TTDL-ZABTER-13-PA-012

From Dudjom Wiki
Revision as of 10:31, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-012
Wylie title TTDL-ZABTER-13-PA-012.pdf
Location bdud 'joms gling pa zab gter
Volume 13, Text 12, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབྱིངས་ཀྱི་རྗེ་མོ་གཤེགས་སུ་གསོལ༔ སྤྱང་ཞོན་མཆེད་གསུམ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ བདུད་འཇོམས་པས་སོ།།༈མཆོད་གཏོར་ནམ་མཁའ་མཛོད་ཀྱིས་སྤེལ་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཨེ་ཀ་ཙ་ཏི་འཁོར་དང་བཅས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི༴སྒོ་གསུམ་གུས་པས༴བདག་གི༴ཕྱི་ནང༴ཐུགས་དམ་བསྐང༴གདུང་དབྱངས༴ཕྲིན་ལས་རབ་འབྱམས༴མ་གཡེལ་མ་འགྱངས་ས་མ་ཡ༔ བདུད་འཇོམས་པས་སོ།།དགེའོ།།།།