TTDL-ZABTER-13-PA-058

From Dudjom Wiki
Revision as of 10:42, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-058
Wylie title TTDL-ZABTER-13-PA-058.pdf
Location bdud 'joms gling pa zab gter
Volume 13, Text 58, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉི་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་ནག་པོའི་དགྲ་ཆོས་དྲག་བསྐུལ་ཟབ་མོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དམར་གྱི་གཏོར་མ་སྐྱེམས་ཕུད་ལ༔ འགུགས་བསྟིམ་དགྲ་བགེགས་ཤ་ཁྲག་གི༔ རྒྱ་མཚོར་དམིགས་ཏེ་སྔགས་ཀྱི་སྤེལ༔ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ གདིང་དང་ལྡན་པས་འདི་སྐད་དྲག་བསྐུལ་གྱི་རིམ་པ་ལ༔ ཛཿདུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ བསྐུལ་ལོ་རྦད་དོ་གཟའ་བདུད་འཁོར་དང་བཅས༔ མ་འགྱང་མྱུར་དུ་སྡང་བའི་དགྲ་ལ་ཆོས༔ གཞན་དུ་མ་འབྱམས་རང་ལ་མ་ལྡོག་པར༔ མཐུ་ནུས་དྲག་ཤུལ་མ་རྡུག་བསྟན་དགྲའི་སྡེ༔ ཁ་རླངས་དུག་གི་སྤུ་གྲིས་ཧུར་ཐུམ་སོད༔ བཅོལ་བའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ བཀའ་དང་དམ་ལ་མ་འདས་ས་མ་ཡ༔ ཞེས་སྐྱེམས་ཕུད་གཏོར་མ་དགྲ་ཕྱོགས་སུ་དོར༔ དེ་ཡིས་བཅོལ་བའི་ལས་ཀུན་འགྲུབ༔ ས་མ་ཡ༔ ཞེས་པ་འདི་ཉིད་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།།།