TTDL-ZABTER-08-NYA-024

From Dudjom Wiki
Revision as of 13:47, 13 August 2024 by Mort (talk | contribs)

TTDL-ZABTER-08-NYA-024
Wylie title TTDL-ZABTER-08-NYA-024.pdf
Location bdud 'joms gling pa zab gter
Volume 8, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསད་པ་སྤུ་གྲིའི་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༧༧༔ དེ་ནས་ཐུན་རྫས་སྣ་ཚོགས་དང་དུག་ཁྲག་རྣམས་ཀྱིས་བར་བར་དུ་བྲབ༔ མི་བསད་མཚོན་རྩེས་གཟེར་ཞིང་འདི་ལྟར་བརྗོད༔ ཛ་བྷྱོ༔ ཁམས་གསུམ་སྲོག་གི་བདག་པོ་སྟེ༔ དབང་ཕྱུག་ཆེན་པོའི་དུས་ལ་བབ༔ དགྲ་བོའི་མི་ཕྱུགས་སྐྱེ་རྒྱུད་བཅས༔ མར་མེ་རླུང་གིས་བསད་བཞིན་སོད༔ སྐྱེ་འགྲོའི་དབུགས་ཀྱི་བདག་པོ་སྟེ༔ དབང་ཕྱུག་ཁྱབ་འཇུག་དུས་ལ་བབ༔ དགྲ་བོ་མི་ནོར་སྐྱེ་རྒྱུད་བཅས༔ མེ་སྟག་ཆུ་ཡིས་བསད་བཞིན་སོད༔ འདོད་ཁམས་ཡོངས་ཀྱི་མངའ་བདག་པོ༔ ཚོགས་བདག་འཁོར་བཅས་དུས་ལ་བབ༔ དགྲ་བོའི་མི་ཕྱུགས་སྐྱེ་རྒྱུད་བཅས༔ ཆུ་ཐིག་ཧུབ་ཀྱིས་བཏབ་བཞིན་སོད༔ མོ་རྒྱུད་ཡོངས་ཀྱི་སྤྲུལ་གཞི་མོ༔ ཨུ་མ་ཡང་ཁྲོས་ཁྲག་རལ་མ༔ ནག་མོ་ཁྲོས་མ་གྲངས་མེད་བཅས༔ དུས་ལ་བབ་པོ་ཕྲིན་ལས་མཛོད༔ དགྲ་ལ་ཁྲག་ནད་དལ་ཡམས་ཕོབས༔ རྩྭ་ཕུང་མེ་མཆེད་བཞིན་དུ་སོད༔ འཆི་བདག་ལས་ཀྱི་གཤིན་རྗེ་ཡི༔ སྤྲུལ་འཁོར་བཀའ་སྡོད་དུས་ལ་བབ༔ དམ་ཉམས་དགྲ་བོའི་མི་ནོར་དཀོར༔ འབྲུ་དྲུག་སེར་བས་བཅོམ་བཞིན་སོད༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ འཁོར་དང་བཅས་པའི་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ འཁོར་དང་བཅས་པའི་དུས་ལ་བབ༔ དགྲ་བོའི་མི་ནོར་ལོངས་སྤྱོད་བཅས༔ ས་མཁར་སྒྱོགས་རྡོས་བཤིག་བཞིན་རློག༔ བཙན་རྒོད་སྲོག་ལེན་དམར་པོ་ཡི༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཧུར་ཐུམ་དྲག་པོའི་ནད་ཀྱིས་སོད༔ བདུད་པོ་ཚེ་ལེན་སྲོག་བདུད་ཁྱོད༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཐོག་རྒོད་མཚོན་གྱིས་གྲི་རུ་སོད༔ ཀླུ་བདུད་འཆི་བདག་མགོ་དགུ་ཁྱོད༔ འཁོར་དང་བཅས་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ མཛེ་ལྷོག་ཧྲེང་ལྐུག་ནད་ཀྱིས་སོད༔ གཞན་ཡང་དབང་ཕྱུག་ཆེན་པོ་ཡི༔ བཀའ་སྡོད་སྤྲུལ་པའི་ཆོས་སྐྱོང་དང་༔ སྡེ་བརྒྱད་སྣང་སྲིད་དྲེགས་པ་ཅན༔ མ་ལུས་འཁོར་དང་བཅས་པ་རྣམས༔ དམ་ཚིག་ཐུགས་རྗེ་དུས་ལ་བབ༔ མ་གཡེལ་མ་འགྱངས་ལས་ལ་ཆོས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དགྲ་བོ་ཉིད་དང་བུ་ཆུང་མ༔ དཀོར་དང་ལོངས་སྤྱོད་ཉེ་འཁོར་བཅས༔ མཐུ་རྩལ་དྲག་པོས་སོད་ལ་ཤོག༔ སྙིང་ཁྲག་ཁ་རུ་སྐྱུགས་སུ་ཆུགས༔ རང་སྲོག་རང་གིས་གཅོད་དུ་ཆུགས༔ ཁ་ཟས་དུག་ཏུ་བསྒྱུར་ལ་སོད༔ རྦབ་གཡང་འགགས་མཚོན་གྲི་རུ་སོད༔ འཇིགས་པ་ཆེན་པོ་བརྒྱད་ལ་སོགས༔ གློ་བུར་རྐྱེན་ངན་ཐོག་ཏུ་ཕོབས༔ བསད་ཁྲག་དྲོན་མོ་ཧུབ་ཀྱིས་རོལ༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་དོང་ཁ་རུ་ཕོས༔ བླ་ཡིས་འོ་དོད་འབོད་དུ་ཆུགས༔ བླ་མཁུན་བཤུད་སྒྲ་འདོན་དུ་ཆུགས༔ ལོ་ཟླར་འགྱངས་པའི་ལོང་མེད་ཀྱིས༔ དོ་ནུབ་ཉིད་དུ་དགྲ་བོ་སོད༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས༔ སྨོས་བཞིན་དམོད་པའི་ཚིག་དེ་དག༔ ཆུད་མི་ཟ་བར་དུས་མྱུར་དུ༔ བཀའ་སྲུང་གཉན་པོས་བསྒྲུབ་གྱུར་ཅིག༔ ཨོཾ་མ་ཧཱ་དཱེ་ཝ་ཀྲོ་དྷ་ཀཱ་ལ་ཧྲཱིཾ་ཧྲཱིཾ༔ ཡཿརཿཏྲིཿདུཿཙཿནཿས་མ་ཡ༔ ཆེ་གེ་མོའི་བླ་སོད༔ སྲོག་སོད༔ དབུགས་སོད༔ མཱ་ར་ཡ་ཧུར་ཐུམ་རྦད༔ བསད་རྟགས་མ་བྱུང་བར་དུ་མི་ཚིག་གིས་བར་མ་ཆོད་སྟན་གྱི་དྲོད་མ་ཡལ་བར་བཟླའོ༔ འབོད་རྦད་བསད་གསུམ་གང་དུས་སུ༔ ལྷ་དང་ཤེས་པ་དབྱེར་མེད་ངང་༔ བསྒྲུབ་ན་རིང་པོར་ཐོགས་མ་ཡིན༔ འདི་ནི་གནད་ཀྱི་དམ་པ་ཡིན༔ རྫས་དང་ཡོ་བྱད་མཛེས་ལེགས་ཀྱང་༔ གནད་དེ་མེད་ན་ཤིན་ཏུ་བུལ༔ རྫས་དང་ཡོ་བྱད་འབྱོར་ཆུང་ཡང་༔ གནད་དེ་ལྡན་ན་མྱུར་དུ་འགྲུབ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བཞིའི་བར་དུ་བཀའ་རྒྱ་བྱས་མཐར་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་ཀྱིས་བགྱིས་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།