དག་སྣང་ཡེ་ཤེས་དྲྭ་བ་ལས༔ བདུད་མགོན་ལེགས་གྲུབ་རྡོ་རྗེའི་བསྐུལ་བ་གནམ་ལྕགས་ཐོག་མདའ༔

From Dudjom Wiki
Revision as of 10:43, 5 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-090
Wylie title dag snang ye shes drwa ba las: bdud mgon legs grub rdo rje'i bskul ba gnam lcags thog mda': TTDL-ZABTER-15-BA-090.pdf
Location bdud 'joms gling pa zab gter
Volume 15, Text 90, Pages 359-360 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bdud mgon legs grub rdo rje'i bskul ba gnam lcags thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 359-360. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms srung ma zhing skyong
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Bdud mgon zhing skyong
Colophon

ཞེས་པ་འདི་ཉིད་རིགས་སྲས་རིག་འཛིན་ནོར་བུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལམ།།

zhes pa 'di nyid rigs sras rig 'dzin nor bus nan du bskul ngor khrag 'thung bdud 'joms rdo rjes dag snang ye shes drwa ba las bsgyur ba'o/_/dge'o/_/dge'o/_/dge'o/_/legs so/_sarba mang+ga lam//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བདུད་མགོན་ལེགས་གྲུབ་རྡོ་རྗེའི་བསྐུལ་བ་གནམ་ལྕགས་ཐོག་མདའ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཤ་ཁྲག་དམར་གྱི་གཏོར་མ་བཤམས༔ ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ་བྷྱོ༔ བདེ་ཆེན་ཞིང་དང་དག་པ་མཁའ་སྤྱོད་ཞིང་༔ ཙ་རི་ཙ་འདྲ་ཙ་གོང་པདྨ་བཀོད༔ གནས་དང་ཉེ་གནས་ཞིང་དང་ཉེ་ཞིང་དང་༔ དུར་ཁྲོད་ཉེ་བའི་དུར་ཁྲོད་ལ་སོགས་ནས༔ ཞིང་སྐྱོང་ཆེན་པོ་ག་ཡ་ངྷ་ར་དང་༔ ལེགས་གྲུབ་རྡོ་རྗེ་ཀྵེ་ཊ་པཱ་ལ་དང་༔ བདུད་ཀྱི་མགོན་པོ་ལྷོ་བཙན་ནག་པོ་སོགས༔ སྐུ་གཅིག་མཚན་མང་གྲགས་པའི་ཧེ་རུ་ཀ༔ ཡུམ་གྱི་ཆ་འཛིན་སེང་ཧ་དམར་མོ་དང་༔ འཁོར་དུ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ ནག་པོ་སྟོང་དང་ཤ་ཟ་འབུམ་ཕྲག་དང་༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཡི་ཚོགས༔ བདུད་པོ་ཐོད་གར་བདུད་མོ་སྲོག་ལེན་བཅས༔ ཐུགས་དམ་བསྐུལ་ལོ་སྡང་བའི་དགྲ་ལ་རྒྱུག༔ བདག་ལ་སྡང་བའི་དགྲ་བོ་ཆེ་གེ་མོ༔ ལོ་ཟླ་ཞག་དུས་ཟ་མར་མ་འགྱང་བར༔ སྲོག་གཅོད་བླ་སོད་དོན་སྙིང་ནང་རོལ་ཁྱེར༔ ཕོ་རྒྱུད་རྩ་བ་རྩད་ནས་གཅོད་པ་དང་༔ མོ་རྒྱུད་རྩ་བ་མངལ་ནས་སྐེམ་པར་མཛོད༔ རྗེས་ལྷག་མེད་པར་མྱུར་དུ་བརླག་མཛོད་ཅིག༔ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུག་གོ༔ མ་གཡེལ་མ་འདའ་བཛྲ་ས་མ་ཡ༔ ཨོཾ་ཏྲུ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ༔ སི་ན་ར་མ༔ དྷྲི་ཏྲི་ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་མ་ཡ༔ ཛ་ཛ༔ ཆོ་ཆོ༔ རྒྱུག་རྒྱུག༔ དགྲ་བོ་ཆེ་གེ་མོའི་བླ་ལ་རྒྱུག་རྒྱུག༔ ཚེ་ལ་རྒྱུག་རྒྱུག༔ མི་ནོར་དཀོར་ལ་རྒྱུག་རྒྱུག་རྦད་རྦད༔ བྷྱོ༔ དེ་ལྟར་དྲག་ཏུ་བསྐུལ་བ་ཡིས༔ དགྲ་བོ་བརླག་པར་གདོན་མི་ཟ༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཉིད་རིགས་སྲས་རིག་འཛིན་ནོར་བུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལམ།། །།