TTDL-ZABTER-07-JA-010

From Dudjom Wiki
Revision as of 09:18, 11 August 2024 by Mort (talk | contribs)

TTDL-ZABTER-07-JA-010
Wylie title TTDL-ZABTER-07-JA-010.pdf
Location bdud 'joms gling pa zab gter
Volume 7, Text 10, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
[edit]
༠༠༠༠བརྡ་ཡིག༢༠༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ བྱིན་འབེབས་ཚངས་པའི་སྒྲ་དབྱངས་འོད་གསལ་ཆོས་ཉིད་སྤྲིན་དཔུང་ཞེས་བྱ་བ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༠༢ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ བྱིན་ཆེན་འབེབས་པ་ཚངས་པའི་སྒྲ་དབྱངས་ཉིད༔ འོད་གསལ་ཆོས་ཉིད་སྤྲིན་དཔུང་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སྤོས་བསྲེགས་རོལ་མོ་སྣ་ཚོགས་དཀྲོལ་བྱས་ཏེ༔ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་གཞལ་ཡས་སུ༔ མོས་ཤིང་དང་བའི་ངང་ནས་འདིར་སྐད་དོ༔ ཧཱུྃ་ཧྲཱིཿབྱིན་ཆེན་ངོ་མཚར་མཆོག་གི་གནས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་དོན་གྱི་དངོས་གྲུབ་བརྙེས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བདེ་བ་ཆེན་པོའི་གཞལ་ཡས་ནས༔ སྐྱེ་འཆི་མེད་པའི་དངོས་གྲུབ་བརྙེས༔ འོད་དཔག་མེད་མགོན་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ མངོན་པར་དགའ་བའི་ཞིང་ཁམས་ནས༔ སྐུ་དང་ཡེ་ཤེས་དངོས་གྲུབ་བརྙེས༔ རྡོ་རྗེ་སེམས་དཔས༴བྱིན་ཆེན་ངོ་མཚར་མཆོག་གི་གནས༔ རི་བོ་ཏ་ལའི་གནས་མཆོག་ནས༔ བྱམས་དང་སྙིང་རྗེའི་དངོས་གྲུབ་བརྙེས༔ ཐུགས་རྗེ་ཆེན་པོས་བྱིན༴བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ མཐུ་སྟོབས་རྨད་བྱུང་དངོས་གྲུབ་བརྙེས༔ ཕྱག་ན་རྡོ་རྗེས༴བྱིན་ཆེན་ངོ་མཚར་མཆོག་གི་གནས༔ རྫོགས་པ་ཆེན་པོའི་གཞལ་ཡས་ནས༔ འཕོ་བ་ཆེན་པོའི་དངོས་གྲུབ་བརྙེས༔ དགའ་རབ་རྡོ་རྗེས༴བྱིན་ཆེན་ངོ་མཚར་མཆོག་གི་གནས༔ འོད་གསལ་བདེ་ཆེན་གཞལ་ཡས་ན༔ འཇའ་ལུས་ཆོས་སྐུའི་དངོས་གྲུབ་བརྙེས༔ ཤྲཱི་སིང་ཧས༴བྱིན་ཆེན་ངོ་མཚར་མཆོག་གི་གནས༔ པདྨ་འོད་ཀྱི་གཞལ་ཡས་སུ༔ འཆི་མེད་འགྲོ་འདུལ་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་བྱིན༴བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བདེ་སྟོང་ཡེ་ཤེས་གཞལ་ཡས་སུ༔ མཆོག་དང་ཐུན་མོང་དངོས་གྲུབ་བརྙེས༔ ཡེ་ཤེས་མཚོ་རྒྱལ༴བྱིན་ཆེན་ངོ་མཚར་མཆོག་གི་གནས༔ རྡོ་རྗེ་ཐེག་པའི་གཞལ་ཡས་ནས༔ གྲུབ་པ་མངོན་གྱུར་དངོས་གྲུབ་བརྙེས༔ འབྲོག་བན་ལོ་ཙྭས༴༈བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཟབ་མོའི་གཏེར་མཛོད་གཞལ་ཡས་ནས༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ བདུད་འཇོམས་རྡོ་རྗེས་བྱིན༴ཅེས་པའི་ཤྭ་ལོ་ཀ་འདི་མངྒ་ལས་སོ།།བྱིན་ཆེན་ངོ་མཚར་མཆོག་གི་གནས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ གང་ལ་གང་འདུལ་དངོས་གྲུབ་བརྙེས༔ དྲིན་ཆེན་བླ་མས་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱིཿརང་ལུས་རྩ་ཁམས་དག་པའི་ཞིང༔ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་དང་༔ རྩ་གནས་དཔའ་བོ་མཁའ་འགྲོའི་ཚོགས༔ གནས་འདིར་དབང་དང་བྱིན་ཕོབ་ཅིག༔ མཐའ་བྲལ་བརྡལ་ཁྱབ་གཞལ་ཡས་ནས༔ གཞོམ་བྲལ་རྡོ་རྗེའི་སྐུར་སྟོན་ཅིང༔ སྒྱུ་འཕྲུལ་འཁོར་ལོའི་དཀྱིལ་འཁོར་ངོམས༔ བཀའ་བརྒྱད་ལྷ་ཚོགས་བྱིན་ཕོབ་ཅིག༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ནས༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ལྷ༔ གང་འདུལ་ཐབས་ཀྱིས་རོལ་གར་བསྒྱུར༔ གནས་འདིར་དབང་དང་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱིཿམ་བཅོས་ཆོས་དབྱིངས་ཞིང་ཁམས་སུ༔ སྐྱེ་མེད་ཆོས་སྐུའི་གཞལ་ཡས་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་སྐུའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ མཐིང་གསལ་འོད་ཕུང་ལམས་སེ་ལམ༔ རལ་པའི་ཐོར་ཅོག་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟུར་ཕུད་ཏ་ལ་ལ༔ དར་སྣའི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དྲིལ་བུ་གཡེར་ཁ་སི་ལི་ལི༔ བྱིན་རླབས་ན་བུན་ཐུ་ལུ་ལུ༔ དངོས་གྲུབ་སྦྲང་ཆར་ཤ་ར་ར༔ མཁའ་འགྲོ་འབུམ་སྡེ་ཉི་ལི་ལི༔ སྙན་པའི་གླུ་ལེན་ཀྱུ་རུ་རུ༔ གར་གྱི་རོལ་རྩེད་ཤིགས་སེ་ཤིག༔ དད་གུས་གདུངས་ཤུགས་དྲག་པོ་ཡིས༔ མ་དང་མཁའ་འགྲོ་འདིར་འབོད་དོ༔ དམ་ཚིག་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ མ་དོར་འགྲོ་བ་སྙིང་རྗེའི་གནས༔ ཐུགས་རྗེས་བརྩེ་བར་དགོངས་ནས་ཀྱང་༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ ལྷུན་གྲུབ་བདེ་ཆེན་དག་པའི་ཞིང་༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་ནས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ དམར་གསལ་འོད་ཕུང་ལམས་སེ་ལམ༔ རལ་པའི་ཐོར་ཅོག༴ལྕང་ལོའི་ཟུར་ཕུད༴དར་སྣའི་ཅོད་པན༴རུས་པའི་རྒྱན་ཆ༴དྲིལ་བུ་གཡེར་ཁ༴བྱིན་རླབས་ན་བུན༴དངོས་གྲུབ་སྦྲང་ཆར༴མཁའ་འགྲོ་འབུམ་སྡེ༴སྙན་པའི་གླུ་ལེན༴གར་གྱི་རོལ་རྩེད༴དད་གུས་གདུང་ཤུགས༴མ་དང་མཁའ་འགྲོ༴དམ་ཚིག་ཐུགས་རྗེའི༴མ་དོར་འགྲོ་བ༴ཐུགས་རྗེས་བརྩེ་བར༴གནས་འདིར་དབང་དང་བྱིན་ཆེན་ཕོབ༔ དཔལ་རི་པདྨ་འོད་ཀྱི་ཞིང་༔ མཁའ་སྤྱོད་དག་པའི་གཞལ་ཡས་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ དཀར་དམར་འོད་ཕུང་ལམས་སེ་ལམ༔ རལ་པའི༴ལྕང་ལོའི༴དར་སྣའི༴རུས་པའི༴དྲིལ་བུ༴བྱིན་རླབས༴དངོས་གྲུབ༴མཁའ་འགྲོའི༴སྙན་པའི༴གར་གྱི༴དད་གུས༴མ་དང༴དམ་ཚིག༴མ་དོར༴ཐུགས་རྗེ༴གནས་འདིར་དབང་དང་བྱིན་ཆེན་ཕོབ༔ ཧཱུྃ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་༔ གཏུམ་དྲག་རོལ་པའི་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོའི་མ་ཚོགས་ཀྱི༔ གནས་འདིར་དབང་དང༴དཀར་གསལ་འོད་ཕུང༴རལ་པའི༴ལྕང་ལོའི༴དར་སྣའི༴རུས་པའི༴དྲིལ་བུ༴བྱིན་རླབས༴དངོས་གྲུབ༴མཁའ་འགྲོ༴སྙན་པའི༴གར་གྱི༴དད་གུས༴མ་དང༴དམ་ཚིག༴མ་དོར༴ཐུགས་རྗེས་བརྩེ་བར༴གནས་འདིར༴ཤར་ཕྱོགས་མངོན་པར་དགའ་བའི་ཞིང་༔ རབ་འཇིགས་རྔམས་བརྗིད་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་ཀྱིས༔ གནས་འདིར་དབང་དང་བྱིན༴མཐིང་གསལ་འོད་ཕུང༴རལ་པའི༴ལྕང་ལོའི༴དར་སྣའི༴རུས་པའི༴དྲིལ་བུ༴བྱིན་རླབས༴དངོས་གྲུབ༴མཁའ་འགྲོ༴སྙན་པའི༴གར་གྱི༴དད་གུས༴མ་དང་༴དམ་ཚིག༴མ་དོར༴ཐུགས་རྗེས༴གནས་འདིར་དབང་དང་༴ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་མ་ཚོགས་ཀྱིས༔ གནས་འདིར༴སེར་གསལ༴རལ་པའི༴ལྕང་ལོའི༴དར་སྣའི༴རུས་པའི༴དྲིལ་བུ༴བྱིན་རླབས༴དངོས་གྲུབ༴མཁའ་འགྲོ༴སྙན་པའི༴གར་གྱི༴དད་གུས༴མ་དང༴དམ་ཚིག༴མ་དོར༴ཐུགས་རྗེས་བརྩེ་བར༴གནས་འདིར་དབང་དང༴ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་༔ པདྨ་འཁྱིལ་བའི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་མ་ཚོགས་ཀྱིས༔ གནས་འདིར་དབང་དང་༴དམར་གསལ༴རལ་པའི༴ལྕང་ལོའི༴དར་སྣའི༴རུས་པའི༴དྲིལ་བུ༴བྱིན་རླབས༴དངོས་གྲུབ༴མཁའ་འགྲོ༴སྙན་པའི༴གར་གྱི༴དད་གུས༴མ་དང་༴དམ་ཚིག༴མ་དོར༴ཐུགས་རྗེས་བརྩེ་བར༴གནས་འདིར་དབང་དང་༴བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་༔ ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་མ་ཚོགས་ཀྱིས༔ གནས་འདིར་དབང་དང་༴ལྗང་གསལ་འོད་ཕུང༴རལ་པའི༴ལྕང་ལོའི༴དར་སྣའི༴རུས་པའི༴དྲིལ་བུ༴བྱིན་རླབས༴དངོས་གྲུབ༴མཁའ་འགྲོ༴སྙན་པའི༴གར་གྱི༴དད་གུས༴མ་དང་༴དམ་ཚིག༴མ་དོར༴ཐུགས་རྗེས་བརྩེ་བར༴གནས་འདིར་དབང་དང༴ཕྲིན་ལས་རྣམ་བཞི་ལྷུན་གྲུབ་པའི༔ སྒོ་བཞི་ལས་ཀྱི་དཀྱིལ་འཁོར་ནས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་དབང་དང་༴དཀར་སེར་དམར་ལྗང་ཁ་དོག་ཅན༔ གསལ་འཚེར་འོད་ཕུང་ལམས་སེ་ལམ༔ རལ་པའི༴ལྕང་ལོའི༴དར་སྣའི༴རུས་པའི༴དྲིལ་བུ༴བྱིན་རླབས༴དངོས་གྲུབ༴མཁའ་འགྲོ༴སྙན་པའི༴གར་གྱི༴དད་གུས༴མ་དང་༴དམ་ཚིག༴མ་དོར༴ཐུགས་རྗེས༴གནས་འདིར་དབང་དང་༴རང་བཞིན་རྣམ་པར་དག་པའི་དབྱིངས༔ བཀའ་དང་ཐ་ཚིག་གཞལ་ཡས་ནས༔ ལེགས་ཉེས་སྟངས་འཛིན་བསྟན་ལ་གདུང་༔ མ་མོ་མཁའ་འགྲོ་ཐམས་ཅད་དང་༔ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ཀྱིས༔ བསྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང་༔ རྣལ་འབྱོར་བུ་བཞིན་སྐྱོང་བ་དང་༔ རབ་འབྱམས་ཕྲིན་ལས་མངོན་གྱུར་པའི༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱིདྱ་དྷེ་ཝ་སརྦ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ སྒྲུབ་རྒྱུན་བཟུང་ལ་ཆོས་བརྒྱད་སྤོངས༔ འཁོར་བའི་ཆོས་ལ་ཟིན་དུས་མེད༔ ཚེ་དང་སྒྲུབ་པ་མཉམ་པར་གྱིས༔ ས་མ་ཡ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་མ་ནོར་ཡི་གེར་བྲིས༔ བཀའ་འདི་མ་མགོན་ཤན་པ་བཙན་གྱིས་སྲུངས༔ དམ་ཉམས་ལྟ་ལོག་ལག་ཏུ་ཤོར་ར་རེ༔ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་སྤྲང་ཟོབ་སྔགས་ནག་བདུད་འཇོམས་གླིང་པས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་ཏེ་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།