TTDL-ZABTER-12-NA-024

From Dudjom Wiki
Revision as of 07:54, 19 August 2024 by Mort (talk | contribs)

TTDL-ZABTER-12-NA-024
Wylie title TTDL-ZABTER-12-NA-024.pdf
Location bdud 'joms gling pa zab gter
Volume 12, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
[edit]
༠༠༠༠བརྡ་ཡིག༡༡༡བཻ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ རྣམ་མང་ཐོས་སྲས་ཛམ་ལྷ་རིགས་ལྔ་དང་༔ རྟ་བདག་མཆེད་བརྒྱད་དཔལ་ལྡན་ནོར་གྱི་རྒྱུན༔ དབང་ཕྱུག་ནག་པོ་མགོན་པོ་ཚོགས་ཀྱི་བདག༔ ནོར་ལྷ་གཏེར་བདག་རྒྱ་མཚོའི་ཚོགས་རྣམས་ཀུན༔ འདིར་གཤེགས་ཕྱི་ནང་གསང་བའི་མཆོད་འབུལ་བཞེས༔ ཐུགས་དམ་བསྐང་ལ་ཉམས་ཆག་འགལ་འཁྲུལ་བཤགས༔ མི་ཟད་ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ༔ ཁམས་གསུམ་སྲིད་པའི་ཚེ་དཔལ་འབྱོར་པ་བསུ༔ ནུབ་མེད་རྟག་ཏུ་འཕེལ་ཞིང་རྒྱས་པར་མཛོད༔ རབ་འབྱམས་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ གསོལ་མཆོད་འདི་ལ་རྟག་བརྩོན་ན༔ ནོར་ལྷ་གཏེར་བདག་རྒྱ་མཚོའི་ཚོགས༔ ལུས་དང་གྲིབ་བཞིན་དབྱེར་མེད་འགྲོགས༔ དངོས་གྲུབ་ཆར་ལྟར་འབེབས་པར་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཚུལ་ཁྲིམས་རྡོ་རྗེ་དང་དབང་འདུས་གཉིས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།དགེའོ།།།།