སྙན་རྒྱུད་རིན་ཆེན་བང་མཛོད་ལས༔ སྨོན་ལམ་རྣམ་དག་བདུད་རྩིའི་ཐིག་པ༔

From Dudjom Wiki
Revision as of 16:31, 9 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-027
Wylie title snyan rgyud rin chen bang mdzod las: smon lam rnam dag bdud rtsi'i thig pa: TTDL-ZABTER-16-MA-027.pdf
Location bdud 'joms gling pa zab gter
Volume 16, Text 27, Pages 93 (Folios 1a1 to 1a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Snyan rgyud rin chen bang mdzod las smon lam rnam dag bdud rtsi'i thig pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: 93. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: smon lam   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Prayers - smon lam
Cycle སྙན་རྒྱུད་རིན་ཆེན་བང་མཛོད་ (snyan rgyud rin chen bang mdzod)
Colophon

ཅེས་པ་འདི་སྤྲང་པོ་བདུད་འཇོམས་རྡོ་རྗེའི་དག་སྣང་གི་ངོར་ཨོ་རྒྱན་ཆེན་པོས་གདམས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

ces pa 'di sprang po bdud 'joms rdo rje'i dag snang gi ngor o rgyan chen pos gdams pa'o/ /dge'o/ /dge'o/ /dge'o/ /sarba mang+ga laM//

[edit]
༁ྃ༔ སྙན་རྒྱུད་རིན་ཆེན་བང་མཛོད་ལས༔ སྨོན་ལམ་རྣམ་དག་བདུད་རྩིའི་ཐིག་པ་བཞུགས༔ སྐྱབས་གནས་དམ་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་བདེན་པའི་སྟོབས་ལ་བརྟེན་ནས༔ མི་ང་ལ་ལས་ཀྱིས་འབྲེལ་བའི་ཕ་མ་སྤུན་སྲིང་ཉེ་འབྲེལ༔ རྒྱུ་ཟང་ཟིང་གིས་འབྲེལ་བའི་སྦྱིན་བདག་གཤིན་གསོན་ཕོ་མོ༔ དད་པ་དང་དམ་ཚིག་གིས་འབྲེལ་བའི་རྡོ་རྗེ་མཆེད་ལྕམ་བུ་སློབ༔ ལོངས་སུ་སྤྱོད་པའི་ཡུལ་གྱུར་སྲོག་ཆགས་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་སྡུག་བསྔལ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ དུས་དང་རྣམ་པ་ཀུན་ཏུ་གཏན་བདེའི་རྒྱུ་འབྲས་ཟབ་མོ་ལྷུར་ལེན་ཅིང་མཐར་ཐུག་རང་སྣང་དོན་གྱི་འོག་མིན་ཆེན་པོར་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་དབྱིངས་སུ་སངས་རྒྱས་ཏེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་མཐུ་ནུས་དང་ལྡན་པར་གྱུར་ཅིག༔ ཅེས་པ་འདི་སྤྲང་པོ་བདུད་འཇོམས་རྡོ་རྗེའི་དག་སྣང་གི་ངོར་ཨོ་རྒྱན་ཆེན་པོས་གདམས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།