ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྡོ་རྗེ་གཞོན་ནུའི་གསང་སྒྲུབ་ཡེ་ཤེས་མངོན་བྱེད༔

From Dudjom Wiki
Revision as of 09:33, 21 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-073
Wylie title chos nyid nam mkha'i klong mdzod las: rdo rje gzhon nu'i gsang sgrub ye shes mngon byed: TTDL-ZABTER-12-NA-073.pdf
Location bdud 'joms gling pa zab gter
Volume 12, Text 73, Pages 409-410 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las rdo rje gzhon nu'i gsang sgrub ye shes mngon byed. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 409-410. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang sgrub   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Rdo rje phur pa
Colophon
  • First colophon: ཞེས་ཕྱུག་པོ་པདྨ་ཡེ་ཤེས་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
  • Second colophon: བདུད་འཇོམས་པས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
  • First colophon: zhes phyug po pad+ma ye shes nas bskul ngor bdud 'joms rdo rjes gtan la phab pa'o/_/dge'o/_/legs so/_/sarba mang+ga laM//
  • Second colophon: bdud 'joms pas so/_/dge'o/_/legs so/_/sarba mang+ga laM//
[edit]
༁ྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྡོ་རྗེ་གཞོན་ནུའི་གསང་སྒྲུབ་ཡེ་ཤེས་མངོན་བྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྒོ་གསུམ་རྡོ་རྗེ་གྲོང་འཇུག་ནི༔ ཧཱུྃ༔ སྣང་སྲིད་དུར་ཁྲོད་གཞལ་ཡས་སུ༔ པདྨ་ཉི་མ་བདུད་བཞིའི་སྟེང་༔ རང་ཉིད་རྡོ་རྗེ་གཞོན་ནུ་མཐིང་༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་རབ་ཁྲོས་རྔམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་ཁྲོ་གཉེར་སྡུད༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ གཡས་གཉིས་གནམ་ལྕགས་རྡོ་རྗེ་དང་༔ གཡོན་གཉིས་མེ་དཔུང་ཁ་ཊྭཱྃ་གདེངས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ ཁམས་གསུམ་རྣམ་རྒྱལ་ཁྱུང་གཤོག་བརྐྱང་༔ འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྱུད༔ མཐིང་སྐྱ་ཁ་ཊྭཱྃ་ཐོད་ཁྲག་སྟོབ༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ ཐུགས་གསང་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འཁོར་འདས་དག་མཉམ་རོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཤེས་པ་གཞན་དུ་མ་ཡེངས་པར༔ གསལ་བའི་གཟེར་དང་འགྲོགས་པ་གནད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་ཕྱུག་པོ་པདྨ་ཡེ་ཤེས་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། ༈ ཨོཾ་བཛྲ་ཨརྒྷཾ་སོགས༔ བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ མི་སྲུན་རྔམས་བརྗིད་རྡོ་རྗེ་སྲིན་པོའི་སྐུ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་མངའ་བདག་དཔལ༔ གར་དགུའི་ཉམས་རྫོགས་ཁྲོ་བཅུ་ཁྲ་ཐབས་འགྱེད༔ རྡོ་རྗེ་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད༔ བདུད་འཇོམས་པས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།