TTDL-ZABTER-15-BA-004

From Dudjom Wiki
Revision as of 14:55, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-004
Wylie title TTDL-ZABTER-15-BA-004.pdf
Location bdud 'joms gling pa zab gter
Volume 15, Text 4, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ རིག་འཛིན་བླ་མའི་དོན་བསྐང་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ཧཱུྃ༔ མ་བཅོས་ཡེ་སངས་རྒྱས་པའི་སྐུ༔ ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་༔ ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་༔ གདུལ་བྱའི་མོས་ངོར་གང་འདུལ་སྟོན༔ སྤྲུལ་སྐུའི་བླ་མའི་ཐུགས་དམ་བསྐང་༔ རྒྱལ་ཀུན་དགོངས་པ་རོ་གཅིག་པའི༔ དགོངས་བརྒྱུད་བླ་མའི་ཐུགས༴བརྡ་ཚིགས་ཙམ་གྱིས་ངེས་དོན་རྟོགས༔ བརྡ་བརྒྱུད་བླ་མའི་ཐུགས༴གཅིག་ནས་གཅིག་བརྒྱུད་གྲོལ་ལམ་སྟོན༔ སྙན་བརྒྱུད་བླ་མའི་ཐུགས༴དུས་གསུམ་སངས་རྒྱུས་གཅིག་རྫོགས་དཔལ༔ དྲིན་ཆེན་བླ་མའི་ཐུགས༴སྣོད་བཅུད་དཔལ་ཡོན་ཐམས་ཅད་ཀུན༔ བླ་མའི་ཐུགས་དམ་བསྐང་ཕྱིར་འབུལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཕྱིན་ནང་ཕུང་ཁམས་སྐྱེ་མཆེད་ཀུན༔ བླ་མའི་ཐུགས་དམ་བསྐང་ཕྱིར་འབུལ༔ དམ་ཚིག་ཉམས་ཆག༴དག་ཚངས་མཆོག་ཐུན༴བུ་ནོར་ཆུང་མ་ཉེ་འཁོར་བཅས༔ བླ་མའི་ཐུགས་དམ༴དམ་ཚིག་ཉམས་ཆག༴དག་ཚངས་མཆོག་ཐུན༴བློ་ཡི་སྙིང་དང་གཅེས་པའི་སྲོག༔ བླ་མའི་ཐུགས་དམ༴དམ་ཚིག་ཉམས་ཆག༴དག་ཚངས་མཆོག་ཐུན༴བསོད་ནམས་དགེ་རྩ་ཅི་མཆིས་པཿབླ་མའི་ཐུགས་དམ༴དམ་ཚིག་ཉམས་ཆག༴དག་ཚངས་མཆོག་ཐུན༴ཚོགས་ཡུལ་འདོད་ཡོན་སོ་སོར་བཅས༔ བླ་མའི་ཐུགས་དམ༴དམ་ཚིག་ཉམས་ཆག༴དག་ཚངས་མཆོག་ཐུན༴ལྟ་བ་མ་རྟོགས་རྟོགས་པས་བཤགས༔ སྒོམ་པ་འཁྲུལ་ན་རིག་པས་བཤགས༔ སྤྱོད་པ་ནོར་ན་དབྱིངས་སུ་བཤགས༔ ཚེ་འདིར་རྣམ་གྲོལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འགྲོ་འདུལ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་པས་སོ།།དགེའོ།།།།