DUDJOM-THROMA-011
DUDJOM-THROMA-011
དབུ་ཁྲིད་༠༠༠༠༠༠༠༠བརྡ་ཡིག ༡༣༡ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན་བཞུགས་སོ༔ དབུ་ཁྲིད་༠༠༠༠༠༠༠༠༠༠བརྡ་ཡིག ༡༣༢ ༠༠༠༠༠༠༠༠༠༠༠༠བརྡ་ཡིག ༡༣༢ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་གྱྀ༔ རྒྱུད་ལ་དགོངས་བྱིན་འབེབས་པའི་ཕྱིར༔ མཁའ་འགྲོའི་གསོལ་འདེབས་འདི་ལ་འབད༔ རང་གི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པ་གྲུབ་པའི་དབང་ཕྱུག་ས་ར་ཧ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པ༔ དབུ་སྐྲས་སྐུ་རྒྱབ་ཁེབ་ཅིང་ཕྱག་གཉིས་ས་གནོན་མཛད་པ༔ ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་དབྱིངས་དྭངས་གསལ་ནས་མཁའ་ལྟ་བུའི་ཀློང་དུ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་དང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་རང་བྱུང་རང་ཤར་ཆེན་པོར་བསྒོམ༔ ཕཊ་ཕཊ་ཕཊ༔ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན༔ གཞི་གདོད་མའི་མགོན་པོ་ཡབ་ཡུམ་ལ༔ བདག་རྣམ་གསུམ་དད་པས་གསོལ་བ་འདེབས༔ ཚེ་འདི་སྣང་གཟུང་དང་འཛིན་པའི་ཆོས༔ ཆོས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ གཞི་ཀ་དག་བརྡལ་ཁྱབ་ཆེན་པོ་རུ༔ དུས་ད་ལྟ་གྲོལ་བར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ གནས་ཀ་དག་ཆོས་སྐུའི་གཞལ་ཡས་ན༔ དཔལ་རིག་འཛིན་རྒྱལ་པོ་དགའ་རབ་རྗེ༔ བདག་རྣམ་གསུམ་དད་པས་གསོལ་བ་འདེབས༔ ཚེ་འདི་སྣང་གཟུང་དང་འཛིན་པའི་ཆོས༔ ཆོས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ གཞི་ཀ་དག་བརྡལ་ཁྱབ་ཆེན་པོ་རུ༔ དུས་ད་ལྟ་གྲོལ་བར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ གནས་ནམ་མཁའ་རྣམ་དག་གཞལ་ཡས་ན༔ རྗེ་གྲུབ་པའི་དབང་ཕྱུག་ཤྲཱི་སེང་༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་རང་སྣང་དོན་གྱི་འོག་མིན་ན༔ རྗེ་གྲུབ་བརྒྱའི་སྤྱི་མྱེས་ས་ར་ཧ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་དཔལ་རི་མཁའ་འགྲོའི་འདུ་གླིང་ན༔ རྗེ་འགྲོ་བའི་མགོན་པོ་པདྨ་འབྱུང་༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་སྒྲགས་ཀྱི་ཡང་རྫོང་དམ་པ་ན༔ མ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་ལ་སྟོད་དེང་རི་གླང་འཁོར་ན༔ ཕ་དམ་པ་སངས་རྒྱས་གྲུབ་པའི་རྗེ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་ཟངས་རི་མཁར་དམར་གྱི་དགོན་པ་ན༔ མ་མཁའ་འགྲོ་ལབ་ཀྱི་སྒྲོན་མ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་བརྡལ་ཁྱབ་ཆོས་སྐུའི་གཞལ་ཡས་ན༔ མ་ཡུམ་ཆེན་ཆོས་སྐུའི་མཁའ་འགྲོ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་ཨོ་རྒྱན་རང་བྱུང་དུར་ཁྲོད་ན༔ མ་ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་ཆོས་དབྱིངས་རྣམ་དག་གཞལ་ཡས་ན༔ མ་ཡུམ་ཆེན་སངས་རྒྱས་མཁའ་འགྲོ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་མངོན་པར་དགའ་བའི་ཞིང་ཁམས་ན༔ མ་རྡོ་རྗེ་མཁའ་འགྲོ་འབུམ་སྡེ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་དཔལ་དང་ལྡན་པའི་ཞིང་ཁམས་ན༔ མ་རིན་ཆེན་མཁའ་འགྲོ་འབུམ་སྡེ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་བདེ་བ་ཆེན་པོའི་གཞལ་ཡས་ན༔ མ་པདྨ་མཁའ་འགྲོ་འབུམ་སྡེ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་ལས་རབ་རྫོགས་པའི་ཞིང་ཁམས་ན༔ མ་ཀརྨ་མཁའ་འགྲོ་འབུམ་སྡེ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་དག་པ་མཁའ་སྤྱོད་གཞལ་ཡས་ན༔ མ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་སྣང་སྲིད་ཆོས་སྐུའི་གཞལ་ཡས་ན༔ རྗེ་གྲུབ་པའི་དབང་ཕྱུག་བདུད་འཇོམས་གླིང་༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་རྩེ་མོ་རྣམ་བཀོད་གཞལ་ཡས་ན༔ དྲིན་མཚུངས་མེད་རྩ་བའི་བླ་མ་ལ༔ བདག་རྣམ་གསུམ་དད་པས་སོགས༔ ཕཊ་ཕཊ་ཕཊ༔ གནས་རབ་འཇིགས་རྔམས་པའི་ཕོ་བྲང་ན༔ གྲོགས་བཀའ་སྲུང་ཆོས་སྐྱོང་མཐུ་རྩལ་ཅན༔ བདག་རྣམ་གསུམ་དད་པས་གསོལ་བ་འདེབས༔ ཕྱི་རྣམ་རྟོག་དགྲ་རུ་ལངས་པའི་འདྲེ༔ ནང་རེ་དོགས་ཉེ་བར་ལེན་པའི་བདུད༔ བར་གཟུང་འཛིན་འཁྲུལ་པའི་དགྲ་དང་བགེགས༔ དོན་ཐབས་ཤེས་ཟབ་མོའི་རྟེན་འབྲེལ་གྱིས༔ དབྱིངས་ཡུལ་མེད་ཟང་ཐལ་ཆེན་པོ་རུ༔ དུས་ད་ལྟ་ཉིད་དུ་གྲོལ་བ་རུ༔ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས༔ མ་འབུམ་ཕྲག་མཁའ་འགྲོས་བྱིན་གྱིས་རློབས༔ བཀའ་ཆོས་སྐྱོང་གཉན་པོས་བྱིན་གྱིས་རློབས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ༈ གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ༔ དབྱིངས་སྐུ་གསུམ་ངང་དུ་བཤིག་ཏུ་གསོལ༔ ནད་རླུང་དང་མཁྲིས་པ་བད་ཀན་གསུམ༔ དབྱིངས་བདེ་སྟོང་ཆེན་པོར་བཅད་དུ་གསོལ༔ སེམས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ དབྱིངས་ཡུམ་ཆེན་དགོངས་པར་བཤིག་ཏུ་གསོལ༔ སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ གཞི་ཀ་དག་སྐྱེ་མེད་ཆེན་པོ་རུ༔ དུས་མཉམ་དུ་གྲོལ་བར་བྱིན་གྱིས་རློབས༔ སེམས་མ་རིག་འདྲེ་དང་འདྲེར་འཛིན་བཅས༔ ཆོས་བདག་མེད་བརྟུལ་ཞུགས་ཆེན་པོ་ཡིས༔ དུས་ད་ལྟ་སྟན་ཐོག་འདི་རུ་ཆོད༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུ༔ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཅེས་དེ་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་ལ་ཐུགས་ཡིད་བསྲེ་བ་ཡང་ཡང་བྱ༔ ཕཊ་ཕཊ་ཕཊ༔ སྐུ་གསུམ་བརྒྱུད་གསུམ་བླ་མ་ལ་གསོལ་བ་འདེབས༔ དཀོན་མཆོག་རིན་ཆེན་རྣམ་གསུམ་ལ༴ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ༴ ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ༴ མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ༴ གཉིས་མེད་མཉམ་སྦྱོར་གྱི་བརྒྱུད་པ་ལ༴ རྟོགས་ལྡན་ཉམས་མྱོང་གི་བརྒྱུད་པ་ལ༴ ཟབ་མོ་གཅོད་ཀྱི་བརྒྱུད་པ་ལ༴ རིག་འཛིན་གྲུབ་ཐོབ་ཀྱི་བརྒྱུད་པ་ལ༴ བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས༔ མཆོན་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ གདོན་ཕོ་གདོན་མོ་གདོན་སོགས་གོང་ལྟར་འགྲེ༔ དེ་ལྟར་མོས་གུས་དྲག་པོ་ཡིས༔ གསོལ་འདེབས་ཐུགས་ཡིད་བསྲེ་བ་གནད༔ གང་གི་ཉམས་སུ་ལེན་པའི་བུ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་ལ་ངེས་གྲོལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་རང་སློབ་དམ་པ་འཇིགས་མེད་ཡེ་ཤེས་དར་རྒྱས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སློབ་བུ་རིན་ཕྲེང་ངོ༌། །དགེའོ། །སརྦ་མངྒ་ལཾ།། །།