TTDL-ZABTER-14-PHA-074

From Dudjom Wiki
Revision as of 13:53, 21 August 2024 by Mort (talk | contribs)

TTDL-ZABTER-14-PHA-074
Wylie title TTDL-ZABTER-14-PHA-074.pdf
Location bdud 'joms gling pa zab gter
Volume 14, Text 74, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
བརྡ་ཡིག་༠༠༠༠༠༤༦༡༔ བྱིན་རླབས་མྱུར་མགྱོགས་མ་བཞུགས་སོ༔ དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་སྐུ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ༔ སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ༔ སྐྱབས་འགྲོ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ལྷ་དང་བླ་མ་ཡི་དམ་མཁའ་འགྲོ་ལ༔ གསོལ་འདེབས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཕ་མའི་གཙོར་བྱས་འགྲོ་དྲུག་སེམས་ཅན་ལ༔ སྙིང་རྗེ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ གཉན་ས་རི་ཁྲོད་ནམ་ཡང་འགྲིམ་ཙ་ན༔ ལུས་ལ་ཆགས་འཛིན་མེད་པར་བྱིན་གྱིས་རློབས༔ ནང་ན་ཉོན་མོངས་དུག་ལྔ་རྒྱས་ཙ་ན༔ མ་སྤངས་རང་སར་གྲོལ་བར་བྱིན་གྱིས་རློབས༔ ལུས་ལ་འཆི་རྐྱེན་ནམ་ཡང་བྱུང་ཙ་ན༔ རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས༔ བར་དོའི་འཕྲང་ལ་ནམ་ཡང་འགྲིམ་ཙ་ན༔ འོད་གསལ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བདུད་འཇོམས་པས་སོ།།།།༈འོད་གསལ་ལྷུན་གྲུབ་ཆོས་ཉིད་འདུས་མ་བྱས༔ རང་བྱུང་འཕོ་འགྱུར་བྲལ་བ་གདོད་མའི་ངང་༔ ཇི་ལྟ་ཇི་སྙེད་མཁྱེན་བརྩེའི་རོལ་པ་ཅན༔ བདུད་འཇོམས་ཁྲོ་ལོད་རྩལ་ལ་གསོལ་བ་འདེབས༔ མཛད་པ་རྨད་བྱུང་ཕྲིན་ལས་ཤིང་རྟ་རུ༔ སྐལ་བཟང་གདུལ་བྱའི་ལམ་བརྟེན་བྱེད་པར་ཤོག༔ སྤྲང་འཆོལ་བས་ཚིག་འདི་ཤར༔ ཞལ་འདོན་བྱས་ན་བྱིན་རླབས་ཡོད༔ བདུད་འཇོམས་པས་སོ།།།།