TTDL-ZABTER-05-CA-035

From Dudjom Wiki
Revision as of 08:36, 8 August 2024 by Mort (talk | contribs)

TTDL-ZABTER-05-CA-035
Wylie title TTDL-ZABTER-05-CA-035.pdf
Location bdud 'joms gling pa zab gter
Volume 5, Text 35, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
[edit]
༠༠༠༠བརྡ་ཡིག༣༠༥ཟབ་གསང་མཁའ་འགྲོའི་སྙིག་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་སྒྲུབ་པ་བདེ་གཤེགས་སྙིང་པོའི་ཆ་ལག་སྲེག་བླུག་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༠༥རྡོ་རྗེ་གཞོན་ནུའི་རྣལ་འབྱོར་གྱིས༔ རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་ཕྱིར༔ ཚད་དང་དུས་བསྙེན་རྫོགས་པའི་རྗེས༔ ལས་བཞི་སོ་སོའི་བསྐྱེད་རིམ་གྱིས༔ སྡེ་ཁ་བསྒྱུར་ནས་འབུམ་ཕྲག་རེས༔ གྲངས་རྫོགས་བྱ་བ་ཁ་བསྐང་གནད༔ ཞི་བར་མེ་ཐབ་ཟླུམ་པོ་དང་༔ རྒྱས་པར་གྲུ་བཞི་དབང་ཟླ་གམ༔ དྲག་པོར་གྲུ་གསུམ་བྱ་བ་དང་༔ ཞི་ཤིང་གླང་མ་བལ་དཀར་དང་༔ རྒྱས་པར་ཤུག་པ་དབང་འོམ་བུ༔ དྲག་པོར་ཚེར་མ་ཅན་གྱི་ཤིང་༔ ཧོམ་ཡང་ཟླུམ་པོ་གྲུ་བཞི་དང་༔ ཟླ་གམ་གྲུ་གསུམ་ཚུལ་དུ་བརྩིག༔ དེ་དག་སྤྲོས་པ་ཅན་གྱི་ལུགས༔ སྤྲོས་མེད་ལ་ནི་རང་རང་གི༔ ཤིང་དང་རྫས་གཉིས་བསྲེས་བྱས་ནས༔ ཐབ་ནི་མེ་འབུད་ཙམ་གྱིས་ཆོག༔ སྤྲོ་ན་བགེགས་བསྐྲད་སྲུང་འཁོར་དང་༔ བསྲེག་རྫས་བྱིན་གྱིས་བརླབས་བྱས་ཏེ༔ ལྷ་བསྐྱེད་རྒྱས་པར་བྱ་བ་ཡིན༔ སྤྲོས་མེད་ལུགས་ལ་སྐད་ཅིག་གིས༔ ཐབ་དེ་ཡེ་ཤེས་མེ་འབར་བའི༔ གཞལ་ཡས་ཁང་དུ་བསྐྱེད་པའི་དབུས༔ བརྡ་དོན་རྟགས་ཀྱིས་མཚན་པ་ཡིས༔ ཞེས་པའི་ཕྱག་རྒྱ་ཆུང་བར་འཇུག༔ སྤྱན་འདྲེན་རྗེས་སུ་བྱོན་སྐྱེམས་ནི༔ རྩ་སྔགས་ཤམ་བུར་ཨ་མྲྀ་ཏ་ཁཱ་ཧི༔ ལན་གྲངས་བདུན་གྱིས་མར་ཁུ་ཕུལ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་དང་༔ མཆོད་འབུལ་སྐབས་སུ་རྣམ་ལྔ་དང་༔ འདོད་ཡོན་སྨན་རཀ་བྱང་སེམས་ཕུལ༔ སྐབས་འདིར་རྫས་རྣམས་འབུལ་བའམ༔ ཡང་ན་བསྟོད་པ་རྫོགས་པའི་རྗེས༔ རྩ་སྔགས་མཐར་ཞི་བ་ལ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ༔ ཁམས་གསུམ་སྲིད་གསུམ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅི་མང་མཐར་སྤྲོ་ན་གོང་བཞིན་རྣམ་ལྔ་ཕུལ༔ ཡང་ན་བསྟོད་པ་བྱ༔ དེ་ནས་གོང་བཞིན་གཤེགས་སྐྱེམས་ཕུལ༔ བཤགས་པ་བྱ༔ དངོས་གྲུབ་བླང་༔ གཤེགས་གསོལ་བྱ༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱ༔ དེ་ལྟར་རྟག་ཏུ་ཉམས་ལེན་ན༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ ཚོགས་རྫོགས་སྒྲིབ་དག་དགེ་ལེགས་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་སེམས་ཉིད་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་ཕབ་པའོ།།དགེའོ།།དགེའོ།།དགེའོ།།