དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཀའ་སྲུང་ཟངས་རི་བཙན་རྒོད་ཀྱི་བསྐང་གསོལ་ཕྲིན་ལས་ལྷུན་གྲུབ༔

From Dudjom Wiki
Revision as of 11:10, 5 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-092
Wylie title dag snang ye shes drwa ba las: bka' srung zangs ri btsan rgod kyi bskang gsol phrin las lhun grub: TTDL-ZABTER-15-BA-092.pdf
Location bdud 'joms gling pa zab gter
Volume 15, Text 92, Pages 363-364 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bka' srung zangs ri btsan rgod kyi bskang gsol phrin las lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 363-364. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms srung ma zangs btsan
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity zangs ri btsan rgod
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཅོད་ཀྱི་རྣལ་འབྱོར་བ་ཟངས་རིའི་བཀའ་བབ་སློབ་བུ་མཆོག་གྲུབ་ཀྱི་ངོར་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེ།

zhes pa 'di ni khrag 'thung bdud 'joms rdo rjes gcod kyi rnal 'byor ba zangs ri'i bka' bab slob bu mchog grub kyi ngor chos nyid nam mkha'i mdzod las bsgyur ba dge/

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཀའ་སྲུང་ཟངས་རི་བཙན་རྒོད་ཀྱི་བསྐང་གསོལ་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ༁ྃ༔ ན་མོ་གུ་རུ་བྷྱ༔ (བརྡ་ཡིག་) ཤ་ཁྲག་དམར་གཏོར་སྐྱེམས་མཆོད་བཤམས༔ རང་ཉིད་ལྷ་ཡིང་རྒྱལ་གྱིས༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་པ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ ཟངས་རི་བཙན་རྒོད་མཆེད་སྡེ་བདུན༔ མི་དམར་རྟ་དམར་དམག་ཆས་ཅན༔ བདུང་དར་དམར་པོ་གནམ་ལ་ཕྱར༔ གོ་ཁྲབ་བགོས་ཤིང་འཁོར་གསུམ་བརྒྱན༔ སྡེ་བརྒྱད་དྲེགས་པ་ལས་ལ་འགྱེད༔ སྔོན་ཚེ་པདྨ་ཐོད་ཕྲེང་དང་༔ མ་ཅིག་ལབ་ཀྱི་སྒྲོན་མ་ཡིས༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་གནས་འདིར་གཤེགས་སུ་གསོལ༔ བདག་གི་གྲོགས་དང་སྲུང་མར་བཞུགས༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ ཁྱི་ར་རྟ་དང་གཡག་ར་ལུག༔ དར་དམར་གོ་མཚོན་སྣ་ཚོགས་དང་༔ མདོར་ན་མཐུན་རྫས་ལོངས་སྤྱོད་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ བདག་གི་བསམ་དོན་ཡོངས་འགྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་བ་ཡིས༔ བཀའ་སྲུང་དྲེགས་པ་བྲན་ཁོལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཅོད་ཀྱི་རྣལ་འབྱོར་བ་ཟངས་རིའི་བཀའ་བབ་སློབ་བུ་མཆོག་གྲུབ་ཀྱི་ངོར་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེ། །།