བདེན་པའི་སྟོབས་ཀྱིས་གཅུན་པ༔

From Dudjom Wiki
Revision as of 08:38, 27 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-054
Wylie title bden pa'i stobs kyis gcun pa: TTDL-ZABTER-13-PA-054.pdf
Location bdud 'joms gling pa zab gter
Volume 13, Text 54, Pages 211-212 (Folios 1a1 to 1b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Bden pa'i stobs kyis gcun pa:. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 211-212. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bden stobs   Verso: bdud 'joms srung ma gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Gza' bdud
Colophon

བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/legs so/_/sarba mang+ga laM//

[edit]
༁ྃ༔ བདེན་པའི་སྟོབས་ཀྱིས་གཅུན་པ་ནི༔ ན་མོ༔ དཀོན་མཆོག་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་བདེན་པ་དང་༔ ཐབས་ཤེས་ཀུན་རྫོབ་དོན་དམ་ཟབ་མོའི་བདེན་པའི་མཐུ་དང་བྱིན་རླབས་ཀྱིས༔ བཀའ་མདོ་རྒྱུད་མན་ངག་ཀུན་ནས་མི་བསླུ་གསུང་ཚིག་གིས་བསྟན་པའི་མཐུ་སྟོབས་ནུས་རྩལ་དྲག་ཤུལ་མྱུར་མགྱོགས་ཀྱི་བདག་པོ་དྲང་སྲོང་གཟའ་བདུད་ནག་པོ་ཡབ་ཡུམ་སྤྲུལ་པ་བཀའ་འཁོར་བྲན་འབངས་དང་བཅས་པ་ཡོངས་སུ་རྫོགས་ཤིང་ཚང་བར་བདག་གི་མདུན་སར་མི་འབྲལ་བའི་གྲོགས་དང་བར་ཆད་བཟློག་པའི་སྲུང་མ་ཕྲིན་ལས་སྒྲུབ་པའི་ཕོ་ཉ་དགྲ་བགེགས་བསྒྲལ་བའི་གཤིན་རྗེ་རུ་དེ་རིང་ཉིད་ནས་མཆིས་པར་གྱུར་ཅིག༔ རྟག་ཏུ་བཀའ་ཉན་ཅིང་གསུང་སྡོད་པར་གྱུར་ཅིག༔ དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་ཐམས་ཅད་ལྷ་ཡང་རུང་སྟེ་རྗེས་ཤུལ་ལྷག་མེད་དུ་བརླག་པར་གྱུར་ཅིག༔ བདག་གི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་འགྲུབ་ནས་མཐུ་ཡི་གྲགས་པས་ས་སྟེང་ཁྱབ་ཅིང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ འདི་ཡིས་གཅུན་པས་མི་འགྲུབ་གང་ཡང་མེད༔ དུས་བཞིར་འདི་ལ་ནན་ཏན་མཛོད་ཅིག་བུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།