ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བསྐང་གསོལ་ཤིན་ཏུ་བསྡུས་པ༔

From Dudjom Wiki
Revision as of 12:59, 26 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-033
Wylie title chos nyid nam mkha'i klong mdzod las: gnod sbyin shan pa dmar nag gi bskang gsol shin tu bsdus pa: TTDL-ZABTER-13-PA-033.pdf
Location bdud 'joms gling pa zab gter
Volume 13, Text 33, Pages 113 (Folios 1a1 to 1a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gnod sbyin shan pa dmar nag gi bskang gsol shin tu bsdus pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 113. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol shan pa  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཅེས་ཁྲོམ་ཟ་ལི་ཐར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།།

ces khrom za li thar gyis bskul ngor bdud 'joms rdo rjes smras pa yongs su dge bar gyur cig_/dge'o/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བསྐང་གསོལ་ཤིན་ཏུ་བསྡུས་པ་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ (བརྡ་ཡིག་) ཤན་པ་སྲོག་ལེན་དམར་པོ་ལ༔ བསྐང་གསོལ་བྱེད་པའི་ལས་བརྩོན་ན༔ ཤ་ཁྲག་འབྲུ་སྣ་གཏོར་མ་སྐྱེམས༔ བཟའ་བར་འོས་པའི་རིགས་མཐའ་དག༔ བཤམས་ཏེ་སྭ་བྷཱ་ཝ་ཡིས་སྦྱངས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཀྱཻ༔ གནོད་སྦྱིན་ཤན་པ་དྲག་རྩལ་ཅན༔ བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས༔ རྒྱུ་ནི་བར་སྣང་ཁྱབ་པར་རྒྱུ༔ སྤྲུལ་པའི་འཁོར་བརྒྱད་ལས་ལ་འགྱེད༔ དད་དང་དམ་ཚིག་གཉན་གྱིས་འབོད༔ བདག་གི་གྲོགས་དང་སྲུང་མར་བཞུགས༔ འདོད་རྒུའི་དཔལ་གྱི་མཆོད་པ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ཅེས་ཁྲོམ་ཟ་ལི་ཐར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །། (བརྡ་ཡིག་) ཛཿ ཧེ་ཆེན་དྷ་ནའི་དུར་ཁྲོད་ནས༔ གནོད་སྦྱིན་ཤན་པ་དྲག་རྩལ་ཅན༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བདག་སྲུང་བསམ་དོན་ལྷུན་གྲུབ་མཛོད༔ ཅེས་རྟག་ཏུ་བརྗོད་པས་ཕྲིན་ལས་ཡོངས་གྲུབ་འགྱུར༔ ས་མ་ཡ༔ བདུད་འཇོམས་པས་སོ།། །།