སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་ཉི་ཤུ་པ། ཝ · 1 Texts

From Dudjom Wiki
Revision as of 10:31, 23 September 2024 by Mort (talk | contribs)

TTDL-ZABTER-Volume-20-WA



Karchag

Karchag PDF
ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེ་ལས་འཕྲོས་པའི་ཁ་སྐོང་སྐོར་གྱི་གླེགས་བམ་ ༼ཝ༽ པ་འདིར། དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ། གསང་ཆེན་ཐེག་པའི་ཡང་ཞུན་གཅོད་ཀྱི་གདམས་པ་གྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོའི་འགྲེལ་པ་ལེགས་བཤད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་ཆོས་བདག་པདྨ་ལུང་རྟོགས་རྒྱ་མཚོས་མཛད་པ་ཆོས་ཚན་གཅིག་ལ་ལྡེབ་ ༣༧༢ དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༣༧༣ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།། །།