DJYD-KABUM-23-A-039
DJYD-KABUM-23-A-039
(1ན)(ལྷག་གཏོར་བདུད་རྩིས་བྲན་ཅིང་།) ཨོཾ་ཨཱཿཧཱུཾ་(གིས་བྱིན་བརླབས་ནས།) ཕེཾ་ཧཱུཾ། དཔལ་གྱི་བཀའ་ཉན་ཐ་ཚིག་ཅན། །ལྷག་སྐྱོང་མགྲོན་རིགས་ཐམས་ཅད་ཀུན། །འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས། །དགྱེས་ཤིང་ཚིམས་པར་རོལ་ནས་ཀྱང་། །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས། །རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ། །འདོད་དོན་བཅོལ་བའི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །ཨུཙྪིཥྚབ་ལིཾ་ཏ་ཁཱ་ཧི། ཞེས་ཕྱི་རོལ་དུ་འབུལ་ལོ། །(ཞེས་མི་ཕམ་ཚིགས་བདུན་ཚོགས་མཆོད་ལ་སྦྱར་རྒྱུར་ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང་པའི་བཞེད་པ་བཞིན་ཛྙཱ་ནས་སོ།། །།)