རྩ་གསུམ་སྤྱིའི་བསྐང་བ་ཤིན་ཏུ་བསྡུས་པ༔

From Dudjom Wiki
Revision as of 14:33, 29 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-040
Wylie title rtsa gsum spyi'i bskang ba shin tu bsdus pa: TTDL-ZABTER-15-BA-040.pdf
Location bdud 'joms gling pa zab gter
Volume 15, Text 40, Pages 209 (Folios 1a1 to 1a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rtsa gsum spyi'i bskang ba shin tu bsdus pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 209. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang bsdus rtsa gsum spyi  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Rtsa gsum
Colophon

ཅེས་པ་ཚེས་བཅུ་སོགས་བསྐང་ཚོགས་བརྒྱ་རྩ་བཏང་པའི་སྐབས་སུ་ཉེར་མཁོའི་ཆེད་དུ་ཕན་སེམས་ཀྱིས་སྒྱུ་མའི་རྣལ་འབྱོར་ཆོས་རྒྱལ་བདུད་འཇོམས་རྡོ་རྗེས་མཛད་པ་དགེའོ། །མངྒ་ལཾ།།

ces pa tshes bcu sogs bskang tshogs brgya rtsa btang pa'i skabs su nyer mkho'i ched du phan sems kyis sgyu ma'i rnal 'byor chos rgyal bdud 'joms rdo rjes mdzad pa dge'o/_/mang+ga laM//

[edit]
༁ྃ༔ རྩ་གསུམ་སྤྱིའི་བསྐང་བ་ཤིན་ཏུ་བསྡུས་པ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ བརྒྱུད་པ་དགུ་ལྡན་བླ་མ་དམ་པ་དང་༔ རྒྱུད་སྡེ་བཞི་དྲུག་ཐེག་དགུར་འབྲེལ་བ་ཡི༔ ཡི་དམ་ཞི་ཁྲོ་བཀའ་དགོངས་ཕུར་གསུམ་དང་༔ གནས་ཡུལ་དུར་ཁྲོད་ལ་གནས་དཔའ་བོ་དང་༔ མ་མོ་མཁའ་འགྲོ་ཤ་ཟ་ཤུགས་འགྲོ་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོ་བཅས་རྣམས་ཀྱི༔ ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་ཚེ་འདི་ལ༔ གདོད་མའི་གཞི་ལ་འོད་སྐུར་གྲོལ་བར་ཤོག༔ ཅེས་པ་ཚེས་བཅུ་སོགས་བསྐང་ཚོགས་བརྒྱ་རྩ་བཏང་པའི་སྐབས་སུ་ཉེར་མཁོའི་ཆེད་དུ་ཕན་སེམས་ཀྱིས་སྒྱུ་མའི་རྣལ་འབྱོར་ཆོས་རྒྱལ་བདུད་འཇོམས་རྡོ་རྗེས་མཛད་པ་དགེའོ། །མངྒ་ལཾ།། །།