DJYD-KABUM-22-ZA-021

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-22-ZA-021

༄༅། །ཕུར་པ་གནམ་ལྕགས་སྤུ་གྲིའི་ལས་བྱང་སྨད་ལས་བཅས་ཀྱི་ཆོག་ཁྲིགས་ཟིན་བྲིས་བཞུགས། ། (1བ)ཨོཾ་སྭསྟི། (ཕུར་པ་གནམ་ལྕགས་སྤུ་གྲིའི་ལས་བྱང་ཆོག་ཁྲིགས་ཟིན་བྲིས་ལ། གང་དུ་བྱ་བའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་། ཁྱད་པར་ལྷག་པའི་མལྷ་འདི་ཉིད་ཀྱི་རྟེན་བྲིས་འབུར་གང་རུང་བཤམས་པའི་མདུན་སྟེགས་གཙང་མར་རྩ་བའི་མཆོད་གཏོར་དང་བཀའ་སྲུང་སྤྱི་སྒོས་ཀྱི་གཏོར་མ་ཕྱི་ནང་གི་མཆོད་པ། སྡོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་འདིར་དགོས་པའི་ཡོ་བྱད་རྣམས་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ལ། ཤེས་པར་བྱ་བའི་གནད་སྤྱིར་ཚིག་བསྟུན་རྔཾ། སྦུབས་ཚག རྩེ་ཕྲྃན། རོལ་གྲངས་དང་ཚིག་བསྟུན་འཆོལ་རྒྱག་དང་། ཆམ་རྒྱག་བཅས་རྟགས་འདི་རྣམས་བཞིན་མ་འཆོལ་བར་ངེས་པར་བྱས་ནས། ཆོ་ག་དངོས་ལ། ཐོག་མར་ཚིག་བདུན་གསོལ་འདེབས་ལན་གསུམ། (2ན)འཁྲུངས་རབས་དང་། རྣམ་ཐར་གསོལ་འདེབས་གཉིས་རེས་མོས།)

 འགྱུར་མེད་དབྱིངས་ཀྱི་མགོན་པོ་(སོགས་བརྒྱུད་འདེབས་ལྷུག་འདོན་རྗེས་རྐང་གླིང་༤དང་དུང་ཆེན་གྱིས་དྲངས་པའི་རོལ་མོ་བརྒྱ་བརྡུང་ནི་ཐིང་གསུམ་ཟིལ་འབེབས་མཐར་སྦྲམ་སྦྲམ་ཐིང་གསུམ་ཟིལ་འབེབས་སྦྲམ་༡ཐིང་ཟད་བྱས་ཐིང་གང་༡ ༢ ཐིང་ཟད་བྱས་ཐིང་༡ ༢ ༣ ཐིང་ཟད་བྱས་ཐིང་༡ ༢ ༣ ༤  ཐིང་ཟད་བྱས་ཐིང་ ༡ ༢ ༣ ༤ ༥ ཐིང་ཟད་བྱས་ཐིང་དེ་འདྲ་བས་༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡  ཐིང་ཟད་བྱས་ཐིང་སྦྲམ་ཐིང་གང་ཆེ་བ་གསུམ་ནས་ཟིལ་འབེབས་བཞག་རོལ།   (རྐཌཱ)) ཕྱོགས་བཅུ་དུས་གསུམ་གྱི་(སོགས།) ས་མཱ་ཛཿ(ར་བསྡུ་རྒྱ།   ཐལ་སྦྱར་བཅས་(2བ)རང་གདངས་ཀྱིས།)  ན་མོཿ   བླ་མ་རིག་འཛིན་(སོགས་སྐྱབས་འགྲོ་ལན་གསུམ་བསྐུལ་མཚམས་ནས་ལྷུག་གིས།)  ན་མོཿ   རྒྱུད་དྲུག་འཁོར་བར(སོགས་སེམས་བསྐྱེད་ལན་གསུམ།)རྡོ་རྗེ་སློབ་དཔོན་སངས་རྒྱས་(སོགས་རང་གདངས་སམ་ལྷུག་གང་འོས་ཀྱིས་ཡན་ལག་བདུན་པ་ལན་གཅིག   །)ཛ་ཧཱུྃ་བྃ༴   རྒྱུད་བྱིན་གྱིས་བརླབས་པར་གྱུར།   ཨོཾ་བཛྲ་ཀཱི་ལི༴   སྐུར་གྱུར།   (འདི་སྐབས་ལས་རྡོར་གྱིས་གྲལ་གཤམ་དུ་བགེགས་གཏོར་བཤམ།)  ཨོཾ་བཛྲ་ཀྲོ་དྷ་(སོགས་ལ་ཆབ་བྲན།)  སྟོང་པའི་ངང་ལས་(སོགས།) ཨོཾ་ཨཱཿཧཱུྃ་(ལ་མཁའ་ལྡིང་རྒྱ།   སློབ་དཔོན་ནས་རྡོ་དྲིལ་བཅས།)  སརྦ་བྷུ་ཏ(ར་འགུགས་རྒྱ།)ན་མཿསརྦ(ར་པད་སྐོར་མཛོད་རྒྱའི་མཐར་པད་སྦུབས་ཀྱིས་སེ་གོལ་བཅས་ལན་གསུམ།   ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད།   རྐ༤)  ཧཱུྃ༔   ང༷་ནི་དཔལ༷་ཆེན་(སོགས་རང་གདངས་)བཀ༵འ་ལ་ཉོན༔  (བྱས་སུམ་བརྡུང་འཇོག་ཡོད།) ཧཱུྃ༔   གསང་བ་བླ༷་ན་(སོགས་ལྷུག) །   བསྲེག་པར་གྱུར༔    དེ་བས་ལྟ་(ལ་འཇགས་རོལ་ནས།   སྦྲམ་ཐིང་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ཐིང་སྦྲམ་ཐིང་ཟད་) ཧཱུྃ༔    བད༷ག་ཉིད༷་དཔལ༷་ཆེན༷་(མཚམས་གཅོད་རང་གདངས།   ཚིག་གཉིས་རེའི་མཚམས་སུ་རོལ་མོ་གོང་འདྲ་ཐིང་འཇོག་གཉིས།   སྔགས་རོལ་འོག་དང་དགུ་བརྡུང་འཇོག་གཉིས།)སྟེང་ཡང་རྡོ༷་རྗེ་(སོགས་ལྷུག་མཐར་སུམ་བརྡུང་ཕྱེད་ནས་ཟིལ་འབེབས་བཞག་རོལ།)ཧཱུྃ༔   བདེ་(3ན)གཤེགས་རྒྱལ་བ་(སོགས་ལྷུག་འདོན།   ཡིག་བརྒྱར་དྲིལ་གསིལ།   རྔ་ཆིངས་ཀྱིས།)  ཧཱུྃ༔    སྣང་བ་ཁྱབ༷་བརྡལ་སོགས།   བཛྲ་ས་མ་ཡ་(ཡ༡)ཧཱུྃ༔   (སུམ་བརྡུང་འཇོག་ཡོད།)  ཧཱུྃ༔   ཁྱབ་བརྡལ་འོ༷ག་མིན༴   ངང་དུ་བྱིན་ཕོབ་(ཡ༡)ཅིག༔   (སུམ་བརྡུང་གཉིས་ནས་བརྒྱུད་གསུམ་རོལ་མོ།   ༡(ཡ༡)བྱས་ ༢བྱས་༣བྱས་༡༢༣བྱས་༡བྱས་(ཡ༡)༢བྱས་༣བྱས་༡ ༢ ༣ བྱས་ ༡ བྱས་(ཡ༡)༢བྱས་ ༣བྱས་ ༡ ༢ ༣བྱས་  སྦྲམ་ཟིལ་འབེབས་བཞག་རོལ།   ཌཱརྐ༣) རྃ་ཡྃ་ཁྃ༔   བདག་གི་ཐུགས་ཀ་ནས་(སོགས།   འདི་སྐབས་ལས་རྡོར་གྱིས་སློབ་དཔོན་མདུན་གྱི་ནང་མཆོད་དང་སྨན་རཀ་གི་ཁེབས་བསལ།) ཨརྒྷཾ་(སོགས་ལ་པད་སྐོར་དང་སེ་གོལ་མེད་པའི་རང་རྒྱ།)ཤཔྡ(ར་རོལ།   (ཌཱརྐ༣) སྨན་རཀ་གཏོར་སྔགས་གསུམ་རེ།)སྥ་ར་ཎ(ར་ལག་གཉིས་ཕྱིར་བསྟན་གྱིས་སེ་གོལ་མཐར།   ཇ༽  ཇ་མཆོད་)ཀུན་བཟང་རྡོར་སེམས།   མི་མིན་རང་སྣང་།   སྔོན་ཚེ་རིག་འཛིན་(བཅས།   ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་ཡོད།)  ཧཱུྃ༔    རྡོ་རྗེ་ཁྲོས༷་པས་(སོགས་ཐུན་གདངས་ནར་འདེད།)བཛྲ༷་ས༷་མ་ཏི༷་སྟྭ༷ཾ༔   (རྔ་ཚག་གིས་བཞག) །   ཧཱུྃ༔   ཐབས་ཀྱི་སྤྱོད་པས་(སོགས་ལྷུག   །)དབུ་བརྒྱན་པར་གྱུར།   (བསྐུལ་མཚམས།)  རང་གི་ཐུགས་ཀའི༴   འོག་མིན་གསང་ཆེན་(སོགས་རྐང་གླིང་༤དང་དུང་ཆེན་གྱིས་དྲངས་པའི་ཐིང་གསུམ་ཟིལ་འབེབས་ནས་ཉིས་བརྡུང་ཁོལ་མ་སྦྲམ་(3བ)སྦྲམ་ཐིང་༡ཐིང་༢ཐིང་ཟད་བྱས་ཐིང་༡ཐིང་༢ཐིང་ཟད་བྱས་ཐིང་ཟད་ནས།)ཧཱུྃ༔    ཆོས་དབྱིངས་སྒྱུ༷་མར་(སོགས་ལྷུག   །)འཁོར་དང་བཅས༔    མ་ཐོགས་སྒྲུབ་པའི་གནས་(སོགས་འཇགས་རོལ་སུམ་བརྡུང་།   ཌཱརྐ༣)  ཧཱུྃ༔   དཔ༷ལ་ཆེན་རྡོ༷་རྗེ༴   བརྟན་པར་བཞུགས་སུ་གསོལ༔   (བྱས་སུམ་བརྡུང་འཇོག་ཡོད་སྔགས་རོལ་འོག) །   ཧཱུྃཿ   རང་བྱུང་ལྷན༷་སྐྱེས་(སོགས་ལྷུག   །)པཱུ་རུ་ཤ་ཡ་ཧོཿ  (སུམ་ཕྱེད་ཟིལ་འབེབས་བཞག་རོལ་གྱིས་རྔ་སྦུག་གནས་སུ་འཇོག  ཇ༽   །ཇ་མཆོད་)དུས་གསུམ་སངས་རྒྱས།   འཇིག་རྟེན་འདིའམ་(སོགས་ཡོ་ག་སྤྱི་གདངས་ཐལ་སྦྱར་བཅས།)  ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་(སོགས་ལ་པད་སྐོར་གཅིག་གིས་ཐོག་དྲངས་སོ་སོའི་རང་རྒྱའི་མཐར་སེ་གོལ་དང་།)  ཤཔྡ(ར་རོལ་བཞི་རྡེག   །)སྤརྴེ་(ནས་ཐལ་སྦྱར་ཕབ་སྟེ་ལག་གཉིས་ཁུ་ཚུར་སྟེང་འོག་སྦྱར་བ་བརླ་གཡོན་སྟེང་འཇོག   །བསྐུལ་མཚམས་ཀྱིས།) རྡོ་རྗེ་སྒེག་མོ་(སོགས་སྤྱི་གདངས།)  བཛྲ་ལཱ་སྱ་(སོགས་ལ་པད་སྐོར་རེ་དང་རང་རྒྱ་སེ་གོལ།) བཛྲ་གནྡྷེ་(ནས་ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་ཡོད།)  ཧཱུྃ༔   དམར་ཆེན་ཁྲག་གི༴   རྐང་གླིང་ཐོད་རྔ་(སོགས་ལ་རྐང་གླིང་ལྔ་འབུད་དང་ཌཱ་རུ་ཁྲོལ།) ཤཔྡ་པྲ་ཏཱིཙྪ(ར་སུམ་བརྡུང་འཇོག་(4ན)མེད་ཀྱིས།)ཧཱུྃ༔    ར༷ང་བྱུང༷་གདོ༷ད་ན༷ས་(སོགས་དྲག་དམར་མཆོད་དབྱངས།   ཚིག་གཉིས་མཚམས་རོལ་མོ་སུམ་བརྡུང་།)  དཔའ་བོའི་རོ༷་དང་(ནས་ལྷུག   །འདི་སྐབས་ལས་རྡོར་དང་སློབ་དཔོན་གཉིས་ཀས་སྨན་ཐོད་བཏེགས་ཤིང་སྔགས་བསྟུན་ལས་རྡོར་གྱིས་བདུད་རྩི་འཕྱར་ཞིང་སློབ་དཔོན་གྱིས་འཐོར།)  ཨོ༷ཾ་ཨཱ༷ཿཧཱུ༷ྃ༔   བླ༷་མ་རིག༷་འཛིན་(སོགས་ལ་སྨན་སྣོད་རང་གནས་སུ་འཇོག་ཅིང་སྔགས་བསྟུན་སློབ་དཔོན་གྱིས་གནས་སུམ་དུ་དངོས་གྲུབ་བླང་།)  ཧཱུྃ༔   སྣང་བ་ཁྱབ་བརྡལ༴   གཏོར་ཆེན་པོ༔   རྡོ་རྗེ་སྲིན་པོའི་(སོགས་འཇགས་རོལ་རིང་པོའི་འོག་ལས་རྡོར་གྱིས་རཀྟ་དང་སྲས་ཕུར་སློབ་དཔོན་ལ་ཕུལ་ཏེ་བསྒྲལ་ཚར་ནས་སུམ་བརྡུང་འཇོག་ཡོད།) ཛཿ   དམ་ཚིག་ཆེ༷ན་པོའི༴   ཕཊ་ཕཊ་ཕཊ༔   (སུམ་བརྡུང་འཇོག་ཡོད།   དབྱངས་ཡོད་ན་ཟིལ་འབེབས་སུམ་བརྡུང་འཇོག་མེད།)ཧཱུྃ༔   གྲུ༷་གསུ༷མ་མཐི༷ང་ནག༷་སོགས།   འཚལ་ལེ་བསྟོད་དོ༔   (སུམ་བརྡུང་འཇོག་ཡོད།) འཇིགས་པའི་ཧ༷་ཧར་(ནས་ལྷུག་འདོན་ནར་འདེད་ཀྱིས།)  སླན་ཆད་སྡོམ༔   མི་སྒྲིབ་ཚངས་པའི་དངོས་གྲུབ་(སོགས་འཇགས་རོལ་གྱིས་རྔ་སྦུག་གནས་སུ་བཞག   །འོས་གྱུར་གསོལ་འདེབས་དང་།)  སྣང་གྲགས་རིག་གསུམ༴   སྐྱེ་བ་ཀུན་ཏུ་(སོགས་ཀྱིས་ཞོག་ཚོགས་གྲོལ།   ༼ཚ་གུང་སྦྲེལ་མར་༽)ཧཱུྃ༔    བཞེངས་ཤིག་བཞེངས་ཤིག་(སོགས་ལྷུག   །)ཨཏྨ་ཀོཉཧཾཿ  (བསྐུལ་མཚམས།)  སངས་རྒྱས་ཀུན་གྱི་སོགས་(སྐུ་ཛཔྲ་སྟོང་གཅིག   །)བདག་ཉིད་(4བ) གཙོ་བོའི༴   ཐོབ་པར་གྱུར།   (གསུང་ཛཔྲ་སྟོང་གཅིག) །   སྙིང་རྗེས་བསྒྲལ་བའི་(སོགས་ཐུག་ལས་ཛཔྲ་སྟོང་གཅིག།   །འདིར་སྨད་ལས་དང་སྦྲེལ་བའི་སྐབས་དེར་གསལ་གྱི་སྲུང་བའི་དམིགས་བཟླས་སོགས་སྦྱར་དགོས་ཤིང་།   ཚོགས་མཆོད་རྐྱང་པའི་སྐབས་དམ་ཅན་ཉེ་བསྙེན་༥༠དང་།   ངན་སྔགས་ཉེ་བསྙེན་༢༡ཙམ་བཟླས་མཐར།) ཧཱུྃ༔   འབར་བའི་དཀྱིལ་འཁོར་(སོགས་ལྷུག) །   མ་ཧཱ་པཉྩ་(སོགས་རོལ།   ཌཱརྐ༣)  ཧཱུྃ༔   སྲིད་གསུམ་གདུག་པ༴   སིདྡྷི་ཕ་ལ་ཧཱུྃ་ཨཿ  ཇ༽ (ཇ་མཆོད་)བལ་ཡུལ་ཡང་ལེ་(མ་དང་།) བསྐལ་པ་མེ་ལྟར་(མ།   དེ་ནས་བསྐང་གསོའི་མཆོད་བརླབ་འདས་གཏོར་ནས་བརྩམས་བསྐང་བཤགས་ཕྲིན་བཅོལ་བར་བཏང་ནས་གུང་ཚོགས་གྲོལ།   ༼བར་ཆ་ལ་༽  ལས་རྡོར་གྱིས་ཕྱག་བཅས་ཚོགས་ཞུས་མཐར།)ཨོཾ་སརྦ་དྲ་བྱཾ་(སོགས།   ཐིང་གསུམ་(རྐ༤)ཟིལ་འབེབས་སུམ་བརྡུང་འཇོག་མེད།) ཧཱུྃ༔   ར༷ང་ཉི༷ད་ལྷ༷་ཡི༷་(སོགས་རང་གདངས།)གཉིས་འཛིན་བཀྲུས༔  (སུམ་བརྡུང་འཇོག་ཡོད།)ཧཱུྃ༔   རྣམ་རྟོག་མཚ༷ན་མའི་(སོགས་ལྷུག   །འདི་སྐབས་ལས་རྡོར་གྱིས་མེ་རླུང་ཆབ་དང་བདུད་རྩི་བྲན།) རྫས་སུ་གྱུར༔    (སུམ་བརྡུང་འཇོག་ཡོད།)ཧཱུྃ༔     བླ་མ་རིག༷་འཛིན༴   བཅུད་ཅིག་ཕོབ༔     རྣལ་འབྱོར་སྒྲུབ་པ་(སོགས་འཇགས་(ཌཱརྐ༣)རོལ་གྱིས་བཞག   །)བཛྲ་ལཱ་སྱ་(སོགས་ལ་རང་རྒྱ།)ཧཱུྃ༔    རྩ་བརྒྱུད་བླ་མ་(སོགས་མགོ་རོལ་ཡོད་མེད་དབྱངས་དང་བསྟུན།)པཱུ་ཛ་ལ་ཁཱཧི༔   (སུམ་བརྡུང་འཇོག་ཡོད་ཀྱིས།   བསྐང་བ་གཏེར་གཞུང་དང་བལ་(5ན)ཡུལ་མ་གཉིས་རེས་མོས།   འདི་སྐབས་ལས་རྡོར་གྱིས་ལིངྒ་བསྒྲལ་ཆས་སྲས་ཕུར་སོགས་སློབ་དཔོན་མདུན་དུ་བཀོད།)  ཧཱུྃ༔    བླ་མ་ཡི༷་དམ་(སོགས་ལྷུག   །)མཐོང་ཞིང་བཤགས༔  ཚངས་པ་མཆོག་གི་(སོགས་འཇགས་རོལ་གྱིས་བཞག   །)ཨོཾ་བཛྲ་ཀཱི་ལི༴   ན་མོཿ    རིག་འཛིན་རྩ་བརྒྱུད་(སོགས།)ད་དགྲ་ཐད་དུ་(སོགས་འགུགས་(ཡ༤)རོལ་ཟིལ་འབེབས་སྐབས་རྐང་གླིང་གློག་མ་ཞེས་པ་ཞེས་པ་དང་པོ་རིང་བ།   གསུམ་པར་བཅད་མ།   བཞི་པར་རིང་བ་༡སྦྲམ་   སྦྲམ་(རྐ་རྡོར་༡)  བྱས་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༩ བྱས་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ བྱས་སྦྲམ་འོག་)ཧཱུྃ་ཛཿ  དམ༷་ཚི༷ག་ཆེན༷་པོའི༷་(སོགས།)  སྒྲོལ༔    དམ་ཚིག་དབང་གི་ཕྲིན་ལས་མཛོད༔    (སྦྲམ་   བྱས་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ བྱས་ ༡ ༢ ༣ བྱས་ ༡ ༢ ༣ ཐིང་ཟད་)ཧཱུྃཿ    ང༷་ནི༷་རྡོ༷་རྗེ༷་(སོགས་ཚོགས་གདངས།)ཆེན་པོར་སངས༔  (སུམ་ཕྱེད་ཐིང་(རྐ༤)གསུམ་ཟིལ་འབེབས་དྲག་བརྡུང་གིས།)ཧཱུྃ༔  (འདི་ལ་དྲག་བརྡུང་འབྲིང་པོ་ཟེར།) དྲག་པོ་ཆེན་པོ་དྲག་ཤུལ་ཅན༔   དཔལ་ཆེན་བད་ཛྲ་ཀཱི་ལ་ཡ༔    ཁྱོ༷ད་ཀྱི༷་དམ༷་ཚི༷ག༴   ཐལ་བའི་རྡུལ་དུ་བརླག་ནས་ཀྱང་༔    རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔    (སྦྲམ་ བྱས་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ཟིལ་(5བ)འབེབས་དྲག་བརྡུང་།)ཧཱུྃ༔    བྲན༷་དང༷་བཀ༷འ་ཉ༷ན༴   ཕྲིན་ལས་མཛོད༔    (དྲག་བརྡུང་ཟིལ་འབེབས་དྲག་བརྡུང་།)ཧཱུྃ༔  (འདི་ལ་དྲག་བརྡུང་ཆེ་བ་ཟེར་)རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔     བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔     རྡོ༷་(རོལ་ཐིང་གང༡)རྗེ༷་མེ༷་དབ༷ལ་སྙི༷ང་སྲེག༷་ནས༷༔    ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔   (དྲག་བརྡུང་།)ཁྲོ༷་མོ༷་འབ༷ར་བའི༷༴   ལྷ་ཡང་རུང་སྟེ་(སོགས་དྲག་བརྡུང་ནས་ཟིལ་འབེབས་སུམ་བརྡུང་།)ཧཱུྃ༔   བསྐལ་པའི་མེ༷་ལྟར་(སོགས་འདུར་གདངས།)ཕཊ་ཕཊ་ཕཊ༔   (སུམ་ཕྱེད་ཟིལ་འབེབས་བཞག་རོལ།   ལས་རྡོར་གྱིས་ལིང་རོ་ཆ་གསུམ་དུ་བགོས་པའི་མགོ་བོ་དཔལ་གཏོར།   བར་པ་ཕུར་སྲུང་དང་།   སྨད་ལས་ཡོད་ན་ཁྲག་སྐྱེམས་དང་སྦྱར།   རྐང་པ་ལྷག་མའི་སྟེང་བསྣན།   བསམ་པ་ལྷུན་འགྲུབ་སྐབས་གསོལ་ཚོགས་ཕུལ་ཞིང་ལྷག་མ་བསྡུ།   ཇ༽   ཇ་མཆོད་)རྡོ་རྗེའི་རང་བཞིན།   རྒྱལ་བའི་བཀའ་སྡོད།   གནས་འདིའི་གཞི་བདག་(བཅས་ཀྱིས་གསོལ་ཇ་དང་གསོལ་ཚོགས་བཞེས་ཏེ་བར་ཆར་གྲོལ།   ༼ དགོང་ཚོགས་ལ་༽  ལས་རྡོར་གྱིས་གྲལ་གཤམ་དུ་མཉྗིའི་སྟེང་གཙང་ལྷག་སྨན་ཐུར་དང་།   དེའི་འོག་མུན་དམེ་ལྷག་བཅས་བཀོད།)  ཧེ་རུ་ཀ་དཔལ་(སོགས་སྤྱི་གདངས།)འགྲུབ་པར་ཤོག   །(ཐིང་(རྐ༤)གསུམ་ཟིལ་འབེབས་ཉིས་བརྡུང་མཚམས་ཅན་ནི།   (6ན)སྦྲམ་སྦྲམ་བྱས་༡ ༢ ༣བྱས་༡ ༢ ༣བྱས་སྦྲམ་ཐིང་ཟད་ཀྱིས།)ཧཱུྃ༔    དང༷་པོ༷་ཕུད༷་ཀྱིས༷་(སོགས་རང་གདངས།   ཚིག་གཉིས་མཚམས་རོལ་གོང་བཞིན།)ཐ་མ་གཅིག་ཏུ་(སོགས་ལ་ལས་རྡོར་གྱིས་རྩེ་གཅིག་རྒྱས་དམེ་ལྷག་ནས་ཕུད་བླངས་པ་གཙང་ལྷག་ཏུ་ཕུལ་མཐར།   གཙང་ལྷག་དམེ་ལྷག་སྟེང་དུ་མར་བསྣན་ཏེ་མཉྫིར་བཀོད།)  ལྷག་མ་ཁ༷་ཆུས་(སོགས་ལྷུག   །)ཀུན༷་བྱོས་ཤིག༷༔  (རྔ་ཚག་གིས་བཞག   །ལས་རྡོར་གྱིས་སྔར་བཞིན་ཕྱག་བཅས་ལྷག་ཞུས་མཐར།) ཨོཾ་བཛྲ་ཨ་མྲྀ་ཏ(ར་བདུད་རྩིའི་ཁ་ཕྲུ་སྦྲེང་ཞིང་མཉྫིར་བཀོད།)ཨ་ལས་བྷཉྫ༴   ཆེན་པོར་གྱུར།   ཨོཾ་ཨཱཿཧཱུྃ་(སོགས་ལ་སྨན་རཀ་བྲན།)པུཥྤེ་སོགས་(ལ་རང་རྒྱ།   ཐིང་(རྐ༤)གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད།)  ཧཱུྃ་བྷྱོ༔   དཔལ༷་གྱི༷་བཀ༷འ་ཉ༷ན་(སོགས་རང་གདངས་རོལ་མོ་འཆོལ་རྒྱག་བཅས་ཚིག་བཞི་མཚམས་སུམ་བརྡུང་།)ལས་སུ་བསྟན༷་དགྲ་(ནས་ལྷུག   །)ལྷུན་གྲུབ་པའི༔    དྲག་པོ་མཐུ་ཡི་(སོགས་འཇགས་རོལ་འོག་ལས་རྡོར་གྱིས་ཕྱི་འགྲོས་ཅུང་ཟད་དང་བཅས་ལྷག་གཏོར་ཕྱི་རོལ་དུ་སྤུངས་ཏེ་ཕུལ།   དམ་ཅན་མཇུག་ཆོག་མཐར་བྱུང་བའི་བཀྲ་ཤིས་ཀྱི་རྗེས་རོལ་ནས་ཐིང་(རྐ༤ཌཱ)གསུམ་ཟིལ་འབེབས་ཉིས་བརྡུང་འཇོག་མེད་འོག་འབྲུ་གསུམ་སྐབས་ལས་རྡོར་གྱིས་ཆད་མདོར་སྨན་རཀ་བྲན་ཏེ་ལག་གཡོན་དུ་བརྟན་གཏོར་ཞལ་རང་བསྟན་འོག་སྨན་ཐུར་དང་།   གཡས་པར་ཆད་མདོ་ཁ་ཕྱིར་བསྟན་དུ་ཐོགས་པ་གཉིས་ཀར་སྤོས་མེའམ་དཔལ་འབར་བཙུགས་པ་བཅས་བཏེགས་ལ།)(6བ)ཧཱུཾ༔    སྔོན༷་ཚེ༷་འད༷ས་འདུས༷་(སོགས་རང་གདངས།)སྒྲུབ་པར་མཛོད༔   (ཉིས་བརྡུང་འཇོག་ཡོད།)དེ་འོག་བར༷་གྱི་དུས༷་ཚིག་(སོགས་ནས་ལྷུག )   དེ་འོག་དུས་ཚིག་བཞི་པ་(སོགས་ལ་སློབ་དཔོན་གྱིས་མེ་ཏོག་འཐོར་བ་དང་ལས་རྡོར་གྱིས་ཆད་མདོ་ཕྱིར་འབུལ།) བཛྲ་ས་མ་ཡ་ཧོཿ   (ཐིང་གཅིག་ནས་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ཐིང་བྱས་ཐིང་ཟད་འོག་འབྲུ་གསུམ་སྐབས་བརྟན་གཏོར་ལ་ལས་རྡོར་གྱིས་བཤལ་ཆུའི་བདུད་རྩི་བྲན།) ཧཱུྃ་བྷྱོ༔   སྔོན་ཚེ་ཨོ་རྒྱན་(སོགས་རང་རྟ་རྩ་བྲན་ཅན།)གཟི་འབར་མ༔   (ཐིང་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ སྦྲམ་སྦྲམ་ནས།)  ཁྱེད་རྣམས་སྔོན༷་གྱི་བཀ༷འ་ཉན་(སོགས་ལྷུག   །)ཁཱ་ཧི༔  (སུམ་ཕྱེད་ཟིལ་འབེབས་འོག་བརྟན་གཏོར་ཞལ་ནང་བསྟན་དུ་ཕུལ།   སྣོད་གཉིས་ཀ་གྲལ་གཤམ་དུ་སྦུབས་ཤིང་སློབ་དཔོན་ལས་རྡོ་རྗེ་ཞུས་ཏེ་རྒྱས་བཏབ་ནས་སླར་ཕུལ།   (རྩ་ཐང་)   གོང་གི་ཟིལ་འབེབས་མཐར་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔    སྟོང༷་གསུམ༷་སྟོང༷་གི༷་(སོགས་རང་གདངས།)དགུ་ཡི་རྒྱ༔  (སུམ་ཕྱེད་ཟིལ་འབེབས་བཞག་རོལ།   དབྱངས་མེད་ན་འཇགས་རོལ།   ལས་རྡོར་གྱིས་མཆོད་པ་གསོས་ལ།)  ཧཱུྃ༔   འབར་བའི་དཀྱིལ་འཁོར་(སོགས་ལྷུག་འདོན།)  མ་ཧཱ་པཉྩ་(སོགས་ལ་སིལ།   ཌཱརྐ༣)ཧཱུྃ༔   སྲིད་གསུམ་གདུག་པ་(སོགས་ཤློ་ཀ་གཅིག་གིས་བསྟོད།)ཧོཿ   དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི༴   སྩལ་དུ་གསོལ༔   (ཡིག་བརྒྱ་ཚར་གསུམ་ལ་རྡོར་གསོར་དྲིལ་གསིལ།   འབྲུ་བཅས་ཐལ་སྦྱར་གྱི།)ཕྱོགས་བཅུ་ན་བཞུགས་པའི༴   སུ་པྲ་ཏིཥྛ(ར་(7ན)འབྲུ་འཐོར།)ཧཱུྃ༔  སྣང་སྟོང་རྡོ་རྗེ༴   འབྱམས་ཀླས་པར་གྱུར།   (བསྐུལ་མཚམས།)ཧཱུྃ༔   ཡེ་གཞི་ཀ་དག༴   དཀྱིལ་འཁོར་དུ་གྱུར།   (བསྐུལ་མཚམས་ཀྱིས།) ཀཱི་ལ་ཡ་(བདུན་རེའི་མཚམས་སུའང་བསྐུལ་མཚམས་རེ།)ཧཱུྃ༔   འཁོར་འདས༴   རཀྵ་ཨ༔    (བསྐུལ་མཚམས།)ཧོཿ   དགོངས་སུ་གསོལ་ལོ༴   ལྡན་པར་གྱུར་ཅིག༴   ཧོཿ   བླ་མེད་གསང་བ་(སོགས་སྤྱི་གདངས་ལྷུག་འདོན་གང་བདེས།)བཟླུམ་གྱུར་ཅིག   །ཨོཾ་ཡེ་དྷརྨ(ར་ཞྭ་བཞེས།   །ཞྭ་མེད་ན་མེ་ཏོག་སྤྱི་བོར་བཀོད་ཅིང་།)རྡོ་རྗེའི་དབྱིངས་(ནས་སོགས་སྤྱི་གདངས་ཉིས་དྲིལ།)བཀྲ་ཤིས་ཤོག(སཌཱརྐ༣དརྒྱ) །   མ་ཧཱ་གུ་རུའི་བྱིན་རླབས་(སོགས་སྨོན་ལམ་དང་ཞབས་བརྟན་རིགས།   བསྟན་རྒྱས་སྨོན་ལམ་བཅས་ཀྱི་མཐར།)དེ་ལྟར་འགྲུབ་པའང་(སོགས་ཀྱིས་གྲོལ་ལོ།།   །།)
༈   །(འདིའི་སྨད་ལས་ཀྱི་རོལ་ཚིག་ཟིན་བྲིས་ལ།   སྦྱོར་བ་རྟེན་གྱི་ལྷ་ཕུར་ཚང་བའམ།   མ་འབྱོར་ན་གཙོ་ལས་གཅིག་བསྡུས་ཀྱི་ཕུར་པ་གཉིས།   ཟློག་དཀྱིལ་ལ་བརྟེན་པའི་ཟློག་གཏོར་དང་།   ཟོར་རྫས་རྣམས་སྒབ་དཀྲིས་ཀྱིས་བསྐོར་བ་སྤྱན་རྒྱུན་ལྟར་དང་།   དེའི་མདུན་མཉྫིའི་ཁར་ཐོད་པ་མཚན་ལྡན་ནང་ཆང་དང་མངར་གསུམ་གྱིས་སྦྲུས་པའི་ཟན་ལས་བམ་རོ་ཙོག་པུར་འདུག་པ་རུས་རྒྱན་ཅན།   རྐང་ལག་བསྣོལ་བའི་ལག་གཉིས་སུ་སྨན་རཀ་གི་ཐོད་ཆུང་དང་།   སྤྱི་བོར་དཔལ་གཏོར་རྒྱན་ལྡན།   མདུན་དུ་ཚིལ་ཞུན་གྱི་ཏིང་ལོ་(7བ)བཞག་པ་བཅས་འགོད།   དེའི་གཡས་སུ་བདུད་རྩིའི་ཀཱ་པ་ལ་དང་།   གཡོན་དུ་ཁྲག་ཆང་རྐང་གཟར་དང་བཅས་པ།   དེའི་མདུན་སོགས་གང་བདེར་བསྒྲལ་ཆས།   བྱུག་བདུག་བྲབ་གསུམ་གྱི་རྫས།   ཐུན་གཏོར་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ནས།   ཆོ་ག་དངོས་ལ།   བདག་བསྐྱེད་སྟོད་ལས་གཞུང་སྲོང་ལུགས་སྔར་ལྟར་ལ་སྒོས་ཆོས་ཏིང་འཛིན་རྣམ་གསུམ་གྱི་དབུར་གཙོ་འཁོར་གྱི་ཕུར་པ་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ལྷར་བསྐྱེད་པ་ཉིད་ཨེ་དཀྱིལ་ལ་བརྟེན་པའམ་གང་བདེར་བཀོད།   ཏིང་འཛིན་རྣམ་གསུམ་ནས་སྒོམ་བཞིའི་བསྐྱེད་ཆོག་མཇུག་དམ་ཅན་བསྐྱེད་ཆོག་དང་།   རྩ་བའི་ཡེ་ཤེས་ལྷ་བསྙེན་རྗེས་སྲུང་བའི་དམིགས་བཟླས།   དམ་ཅན་ཉེ་བསྙེན།   ངན་སྔགས་ཉེ་བསྙེན་བཅས་སྦྱར་ནས་བཟླས་ཤིང་།   བསྐང་གསོའི་མཆོད་བརླབ་ནས་གཏེར་གཞིའི་ཕྲིན་བཅོལ་བར་གྱིས་གུང་ཚོགས་གྲོལ།   ༼བར་ཆར་སྔ་མར་༽   གཞུང་གི་ཚོགས་བྱིན་རླབས་ནས་བཤགས་པའི་བར་སོང་རྗེས།)  བླ་མ་རིག་འཛིན་(སོགས།   ཐིང་(རྐ༤)གསུམ་ཟིལ་འབེབས་སྦྲམ་སྦྲམ་ཐིང་༡ ༢ ༣ ༤ ༥ ༦ ༧ ཐིང་སྦྲམ་ཐིང་ཟད་)ཧཱུྃ༔   བྱང༷་ཆུབ༷་མཆོག༷་ཏུ༷་(སོགས་དྲག་དམར་ཆད་གདངས།)གྲོགས་མཛོད་ཅིག༔    (ཐིང་ ༡ ༢ ༣ ༤ ༥ ༦ ༧ ཆམ་)སློབ༷་དཔོ༷ན་པ༷དྨ༷་(སོགས་ལྷུ་གཉིས་ནས་བདུན་བརྡུང་ལ་དྲག་བརྡུང་སྦྲེལ་བས།)བལ༷་པོ༷་ཤཱི༷་ལ༷་(སོགས་འདུར་གདངས།)བྱིན་གྱིས་(8ན)བརླབ་ཕྱིར་(སོགས་དྲག་བརྡུང་ཟིལ་འབེབས་ནས་ལེན་དགུ་བརྡུང་འཇོག་མེད་ཀྱིས་དྲེགས་འཇོམས་བསྐུལ་གདངས།) ཧཱུྃ༔   དུར་ཁྲོད་མེ་རི༴   ཕྲིན་ལས་མཛོད་(དྲག་བརྡུང་མཇུག་ཟིལ་འབེབས་ནས་སུམ་བརྡུང་འཇོག་མེད་ཀྱིས་ལྷ་ཆེན་བསྐུལ་གདངས།)ཛཿབྷྱོ༔   དཔལ་ཆེན་རྡོ་རྗེ༴   (བསྡུ་ན་དྲག་བརྡུང་ཁོ་ན།)གྲུབ་པར་མཛོད༔   (དྲག་མཇུག་ཟིལ་ནས་སྦྲམ་ ༡ ༢ ༣ཐང་༡ ༢ ༣ཐང་སྦྲམ་ཐིང་ཟད་)ཧཱུྃ༔    རིག་འཛིན་རྩ་བརྒྱུད་(རང་གདངས་རྩེ་བྲན་ཅན།)མ༵ཐུ་དཔུང་བསྐྱེད༔   (ཐང་  ༡ ༢ ༣ ཐང་ ༡ ༢ ༣ ཐང་སྦྲམ་ཐང་ཟད་)མ་མགོན་(སོགས་མཚམས་རོལ་གོང་བཞིན་མཐར་ཐང་༡ ༢ ༣ ཐང་སྦྲམ་ཟིལ་འབེབས་ནས་གདངས་རོལ་དྲེགས་འཇོམས་བཞིན།) ཧཱུྃ༔   རྩ་བརྒྱུད་བླ་མ་(སོགས།   བསྡུ་ན་སུམ་བརྡུང་འཇོག་ཡོད་ཀྱིས་ལྷུག   །སྐབས་འདིར་ལས་རྡོར་གྱིས་བྲུབ་ཁུང་དང་བསྒྲལ་ཆས་སློབ་དཔོན་མདུན་བཀོད།) བཅོལ་བའི་ཕྲིན་ལས་(སོགས་འཇགས་རོལ་ནས་བཞག་རོལ།)ཨོཾ་བཛྲ་ས་མ་སོགས།   འདི་ཁོ་ནའོ༔    (བསྐུལ་མཚམས།)སྭ་བྷཱ་ཝ༴   ངོ་བོར་གྱུར༔    (བསྐུལ་མཚམས།)ན་མོ།   རིག་འཛིན་(སོགས་ལྷུག་ལྷོད།) མཐུ་ལ་རྟེན་ནས།   བསྟན་དང་སོགས་(མགྱོགས་ཙམ་ནས།)ད་དགྲ་ཐད་དུ་(ལ་སྦྲམ་འགུགས་རོལ།   རྐཡ༤༽  (8བ)འགུགས་གཞུག་རྗེས་མ་གཉིས་པོ་ལྷུག་འདོན་གྱི་རྟིང་མ་ལ་སྤྱིར་བཏང་གི་འགུགས་རོལ་མཐར་དྲག་བརྡུང་སྦྲེལ་བ་གོང་གི་ཚོགས་ཐ་མའི་སྐབས་ལྟར་ལ།)ཛཿ  དཔ༷ལ་གྱི༷་བཀ༷འ་སྡོད༷༴   རྣམས༔  མྱོས་སུ་ཆུག་ཅིག་བད་ཛྲ་གཎྜེ་ཧོཿ   (སྦྲམ་བྱས་སོགས་དྲག་བརྡུང་ཟིལ་འབེབས་ནས་ཟློག་རོལ་ཆུང་བ་འདི་ལྟར།   སྦྲམ་སྦྲམ་ ༡ ༢ ༣  ༤  ༥ ༦ ༧ ༨ ༩ སྦྲམ་སྦྲམ་)ཧཱུྃ་ཛཿ  དམ་ཚིག་ཆེན༷་པོའི༷་སོགས།   སྐྱོབ་བྱེད༷་ལྷ༷་དང༷་བྲལ་བར་གྱིས༔   (ཟློག་ཆུང་སྦྲམ་༡ ༢ ༣ ༤ ༥ ༦ ༧ ༨ ༩ སྦྲམ་སྦྲམ་གྱིས་བཞག) །   ཨོཾ་བཛྲ་ཀཱི་ལི༴   ཕྱེས་ཕྱེས༔    དཀྱིལ་འཁོར་གསུམ༴   དབྱེ་བར་གྱུར།   དགྲ་བགེགས༴   གྱུར་ཅིག   །(ཐིང་གཅིག་ནས་ཟློག་ཆུང་གིས།)ཧཱུྃ་ཛཿ   དམ་ཚིག་ཆེན་པོའི་(སོགས་དང་བསྡུ་ན་འགོ་རོལ་མེད།   མཐར་ཟློག་རོལ་གྱིས་བཞག   །དེས་རིགས་འགྲེ་བས།   བྱད་དུ་གཞུག་པ་དང་།   སྨྱོ་རུ་གཞུག་པ་སོང་ནས།)  དྲག་པོའི་ལས་ལ་(སོགས།) བཞེངས་པར་གྱུར།   (ཐིང་(རྐ༤)གསུམ་ཟིལ་འབེབས་དྲག་བརྡུང་གིས།)ཧཱུྃ་ཛཿ   དམ༷་ཚི༷ག་ཆེན༷་པོའི༷༴   ཕྲིན་ལས་མཛོད༔    (དྲག་མཇུག་ཟིལ་ནས་བཞག་རོལ།)  བདག་ཉིད་དཔལ་ཆེན་པོཟ   དབང་ཐོབ་པར་གྱུར༔   ཨོཾ་བཛྲ་ཀཱི་ལི༴   ༢༡  (མཐར་ཟློག་རོལ་ཆུང་བས།)ཧཱུྃ༔   གཏུམ་(9ན)ཆེན་འབ༷ར་བའི༷༴   རི་གས་དྲུག༷་སྐྱེ༷་སྒོ༷་(སོགས་ཟློག་རོལ་གྱིས་བཞག   །)ཨོཾ་ཤྲཱི་བཛྲ༴   ཕུར་པ་དེ༴   རྫུ་འཕྲུལ་དང་ལྡན་པར་གྱུར།   (ཐིང་སྦྲམ་བྱས་ ༡ ༢ ༣  བྱས་ ༡ ༢ ༣  ཐིང་ཟད།) ཧཱུྃ༔  ཆོས༷་དབྱིང༷ས་སྐྱེ༷་བ༷་(སོགས་ཚོགས་གདངས།) ཆེན་པོར་སངས༔  (སུམ་ཕྱེད་ནས་སྦྲམ་)ཨོཾ་ལཾ་ཧཱུཾ་ལཾ་(སོགས་ཐིང་(རྐ༤)ཐིང་གསུམ་ཟིལ་འབེབས་རིང་པོའི་འོག་སློབ་དཔོན་གྱིས་ཕུར་བསྐོར་མཛད་དེ་ཚེ་ཁྲུས་ཀྱི་དགོངས་པས་དབྱིངས་སུ་བསྒྲལ་རྗེས་ཟློག་རོལ་གྱིས།)  ཧཱུྃ༔   ཕྱག་བརྙན་ཆེན་པོའི༴   མངོན་སྤྱོད་དྲག་པོའི་(སོགས་ཟློག་རོལ་གྱིས་བཞག) །   ཨོཾ་བཛྲ་ཀཱི་ལི་(སོགས།   དེ་བཞིན་དུ་ཕུར་གདབ་ཐམས་ཅད་ལ་རིགས་འགྲེ།)དགྲ་བགེགས་ཀྱི་སྙིང་༴   བརླག་པར་གྱུར།   ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོ༴   སྤྲུལ་པའི༴   གཏུབ་པར་གྱུར།   (ཟློག་རོལ་གྱིས།)ཧཱུྃ༔   བྲན་དང་བཀ༷འ་ཉ༷ན༴   ཕྲིན་ལས་མཛོད༔   (ཟློག་རོལ་ནས་ཟིལ་རིང་འོག་སློབ་དཔོན་གྱིས་སྒྲོལ་གྲིས་ལིངྒ་དུམ་བུར་གཏུབ་མཐར་ཟློག་རོལ།   བབ་བརྒྱད་དང་།)  བཞིན་དུ་རློག༔    (ཟློག་རོལ་གྱིས་བཞག   །)ཨོཾ་བཛྲ་ཀཱི་ལི་(སོགས་གོང་བཞིན་གྱིས།)བཅོམ་པར་གྱུར།   (ཟློག་རོལ་གྱིས།)ཧཱུྃ༔   རྡུངས་ཤིག་(སོགས།)བརླག་པར་གྱུར༔   (ཟློག་ཟིལ་འོག་སྔགས་སྐབས་སློབ་དཔོན་གྱི་ཧོམ་གཟར་དང་རྡོ་རྗེའི་བར་ལས་རྡོར་གྱིས་བྲུབ་ལིང་(9བ)བཞག་ལ་བརྡུང་མཐར་སླར་ཟློག་རོལ་གྱིས།   བབ་བརྒྱད་རྗེས་ཟློག་ཟིལ་འོག་སྔགས་ཚན་གཉིས་མཐར་བཞག་རོལ།)དཀྱིལ་འཁོར་(སོགས་རོལ་དབྱངས་གཤིན་རྗེ་ལྟར་རམ།   བསྡུ་ན་ཐིང་གསུམ་བརྡུང་གིས་ལྷུག   །)ཧཱུྃ༔    ཕྱེས་ཤོག་ཁྲོ༷་རྒྱལ༴   (འདི་སྐབས་ལས་རྡོར་གྱིས་ལིང་རོའི་མགོ་བོ་ཧོམ་གཟར་གྱིས་དཔལ་གཏོར་ལ་ཕུལ།   བར་པ་ཁྲག་སྐྱེམས་དང་སྦྱར།   རྐང་པ་ལྷག་མར་བསྣན།)  ཕ༷ཊ་ཕ༷ཊ༔   ཧཱུ༷ྃ༔   བད༷ག་ཉིད་ཆེན༷་མོའི༴   (ཧོམ་གཟར་རཀྟས་བཤལ་བ་ཕུར་སྲུང་གི་གཏོར་མ་ཕུལ།)ཁ་རཾ་ཁཱ་ཧི༔   (སུམ་ཕྱེད་ཟིལ་འབེབས་ནས་ཟློག་རོལ་གྱིས།)  ཧཱུྃ༔   སྣང་སྲིད་ཕུར༷་བུས༷༴   (འདི་སྐབས་ལས་རྡོར་གྱིས་བམ་དང་།   མཆོད་གཡོག་གིས་བདུད་རྩ་ཀཱ་པ་ལི་བཏེགས་ཤིང་གཡས་བསྐོར་གཡོན་བསྐོར་གྱིས་དཀྱིལ་འཁོར་ལ་ལན་གསུམ་བསྐོར།)དེ་ལྟར་བསྐང་བའི་(སོགས་ལ་སློབ་དཔོན་དང་ལས་རྡོར་གྱིས་ཐལ་རྡེབ།   མཐར་ཟློག་རོལ་ཟིལ་འབེབས་བཞག་རོལ།   བར་འདིར་བསམ་ལྷུན་སྐབས་གསོལ་ཚོགས་ཕུལ་ཞིང་ལྷག་མ་བསྡུས་ལ་བར་ཆར་སྔ་མ་གྲོལ།   ༼བར་ཆར་རྗེས་མར་༽ ལྷག་མའི་མཇུག་འཇགས་རོལ་ཟིལ་འབེབས་ནས་དྲག་བརྡུང་གིས།) ཧཱུྃ༔     ཡེ༷་ཤེས༷་བླ༷་མེད༷༴   དུག་གསུམ་ཤ་ཁྲག་(སོགས་ལ་ལས་རྡོར་གྱིས་ཁྲག་སྐྱེམ་འཕྱར།)འགྲུབ་པར་མཛོད།   །(དྲག་བརྡུང་ཟིལ་འབེབས་ནས་ཟློག་རོལ་ཆེ་བ།   སྦྲམ་སྦྲམ་སྦྲམ་༡ ༢ ༣ ༤ ༥ ༦ ༧(༧ ༨)༩ ༧(༧ ༨)༩ སྦྲམ་སྦྲམ་སྦྲམ་)(10ན)ཧཱུྃ༔   གཞོ༷མ་བྲ༷ལ་དོ༷ན་གྱི༷་(སོགས་རང་གདངས།)རྡོ༷་རྗེ༷་གཞོ༷ན་ནུར༷་ཤར༷༔    མཐི༷ང་ན༷ག་ཞ༷ལ་གསུ༷མ་(སོགས་འདུར་གདངས།)མི་མཐུ༷ན་ཕྱོག༷ས་རྣ༷མས་(སོགས་ཟློག་རོལ་ཆེ་བ།) བཟློག་ཅི༷ང་བསྒྱུར༷་བའི༷་(སོགས་ཟློག་རོལ་ཆེ་བ།   བར་འདིར་གྲངས་གསོག་ཚེ་རྩ་བའི་ཟློག་གཞུང་དང་།)  བྷྱོ༔     གཞན་ཡང་ཟློག་ཅིང་བསྒྱུར་བ་(ལ་གྲངས་འཛིན་པའམ།   ཡང་ན།)བྷྱོ༔   དཀོན་མཆོག་རིན་ཆེན་དང་།   གཞན་ཡང་ཟློག་ཅིང་(ལ་གྲངས་འཛིན་མཐར་ཟློག་ཆུང་གིས།)ཧཱུྃ༔    དྲག་པ་གནམ་ལྕགས༴   དྲག་པོ༷་རྩང༷་གི༷་(སོགས་ཟློག་རོལ་ནས་ཟིལ་འབེབས་འོག་སྔགས་མཐར་བཞག་རོལ།)བདག་མདུན་དཔལ་ཆེན་པོ༴   བརླག་པར་གྱུར།   (སྔགས་བཟླས་མཐར།   ཐིང་གཅིག་ཟློག་ཆུང་གིས།)ཧཱུྃ་བྷྱོ༔   དྲག་པོ་དམ༷ར་ཆེ༷ན༴   དུས་ལ༷་བབ༷་པོ༷་(སོགས་ཟློག་རོལ་ཟིལ་འབེབས་འོག་སྔགས་བཞག་རོལ།) ལྷ་ཚོགས་རྣམས་ཀྱི་(སོགས་ནས་བདེན་སྟོབས་དམོད་བཅོལ་མཐར།   ལས་རྡོར་གྱིས་ཐུན་གཏོར་ལས་དཀྱིལ་མདུན་དུ་བཤམ།)ན་མོཿ    རིག་འཛིན་རྩ་བརྒྱུད་(སོགས་འགུགས་(རྐ༥)རོལ་འོག་)ཁུག་ཅིག་(ལ་རཀྟ་བྲན།)རྃ་ཡྃ་ཁྃ།   སྟོང་པའི་ངང་ལས༴   ཁམས་གང་བར་གྱུར།   ཨོཾ་ཨཱཿཧཱུྃ་(ལ་སྨན་བྲན།)ལྷ་ཚོགས་རྣམས་ཀྱི་སོགས།   ཁཱ་ཧི་ཁཱ་ཧི༔   (ཐིང་སྦྲམ་བྱས་ ༡ ༢ ༣ ༤ ༥ ༦ ༧ (༧)བྱས་(10བ)དྲག་བརྡུང་སྦྲེལ།) ཧཱུྃ༔    ང་ནི་རྡོ་རྗེ་(སོགས།   ཐུན་གཏོར་དཔལ་འབར་བཅས་ཁ་ཕྱིར་འགྱུ་སྟེ་བཏེགས་ཟིང་མཐར་གནོད་ཕྱོགས་སུ་འཕེན།)རྣམ་ཤེས་ཆོས་ཀྱི་(སོགས་དྲག་བརྡུང་ཟིལ་འབེབས་སྦྲམ་)དགྲ་བགེགས་དཔུང་འཇོམས་ཐལ་བའི་རྡུལ་དུ་རློགས་ཤིག་ནས་(རྐ་གློག༡)རློག་མཱ་ར་ཡ་རྦད་དགྲ་བགེགས་(སོགས་གོང་བཞིན་ལན་གཉིས་ནས་ཟིལ་འབེབས་བཞག་རོལ།   ༼དགོང་ཚོགས་ལ་༽   དམ་ཅན་རྗེས་ཆོག་བཀྲ་ཤིས་བཅས་དང་།   ལས་གཞུང་ཆད་བརྟན་ནས་བཀྲ་ཤིས་བར་མཐར་དབྱུང་བ་སོགས་ཞག་གྲངས་ཇི་ཙམ་སྦྲེལ་རུང་དེ་བཞིན་ནོ།   །རྗེས་གྲོལ་ཉིན་གྱི་ཁྱད་པར།   ༼བར་ཆད་སྔ་མར་༽   ཚོགས་བྱིན་བརླབ་ནས་རིམ་པར་ཟློག་བྱང་ཐལ་རྡེབ་བདེན་སྟོབས་དམོད་བཅོལ་བཅས་གྲུབ་རྗེས།)  ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་(སོགས་རོལ་འོག་(སཌཱརྐ༣)ལས་རྡོར་གྱིས་ཟློག་དཀྱིལ་གྱི་སྒོར་མཆོད་གཏོར་ཆེན་དུ་ཕུལ།)སྲིད་གསུམ་གདུག་པ་(སོགས་ཤློ་ཀས་བསྟོད།   ཡིག་བརྒྱ་(༣)དང་།   སློབ་དཔོན་ནས་འདེགས་རྒྱ་བཅས།) ས་མ་ཡ་མ་ཏི༴   རྔམས་པར་གྱུར།   (སྤུ་གྲིའི་དྲག་སྔགས་འདུས་པ་(༣༠)བཟླས་པ་ཟོར་སྒྲུབ་རྗེས།   ཐུན་གཏོར་ལ་འགུགས་གཞུག་སྔོན་འགྲོས་བྱིན་བརླབས་སྔགས་འབུལ་སྔར་བཞིན་དང་།   ཐིང་སྦྲམ་བྱས་སུམ་བརྡུང་གིས།)ཧཱུྃ༔    རྩ་བརྒྱུད་བླ༷་མ་(སོགས་གཏོར་ཆེན་དུ་ཕུལ།)  ཕྲིན་ལས་མཛོད།   །(སུམ་(11ན)ཕྱེད་ཟིལ་འབེབས་བཞག་རོལ་གྱིས་བར་ཆར་སྡ་མ་གྲོལ།   ༼བར་ཆར་རྗེས་མར།   ༽   སློབ་དཔོན་དྲག་པོའི་ཆས་ཞུགས་སོགས་ཟིན་ནས།   ཐིང་(རྐ༤)གསུམ་ཟིལ་འབེབས་སུམ་བརྡུང་གིས།)  ཧཱུྃ༔   བདག་ནི་མ་ཉེས༴   རྣལ་འབྱོར་བསམ་པ(སོགས་འཇགས་རོལ་ནས་སུམ་བརྡུང་གིས་ལས་བྱང་གི་བསྐུལ་དང་ཆད་མདོའི་མཐར།   སུམ་ཕྱེད་ཟིལ་འབེབས་ནས་ཐོག་མཐར་བར་བརྡུང་།   སྦྲམ་༡(༢ ༣)༤(༢ ༣)༤ ༡ (༢ ༣)༤  ༡ ༢ ༣ ༤ ༥ ༦ ༧ ༨ ༩ སྦྲམ་སྦྲམ་ཟིལ་འབེབས་ནས་དགྲ་བགེགས་དཔུང་འཇོམས་ཁོ་ནས་འཆམས་ཀྱི་དོ་རར་འཁོད་པ་དང་བསྒྲལ་འཆམས་ཡོད་ན་འཆམ་ཡིག་བཞིན་དང་།   གང་ལྟར་འཕང་བའི་སར་སླེབས་པ་དང་ཟིལ་འབེབས་བཞག་རོལ།)རྃ་ཡྃ་ཁྃ།   འདོད་ཡོན་(སོགས་ཐིང་(རྐ༤)གསུམ་ཟིལ་ནས་གསེར་སྐྱེམས་དབྱངས་རོལ་སྤྱི་ལྟར་ལ་མཐར་ཟིལ་འབེབས་ནས་ཟློག་རོལ་ཆུང་བས།)ཧཱུྃ༔  སངས་རྒྱས་ཀྱི༷ས་ནི༷༴   ཐོགས་པ༷་མེད༷་པར༷་(སོགས་ཟློག་རོལ་ཟིལ་འབེབས་བཞག་རོལ།   སྤྲོ་ན་འགུགས་གཞུག་གསུམ་ནས་ཟློག་རོལ་ཆུང་བས།)ཧཱུྃ༔    ང་ནི་རྡོ༷་རྗེ༷༴   རྡུལ་ཕྲན་བཞིན་དུ་(སོགས་ཟློག་རོལ་ཟིལ་འབེབས་ཟློག་རོལ་གྱིས།)ཧཱུྃ་བྷྱོ༔  དཔལ་ཆེན་རྡོ༷་རྗེ༷་(སོགས།   ཟོར་ཆ་དགུ་པོ་ཚང་མ་དེས་རིགས་འགྲེས་ཏེ་མཚམས་རྣམས་སུ་འཆམས་དང་སྦྲེལ་ཚེ་བཅུ་སུམ་བརྡུང་།   མཆམས་མེད་ཚེ་ཟློག་ཆུང་ཁོ་ནའི་ཟིལ་འབེབས་འོག་འཕང་མཐར།   ཟློག་ཆུང་གིས།) །   བ་ཧཱུྃ།   ང་ནི་དཔལ༷་ཆེན༷་རྡོ༷་རྗེ༷༴   (སོགས་ཟངས་ཕྱེ་ནས་འབྲུ་ནག་བར་འཕང་མཐར་ཟློག་ཟིལ་རྗེས་ཟློག་རོལ་གྱིས།   སྤྲོ་ན་ལྟས་ངན་བརྒྱ་ཟློག་སྦྱར།)ཧཱུྃ༔    དཔལ་ཆེན་རྡོ༷་རྗེ༷་གཞོ༷ན་ནུ༷༴   རྣམ་ཤེས༷་ཆོ༷ས་ཀྱི༷་(སོགས་སྲུང་འཁོར་མཐར་སུམ་ཕྱེད་ཟིལ་འབེབས་བཞག་རོལ་ནས་ཕྱིར་ལྡོག   །སྒོ་དྲུང་དུ།)ཨོཾ་ཨཱཿཧཱུྃ༔   (ཐིང་(རྐ༤)གསུམ་ཟིལ་དགུ་བརྡུང་གིས།)ཧཱུྃ༔    སྔོན་ཚེ་ཨོ་རྒྱན་(སོགས་མཐར་ཟིལ་འབེབས་བཞག་རོལ།   གཏོར་གཞོང་སྦུབས་པར་འགུགས་གཞུག་ལན་གཅིག་ལ་འགུགས་རོལ་འོག་ལས་རྡོར་གྱིས་སློབ་དཔོན་ནས་རྡོ་རྗེ་ཞུས་ཏེ་གཏོར་གཞོང་སྟེང་རྒྱ་གྲམ་དུ་བཏབ་ནས་བཞག   །མཐར་སུམ་བརྡུང་སྦྲེལ་ཏེ།)ཧཱུྃ༔   སྟོང་གསུམ་སྟོང་གི་(སོགས།   མཐར་སུམ་ཕྱེད་ཟིལ་འབེབས་སམ་འཇགས་རོལ་ནས་བཞག་རོལ།   ལས་རྡོར་གྱིས་རྡོ་རྗེ་སླར་ཕུལ་ཞིང་གཏོར་གཞོང་གྱེན་བསྟན་གྱིས་བཟེད་པར།)བྱིན་རླབས་མཆོག་སྩོལ་(སོགས།)  བཀྲ་ཤིས་ཤོག   །(ཅེས་སློབ་དཔོན་གྱིས་འབྲུ་འཐོར།   འཆམས་ཡོད་ན་ཐིང་གསུམ་ཟིལ་འབེབས་ཀྱིས་ལོག་འགྲོས་འཆམས་ཡིག་བཞིན་གྲུབ་རྗེས་ནང་དུ་ལོག་གོ།   ༼ དགོང་ཚོགས་ལ།   ༽   རྒྱུན་ཁྱེར་ལྟར།)  བདག་གི་ཐུགསཀ་ནས་འོད་ཟེར་དམར་པོ་(སོགས་(12ན)ཚེ་ཛཔྲ་བརྒྱ་རྩ་བཟླས་མཐར།   ཐིང་གསུམ་ཟིལ་འབེབས་སུམ་བརྡུང་གིས།)ཧཱུྃ༔    སྲིད་པའི་ཕུར་བུ་བདག་གིས་(སོགས་ལ་ལས་རྡོར་གྱིས་བམ་གྱི་ཏིང་ལོ་སྤར་ཏེ་ཕུལ་བ་སློབ་དཔོན་གྱིས་རོལ་མཐར་ལས་རྡོར་གྱིས་ཚོགས་མང་ལ་འགྱེད།)ཚེ་དབང་དངོས་གྲུབ་སྩོལ༔   (སུམ་བརྡུང་གིས།)བྷྲཱུྃ༔    ཚེ་ཡི་དངོས་གྲུབ་(སོགས་མཐར་སུམ་ཕྱེད་ཟིལ་འབེབས་བཞག་རོལ།   གོང་གི་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་བླང་བའི་སྐབས་ཆོས་དབང་སྤུ་གྲི་སོགས་སུ་དངོས་གྲུབ་རྫས་བམ་ཁོ་ནར་བརྟེན་པ་ལས་ཛེ་རྫས་ལོགས་སུ་བཤམ་པར་མི་མཛད་ཀྱང་།   ཚེ་སྒྲུབ་ཡིན་ཕྱིར་ལས་དཀྱིལ་གྱི་ལྷོ་ཕྱོགས་སོགས་གང་བདེར་གཞུང་གསལ་ཚེ་རྟེན་བཅའ་བ་འགྲུབ་ན་ལེགས་ཤིང་།   ཚེ་སྒྲུབ་དམིགས་བསལ་མིན་པས་སྐབས་འདིར་མ་འགྲུབ་ཀྱང་ཆད་སྐྱོན་མེད་ལ།   བརྟན་གཡོའི་ཚེ་བཅུད་བསྡུ་བསྟིམ་གྱི་སྐབས་སུ་བུམ་པའི་དོད་པོར་མདུན་གྱི་བམ་ལ་དམིགས་པས་དགོས་པ་འགྲུབ་པ་ཡིན་ནོ།   །དེ་ནས་བསྐང་གསོའི་གཏོར་འབུལ་རྗེས་ཆོག་དང་།   བདག་བསྐྱེད་རྗེས་ཆོག་བཅས་མཐར་དབྱུང་བས་གྲུབ་བོ།།   །།)