དག་སྣང་ཡེ་ཤེས་དྲྭ་བ་ལས༔ ལྷ་རི་ཏིལ་དཀར་གྱི་བསང་མཆོད་འདོད་འཇོའི་ཡིད་བཞིན༔

From Dudjom Wiki
Revision as of 10:57, 6 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-122
Wylie title dag snang ye shes drwa ba las: lha ri til dkar gyi bsang mchod 'dod 'jo'i yid bzhin: TTDL-ZABTER-15-BA-122.pdf
Location bdud 'joms gling pa zab gter
Volume 15, Text 122, Pages 493-495 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las lha ri til dkar gyi bsang mchod 'dod 'jo'i yid bzhin. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 493-495. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bsang mchod   Verso: bdud 'joms lha ri til dkar
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Smoke Offerings - bsangs mchod - lha bsang
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཅེས་སྒ་འགོས་ལྷ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་བྲི་པའོ། །དགེའོ། །མངྒ་ལཾ།།

ces sga 'gos lha bas bskul ngor khrag 'thung bdud 'joms rdo rje bri pa'o/_/dge'o/_/mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ ལྷ་རི་ཏིལ་དཀར་གྱི་བསང་མཆོད་འདོད་འཇོའི་ཡིད་བཞིན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ལྷ་ཀི་ཀི་ཀྭི་ལ་བསྭོ་བསྭོ་བསྭོ༔ དགྲ་བླ་གཉན་པོ་བརྟེན་ཅིང་གསོལ༔ གེ་སར་སྐྱེས་བུ་དགྲ་འདུལ་གྱི༔ དགྲ་བླ་ལྷ་ཀླུ་གཉན་གྱི་སྡེ༔ དཔའ་སྐྱེན་ལྡན་པའི་སྐྱེ་བུ་མཆོག༔ སུམ་ཅུའི་ཚོགས་དང་དེའི་དགྲ་བླ༔ འཁོར་དང་བཅས་པ་བསང་ཞིང་བརྔན༔ ཁྱད་པར་དཔའ་བོ་གཡུ་སྟག་གི༔ དགྲ་བླའི་བྲན་གྱུར་གཉན་ཆེན་པོ༔ རྡོ་ཡི་ལྷ་ཏིའུ་དཀར་པོར་གྲགས༔ ཁྱོད་ཀྱི་རྟེན་དང་བརྟེན་པ་ནི༔ དངུལ་མཁར་དཀར་པོ་ཟངས་སེ་ཟང་༔ གསེར་དོག་གནམ་དུ་ལམས་སེ་ལམ༔ ལྷ་མོའི་གར་བྱེད་ཁྱུགས་སེ་ཁྱུག༔ རྨ་བྱས་རྩ་འཇོ་གྱི་ལི་ལི༔ འདབ་ཆགས་འཕུར་ལྡིང་འཇལ་མ་འཇོལ༔ གཅན་གཟན་ཤ་ཟན་ཉི་ལི་ལིཿརི་དྭགས་སྣ་ཚོགས་རྣམ་འགྱུར་བརྩེ༔ ཕོ་བྲང་དེ་ཡི་ནང་ཤེད་ན༔ དགྲ་བླ་དུང་སྐྱོང་དཀར་པོ་ནི༔ མི་དཀར་དུང་གི་ཟུར་ཕུད་ཅན༔ གཡས་ན་གསེར་གྱི་རལ་གྲི་ཕྱར༔ གཡོན་པས་གཏེར་གྱི་བུམ་པ་བསྣམས༔ རབ་དཀར་དུང་གི་ཁྲི་ལ་འགྱིང་༔ རྒྱུ་ཚེ་ངང་པ་རྔོག་སེར་བཅིབས༔ དཀར་པོ་དགེ་བའི་ལས་ལ་གདུང་༔ དར་དཀར་ལྭའུ་གོས་སུ་ཀླུབ༔ ཤིང་གི་ལྷ་མོའི་འདོད་ཡོན་སྤྱོད༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ དཀར་གསུམ་མངར་གསུམ་འབྲུ་སྣ་ཚོགས༔ དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ འདོད་པ་འཇོ་བའི་ལོངས་སྤྱོད་གཏེར༔ བདུད་རྩི་བསང་གི་མཆོག་པ་འབུལ༔ ཁྱེད་ཀྱི་དགྱེས་པ་བསྐང་བྱེད་པའི༔ འབྱུང་བའི་ལྷ་མོ་རྣམ་གསུམ་བསང་༔ ཁྱེད་ཀྱི་སྲས་སུ་གྱུར་པ་ནི༔ ལྷ་ཕྲུག་དུང་ཁྱུང་དཀར་པོ་བསང་༔ བློན་ཆེན་བྲག་ལྷ་དམར་པོ་བསང་༔ ཁ་འཛིན་ཨ་ནེ་གོང་སྨན་བསང་༔ རྒྱབ་བརྟེན་སྐུ་བླ་གེར་ཛོང་བསང་༔ བླ་མཆོད་མཁའ་རི་ཏིའུ་སེར་བསང་༔ དམག་དཔོན་ནགས་རི་ལྷུན་པོ་བསང་༔ གཟི་ལྡན་མེ་སྟག་དམར་པོ་བསང་༔ མགར་བ་ཤ་ཏིའུ་ནག་པོ་བསང་༔ བྲན་པོ་བཙན་དམར་སྐྱ་བདུན་བསང་༔ འཁོར་འབངས་ཀླུ་བཙན་གཉན་གསུམ་བསང་༔ ཕྱི་འབངས་སྨན་མོ་རྡོ་ཐེའུ་བསང་༔ ཀྱཻ༔ སྲིད་པའི་ལྷ་གཉན་འཁོར་བཅས་ལ༔ གཡག་ལུག་ར་གསུམ་ལ་སོགས་པའི༔ གཟུགས་འགྲོས་སྣ་ཚོགས་ཕྱག་ཏུ་འབུལ༔ དར་གོས་གོ་མཚོན་སྟག་གཟིག་ལྤགསཿདགྲ་བླ་གཉན་པོར་དཀོར་དུ་འབུལ༔ གསེར་དངུལ་ཟངས་ལྕགས་གཡུ་དུང་སོགས༔ རིན་ཆེན་སྣ་ཚོགས་ནོར་དུ་འབུལ༔ རོ་བརྒྱ་ནུས་པ་སྟོང་ལྡན་པའི༔ བཟའ་བཏུང་སྣ་ཚོགས་ཟས་སུ་འབུལ༔ འཚོ་བའི་རྩི་བཅུད་འཆི་བསླུའི་རྫས༔ བདུད་རྩི་སྨན་གྱི་མཆོག་ཏུ་འབུལ༔ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་༔ བསང་ཁྲུས་རྟེན་འབྲེལ་ཟབ་མོའི་མཐུས༔ དགྲ་བླ་གཉན་པོའི་སྤྱོད་ཡུལ་དུ༔ དེ་ལྟར་འབྱུང་ཞིང་རྒྱས་གྱུར་ཅིག༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དཀར་པོ་དགེ་བའི་སྡོང་གྲོགས་མཛོད༔ དམ་པའི་ཆོས་ཀྱི་བསྟན་པ་སྲུང་༔ དགེ་འདུན་བཙུན་པའི་དབུ་འཕང་བསྟོད༔ ནག་ཕྱོགས་བདུད་སྡེ་ཆོམ་ལ་ཕོབ༔ ཁྱད་པར་བདག་ཅག་འཁོར་བཅས་ཀྱི༔ མི་ཡི་ན་ཚ་རྐྱེན་གེགས་བཟློག༔ ཕྱུགས་ཀྱི་གོད་ཁ་ཕུང་འགྱོད་བཟློག༔ ཞིང་ལ་སད་སེར་མ་བཏང་ཞིག༔ དགྲ་ཇག་ཆོམ་རྐུན་གཅན་སྤྱང་ཐུལ༔ མི་ཁ་བྲ་མཆུ་མཁོན་འཐབ་བཟློག༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱིས༔ བཅོལ་བའི་ལས་དེ་མ་ལུས་པ༔ བསྒྲུབ་ཅིང་འགྲུབ་པའི་མཐུ་ཐོབ་ཤོག༔ ཅེས་སྒ་འགོས་ལྷ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་བྲི་པའོ། །དགེའོ། །མངྒ་ལཾ།། །།