མི་རྒན་བདག་གི་ངག་ལ་སོགས།

From Dudjom Wiki
Revision as of 12:57, 10 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-119
Wylie title mi rgan bdag gi ngag la sogs TTDL-ZABTER-18-TSHA-119.pdf
Location bdud 'joms gling pa zab gter
Volume 18, Text 119, Pages 445 (Folios 223a1 to 223a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Mi rgan bdag gi ngag la sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 445. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

།མི་རྒན་བདུད་འཇོམས་རྡོ་རྗེས་སྤྲིངས་པའོ། །དགེའོ།།

/mi rgan bdud 'joms rdo rjes springs pa'o/_/dge'o//

[edit]
༄༅། །མི་རྒན་བདག་གི་ངག་ལ་ཁྱོད་ཉན་ན། །མི་ཚེ་ཐེབས་ཙམ་སྣང་བ་ཡུད་ཙམ་འདིར། །རྣམ་གཡེང་ལེ་ལོ་རྙེད་ཚོལ་བྱ་བ་སྤོངས། །གསོག་འཇོག་བྱས་ཀྱང་གཞན་གྱིས་ཧབ་ཤ་བྱེད། །བློ་ཐག་རིང་བའི་སྣ་ཁ་བསྟུང་བྱས་ཏེ། །རྩེ་གཅིག་བསྒོམ་པ་ཟབ་མོ་ལྷུར་ལེན་མཛོད། །རང་གི་རང་ལ་ཁ་ཏ་གྲོས་ཐོབ་ལ། །རང་ཚད་རང་གིས་ཟུངས་ཤིག་སྐལ་ལྡན་བུ། །གདོད་མའི་ཡེ་གཞི་ནམ་མཁའི་ཁོར་ཡུག་དེ། །སུས་ཀྱང་མི་མཐོང་ལྐོག་ཏུ་གྱུར་པ་ཡི། །ཕྱོགས་དང་རིས་ཆད་གཟུང་འཛིན་ལམ་དུ་འཕྱངས། །གཉིས་མེད་མཉམ་པ་ཉིད་ཀྱི་ངང་རིག་ནས། །མངོན་གྱུར་ངང་གནས་འདའ་མེད་རྟག་ཏུ་སྐྱོངས། །གདམས་ངག་ཆུད་ཟོས་མ་བྱེད་སྙིང་ནོར་གྱིས། །འཁོར་བ་སྤངས་ཟིན་འཁོར་བ་ལྷུར་མ་ལེན། །ཕྱི་མ་ཐར་པ་ཐོབ་པ་ཞིག་ལ་རེམ། །མི་རྒན་བདག་ལ་སྙིང་གཏམ་འདི་ལས་མེད། །མ་བརྗེད་མ་བརྗེད་ངེས་ལེགས་ཐུགས་ལ་ཞོག །མི་རྒན་བདུད་འཇོམས་རྡོ་རྗེས་སྤྲིངས་པའོ། །དགེའོ།། །།