DJYD-KABUM-23-A-037
DJYD-KABUM-23-A-037
(1ན)ཧཱུཾ་ཧཱུཾ་ཧཱུཾ། རིག་སྟོང་བདུད་འཇོམས་ཞེ་སྡང་རྡོ་རྗེའི་གཏམ། །གཉིས་འཛིན་འཁྲུལ་པའི་ཞེན་སྣང་རྒྱལ་འགོང་ཚོགས། །འཁོར་འདས་མཉམ་ཉིད་རྡོ་རྗེའི་གྲོང་ཁྱེར་འདིར། །ཁྱོད་ཅག་རྒྱུ་ཞིང་སྡོད་པའི་སྐབས་མེད་ཀྱི། །རང་གྲོལ་རྒྱ་ཡན་ལྷུག་པའི་ཕ་མཐའ་རུ། །ད་ལྟ་དེངས་ཤིག་གལ་ཏེ་བཀའ་འདས་ན། །བདག་མེད་ཤེས་རབ་ལྕགས་སྡིག་འབར་བ་ཡིས། །བདག་རྟོག་ཁྱོད་ལུས་ལྷག་མེད་ཟོས་ནས་ཀྱང་། །རྣམ་ཤེས་ཀུན་བཟང་དམྱལ་མེས་བསྲེགས་པ་ན། །འདྲེ་ངན་མིང་ཙམ་སྲིད་འདིར་ལུས་སམ་ལྟོས། །ཧ་ཧ་ཧི་ཧི་ཧོ་བྷྱོ་རཾ་ཕཊ། (ཅེས་གཡུ་སྒྲ་སྤྲུལ་སྐུ་ལ་སྤྲིངས་པ་སྟེ་ཛྙཱ་ནས་སོ།། །།)