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-22-ZA-020

༄༅། །བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཀྱི་བཅའ་གཤོམ་འདོན་འགྲིགས་ཟིན་བྲིས་བཞུགས་སོ། །

(1བ)ཨོཾ་སྭསྟི། བཅའ་བཤོམ་རྣམས་གཞུང་གསལ་ལྟར་ལ་སྟོན་པའི་སྐུ་དར་དམར་སེར་གང་རུང་གི་ན་བཟའ་ཅན་བཞུགས་སུ་གསོལ་བའི་མདུན་དུ་གཡོན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། ལྟེ་བར་ཁྲི་སྟེགས་ཁར་ཡོན་བདག་གི་འདྲ་གླུད་ཀྱི་ལྟོ་བར་ཨེ། རཾ། ཡཾ། ཁཾ་བཞི་པོ་དབུ་ཅན་བྲིས་པ་དང་། ཞོ་ཤ དྲུང་། བསེ། མཚལ། ཟེར་མོ། མུ་ཏིག །ལུང་ཐང་། འགྲོན་བུ། དར་དམར། དབང་ལག །ལྕགས་ཟངས་ཚལ་བུ་རྣམས་གནས་སོ་སོར་བཅུག །ཤིང་བྱང་རྒྱབ་ཏུ་འདོད་གསོལ་སྐབས་ལྟར་བྲིས་ལ་སྐབས་(2ན)ཐོབ་གང་དགོས་སོ་སོར་ཁ་བསྒྱུར། བདུད་བཞིའི་རྒྱབ་ཏུ་རང་མདོག་དང་མཐུན་པའི་མདའ་དར་བཞི་འཛུག །ཤེར་སྙིང་གཟུངས་དང་རྟེན་སྙིང་གཟུངས་གཞུག་ཅན་གྱི་སྭཱཙྪ་བཅུ་ཚར། དྲི་བཟང་གིས་བསྒྱུར་བའི་རབ་གནས་འཐོར་ནས་བཅས་ཉེ་ཆར་བཀོད། གཞན་རྣམས་གཞུང་བསྟན་ལྟར་ལས་བསྣན་འཕྲི་མེད། དངོས་གཞིའི་ཐོག་མར། སྨྲ་བསམ་བརྗོད་མེད་སོགས་དང་། འདི་སྐད་བདག་གིས་ཐོས་པ་སོགས་ནས། མངོན་པར་བསྟོད་དོ་བར་ཚར་གཅིག་མཐར། ཆོས་སྤྱོད་ལས་འབྱུང་བ་ལྟར་སྐྱབས་སེམས་དང་ཚད་མེད་བཞི་ཡན་གྲུབ་ནས་གཞུང་གི ། ཨོཾ་(2བ)སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས་ལྷུག །ས་མ་ཡ་ཛཿཛཿ་ཞེས་རྡོ་དྲིལ་བཅས་བསྡུ་རྒྱ། ཐལ་སྦྱར་བཅས། མགོན་པོ་ཐུགས་རྗེ་སོགས་ཡོ་གདངས་དང་ལྷུག་གཉིས་གང་བདེ། པད་མེད་རང་རྒྱ་བཅས་ཨརྒྷཾ་སོགས་ཤཔྡར་རོལ་སིལ། རང་རྒྱ་བཅས་ཛཿཧཱུཾ་བཾ་ཧོཿསོགས་ནས་བསྐོར་བར་གྱུར་བར། བཟླས་པ་༡༠༠༠ རང་གི་ཐུགས་ཀའི་སོགས། རྡོར་གསོར་དང་བཞི་དྲིལ་བཅས་ཆོས་སྤྱོད་ལྟར། མ་ལུས་སེམས་ཅན་སོགས་ནས། མཆོད་པའི་གནས་འདིར་གཤེགས་སུ་གསོལ་བར་ཡོ་གདངས་དང་ལྷུག་གཉིས་གང་བདེ། མཇུག་རོལ་སོལ། པད་མེད་རང་རྒྱས་ཨརྒྷཾ་སོགས་རོལ་སིལ། ཡོ་ག་བཞི་དྲིལ་བཅས། བསྟོད་པར་འོས་པ་སོགས་མཐར། ནམ་མཁའི་སོགས་ནས་ཐིམ་པར་གྱུར་བར། རྟེན་སྙིང་ཉེར་གཅིག་བཟླས་མཐར་འཐོར། ཐམས་ཅད་མཁྱེན་པ་སོགས་ནས། ཡང་དག་པ་རྣམས་སོ་བར། དེ་ནས་ཞྭ་བཅས་ཡེ་དྷར་དང་དྲིལ་གསིལ་སྔོན་འགྲོས་རང་གདངས་ལྷུག་གཉིས་གང་བདེ་བཞི་དྲིལ་བཅས་ཕུན་སུམ་ཚོགས་པ་སོགས་ལྷུ་གསུམ། མཇུག་རོལ་སིལ། ཞྭ་ཕུད། ནད་མེད་རང་རྒྱ་བཅས། ཨཨརྒྷཾ་སོགས་རོལ་སིལ། བཞི་དྲིལ་དང་ཡོ་གདངས་(3ན)བཅས། བསྟོད་པར་འོས་པ་སོགས། དྲིལ་བཞག །ལྷུག་གིས་ཇི་སྙེད་སུ་དག་སོགས་ནས། ཆེན་པོར་བསྔོ་བར། སྔགས་དྲུག་སྐབས་པད་མེད་རང་རྒྱ་བཅས་སོ་སོའི་སྔགས་ཚར་གསུམ་རེ་དང་གྱུར་ཞེས་དུས་རྒྱ་བཀྲོལ་ཏེ་སོགས། ན་མོ། བདག་གི་བསམ་པའི་སོགས་ལྷུག་འདོན། སྐབས་འདིར་གསེར་སྐྱེམས་འདོན་ན་རང་གདངས་རོལ་བཅས་འདོན། རྗེས་ཟིལ་མཇུག་དང་། གསེར་སྐྱེམས་མི་འདོན་ན། ཐང་གསུམ་ཟིལ་མཐར། སྦྲམ་ སྦྲམ་ཐར་ ༡ ༢ ༣ ༤ ༥ ༦ ༧ ༧ ༨ ༩ ཐང་སྦྲམ་ཐང་སྦྲམ་ཐམ་ཟད་ནས་རྩེ་ཕྲན་གྱིས། 扫描 ཀྱེ་སང༵ས་རྒྱས༵་རྐང༵་གཉིས༵་གཙོ༵་སྟེ༵་བདེ༵ན་པའི༵་མཆོག༵ ། ཆོས༵་ཉིད༵་ཆག༵ས་དང༵་བྲལ༵་ཏེ༵་བདེ༵ན་པའི༵་མཆོག༵ ། དགེ༵་འདུན༵་འདུས༵་པའི༵་གཙོ༵་སྟེ༵་བདེ༵ན་པའི༵་མཆོ༵ག །བདེ༵ན་པའི༵་མཆོ༵ག་ནི༵་དཀོ༵ན་མཆོ༵ག་གསུ༵མ་གྱི༵་བཀའ༵་སྦྲམ་༡ ༢ སོགས་རོལ་གདངས་གོང་ལྟར་གྱིས་(3བ)བཀའ་ལ་ཉོན་བར། དེ་ནས་བཟློག་རོལ་ཆུང་བ་གཉིས་བརྩེགས་ཀྱིས། ཀྱེ། སྲིད་གསུམ་འདི་ན་སོགས་ནས་ཕྱག་སོར་བཞི་ཡི་རྩེ་ལ་བཞུགས་བར། སྦྲམ་སོགས་བཟློག་རོལ་ཆུང་བ་དང་ཟིལ་འབེབས་འོག་སྔགས། མཐར་བཟློག་རོལ་ཆུང་བས། ཀྱེ། སྔོན་ཚེ་རྒྱལ་བ་སོགས་ནས། སྲི་ཞུའི་མགྲོན་དང་ལྡན་གྱུར་ཅིག སྦྲམ་སྦྲམ་༡ ༢ ༣ ༤ ༥ ༦ ༧ ༨ ༩ སྦྲམ་སྦྲམ་གྱིས་བཞག །དེ་ནས་ཁ་འབར་མའི་སྔགས། ན་མཿས་མནྟ་བུངྔྷ་ནཱཾ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃཿགིས་བསྔོ་ཞིང་། བདག་ཅག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ལོངས་སྤྱོད་ཀྱི་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿས་ཕྲིན་ལས་གསོལ། གཏེར་ཆེན་ཟིན་བྲིས་ལ་དེ་ལྟར་མི་འབྱུང་ཡང་ཞལ་ཁྲིད་ལས་བྱུང་བ་ལྟར་བཀོད་པ་ལགས། གོང་དུ་གསེར་སྐྱེམས་མ་གྲུབ་ན་འདིར་བཏང་། དེ་ནས་མགོ་རོལ་མེད་པས། ཀྱེ། མཐོ་བ་རྣམས་ཀྱིས་སོགས་ནས་རླུང་ལྷའི་དམག་ཚོགས་བཟློག་ཏུ་གསོལ། །ཨོཾ་ཨ་པ་ར་སོགས། ཡེ་སྭཱ་ཧཱ། སྦྲམ་སོགས་བཟློག་ཆུང་གིས་བཞག །ཟིལ་མེད། སྐབས་སོ་སོར་གཞུང་གསལ་ལྟར་སྐྱེམས་འབུལ་ཞིང་། ནས་ནག་(4ན)གིས་བྲབ། རྃ་ཡྃ་ཁྃ། སྟོང་པའི་སོགས་མཐར། ནམ་མཁའ་མཛོད་ཀྱི་སྔགས་རང་རྒྱ་བཅས་ལན་གསུམ། མགོ་རོལ་མེད་པས། ཧཱུཾ། སྲིད་གསུམ་འདི་ན་སོགས་ནས། གནས་སུ་དེངས། བར་བཏང་། བཟློག་ཆུང་གིས་བཞག །ཟིལ་མེད། ཐལ་སྦྱར་མེ་ཏོག་བཅས། ན་མ། བརྒྱ་བཞི་སོགས་སྨན་གདངས། མཐར་མེ་ཏོག་འཐོར། མགོ་རོལ་མེད་པས། ཀྱེ། མཆོད་སྦྱིན་བརྒྱ་བཞིའི་སོགས་ནས། བརྒྱ་བཞིས་བཟློག །བར་རོལ་བཟློག་ཆུང་གིས། གོང་གི་ཀྱེ། མཐོ་བ་སོགས་ནས་འདི་ཡན་གྲངས་བསགས། ཚར་རྗེས་མའི་བཟློག་པར་གཞུང་གསལ་ལྟར་ཐལ་རྡེབ་བྱ། དེ་མིན་གྲངས་བསགས་ཚེ་ཐལ་རྡེབ་མེད། སྐབས་འདིར་གྲངས་རྫོགས་ཉེ་བའམ་ཡང་ན་ཚོགས་གྲོལ་ཚེ་མཆོད་གཡོག་པས་མཐོང་བརྒྱུད་བཞིན་ནང་ནས་སྒོའི་བར་རིམ་བར། དང་པོ་གླུད་གཏོར་རྣམས་སྣོད་གཅིག །ཕུང་བདུད་དང་སྭཙྪ་སྣོད་གཅིག། །འཆི་བདུད་དང་ལན་ཆགས་སྣོད་གཅིག །ཉོན་བདུད་དང་མར་མེ་སྣོད་གཅིག །ལྷ་བདུད་དང་ཞལ་ཟས་སྣོད་གཅིག །དེ་དག་གི་མདུན་གསེར་སྐྱེམས་བཅས་བཤམ། ཚར་རྗེས་མའི་བཟློག་རོལ་ཆུང་བས་སམ། (4བ)ཚོགས་གྲོལ་བ་ཡིན་ན་ཐང་གསུམ་ཟིལ་དང་བཟློག་ཆུང་གིས། ཧཱུྃ། ཉོན་ཅིག་བགེགས་དང་སོགས་ནས་མ་འདའ་ཞིག །བར། བཟློག་ཆུང་རོལ་མཐར་ཟིལ་བཞག །དེ་ནས་རང་རོལ་དབྱངས་བཅས་ཕྱོགས་བཞི་མཚམས་བརྒྱད་སོགས་ཀྱིས་གསེར་སྐྱེམས་བཏང་། ཡས་གླུད་རྣམས་ནད་པ་སོགས་ཕོ་ལ་གཡས་དང་མོ་ལ་གཡོན་དུ་བསྐོར་བ་དང་བཅས། བཟློག་རོལ་ཆུང་བས། ཧཱུྃ། བགེགས་ཀྱི་རྒྱལ་པོ་སོགས་ནས། གནས་སུ་དེངས་བར། བཟློག་ཆུང་རོལ་མཐར་སྦྲེལ་ཏེ་དྲག་བརྡུང་གིས། གང་ཞིག་མཚན་མོ་སོགས། འདིའི་དུས་ལྷ་བདུད་དང་ཞལ་ཟས་ཤར། ཉོན་བདུད་དང་མར་མེ་ནུབ། འཆི་བདུད་དང་ལན་ཆགས་ལྷོ། ཕུང་བདུད་དང་སཱཙྪ་བྱང་དུ་འཕེན། གླུད་གཏོར་ཡས་ལམ། དུར་ཁྲོད། བདུད་གཅོད་སོགས་གང་གནོད་དུ་ཕུལ། མཇུག་དྲག་བརྡུང་ཟིལ་འབེབས་དང་ཆེ་མཆོག་པདྨ་རྒྱག་སྟེ་ཟིལ་བཞག །དེ་ནས་གཞུང་གསལ་ཤེས་རབ་སྙིང་པོའི་གཟུངས་སྔགས་བརྒྱ་སྐོར་འདོན་མཐར། ཐང་༡ སྦྲམ་སྦྲམ་བྱས་༡ ༢ སོགས་དྲག་བརྡུང་གིས་མཚམས་གཅོད་གང་འོས་འདོན། མཇུག་དྲག་བརྡུང་མཐར་ཟིལ་ནས་བཞག །སཱཙྪ་བཅུར་རེ་(5ན)རེ་བཞིན། རྟེན་སྙིང་༢༡ཙམ་བཟླས་ཏེ། འདིར་ནི་གཟུགས་སོགས་སྔགས་བཅས་ཀྱིས་བརྟན་བཞུགས་བྱས་ཏེ། གདངས་ལྷུག་གང་བདེས། ཆེ་བའི་ཆེ་མཆོག་སོགས་ཀྱི་བཀྲ་ཤིས་བརྗོད། མཐར་རོལ་སིལ། ཁང་པའི་ཕྱོགས་མཚམས་རྣམས་སུ་གཞུང་གསལ་ལྟར་འཇོག །བར་འདིར་འགའ་ཞིག་གིས་བདུད་བཞིའི་གཟུགས་རྒྱབ་ཀྱི་མདའ་དར་བཞི་པོ་ཐོགས་ཏེ་ཚེ་འགུགས་བྱ་སྲོལ་སྣང་བ་ལྟར་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་གཞུང་དོན་ཆད་སྐྱོན་དུ་འགྲོ་བ་མ་ཡིན་པས་འདིར་མཛད་སྲོལ་མེད་ཅེས་གསུངས། དེ་ནས་མཆོད་པ་རྣམས་ཁ་གསོས་ཏེ་པད་གཅིག་རང་རྒྱ་སེ་གོལ་བཅས་ཨརྒྣཾ་སོགས་རོལ་སིལ། རྡོ་དྲིལ་བཅས་ཡང་དག་རྩ་གདངས་ཀྱིས། ན་མོ། དཀོན་མཆོག་གསུམ་སོགས་བཞི་དྲིལ། མཇུག་རོལ་སིལ་བཅས་ཀྱིས་གྲུབ། ཕྱག་གིས་རྡུལ་ཚོན་བསྡུས་ཏེ་ཁང་སྟེང་ལྟ་བུར་གཙང་སར་གཤེགས་ཏེ་ལས་རྗེས་བསྡུའོ། །དེ་ལྟར་བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཀྱི་འདོན་ཟིན་འདི་ནི་རྣམ་འདྲེན་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་དང་ཚོགས་ཆེན་བྱང་འདྲེན་པ་འཇམ་དཔལ་ཚུལ་ཁྲིམས་ཟུང་གི་ཞལ་ཁྲིད་ཇི་ལྟར་སྩལ་བ་རྣམས་རང་གི་དྲན་གསོས་སུ་(5བ)བཏབ་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། ། ༈ བདག་བསྐྱེད་ཀྱི་ཆོ་ག་གཞན་དང་སྦྲེལ་ནས་བཏང་ཚུལ་ནི། གཏེར་ཆེན་ཉིད་ཀྱི་ཟིན་བྲིས་ལྟར་ཤེས་པར་བྱའོ། །