མཁའ་འགྲོ་གསང་བའི་གབ་ཐིག་ལས༔ ཡེ་ཤེས་མཁའ་འགྲོའི་གསོལ་འདེབས་དབང་གི་བུམ་བཟང་༔

From Dudjom Wiki
Revision as of 14:00, 12 August 2024 by Mort (talk | contribs)

TTDL-ZABTER-07-JA-051
Wylie title mkha' 'gro gsang ba'i gab thig las: ye shes mkha' 'gro'i gsol 'debs dbang gi bum bzang: TTDL-ZABTER-07-JA-051.pdf
Location bdud 'joms gling pa zab gter
Volume 7, Text 51, Pages 597-598 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Mkha' 'gro gsang ba'i gab thig las ye shes mkha' 'gro'i gsol 'debs dbang gi bum bzang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 597-598. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms mkha' 'gro mtsho rgyal
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle མཁའ་འགྲོ་གསང་བའི་གབ་ཐིག་ (mkha' 'gro gsang ba'i gab thig)
Deity ye shes mtsho rgyal
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཀློང་ཆེན་ནོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje brag nas gdan drangs te dag par phab pa'i yi ge pa ni klong chen no/_/dge'o/_/legs so/_/sarba mang+ga laM//

[edit]
(བརྡ་ཡིག་) མཁའ་འགྲོ་གསང་བའི་གབ་ཐིག་ལས༔ ཡེ་ཤེས་མཁའ་འགྲོའི་གསོལ་འདེབས་དབང་གི་བུམ་བཟང་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༩༧ཡེ་ཤེས་མཁའ་འགྲོ་བསྒྲུབ་པ་ཡི༔ ལས་དང་སྐལ་ལྡན་སྐྱེས་བུ་རྣམས༔ དང་པོ་སྒོ་གསུམ་བྱིན་རླབས་ཕྱིར༔ རྣམ་གསུམ་དད་པས་གསོལ་འདེབས་ལ༔ ན་མོ༔ ཀ་དག་ཆོས་སྐུའི་བླ་མ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ ཤྲཱི་སེངྷ་པདྨ་ཀ་ར་དང་༔ ཡེ་ཤེས་མཚོ་རྒྱལ་འབྲོག་བན་ཁྱེའུ་ཆུང་༔ སྤྲུལ་པའི་རྗེ་འབངས་གྲོགས་དང་བཅས་པ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ བཀའ་གཏེར་ལུང་དང་མན་ངག་བསྟན་བཅོས་ཀྱི༔ བརྒྱུད་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཆོས་སྐུ་ཡུམ་ཆེན་ལོངས་སྐུ་དབྱིངས་ལྔའི་ཡུམ༔ སྤྲུལ་སྐུ་འབུམ་ཕྲག་མཁའ་འགྲོའི་ཚོགས་རྣམས་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་འགགས་མེད་གསུང་གི་བྱིན་གྱིས་རློབས༔ སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་གྱིས་རློབས༔ ཡོན་ཏན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས༔ ཕྲིན་ལས་འགྲོ་བ་འདྲེན་པའི་དཔལ་ཐོབ་ཤོག༔ བཀའ་སྲུང་དྲེགས་པ་ཕོ་མོའི་ཚོགས་རྣམས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ སངས་རྒྱས་བསྟན་པའི་མངའ་ཐང་འཕེལ་རྒྱས་ཤིང་༔ བསྟན་དགྲ་མ་ལུས་འཇོམས་པའི་ཕྲིན་ལས་མཛོད༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿདེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས༔ རབ་འབྱམས་ཕྲིན་ལས་མ་ལུས་འགྲུབ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཀློང་ཆེན་ནོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།