DUDJOM-THROMA-024
DUDJOM-THROMA-024
༁ྃ༔ ཧོཿ དགོངས་སུ་གསོལ་ལོ༔ ལན་གསུམ༔ དྲང་སྲོང་གཟའ་མཆོག་ཆེན་པོ༔ སྡོང་ཟླ་གདོང་མོ་མཆེད་བཞི༔ སྤྲུལ་པའི་གཟའ་ཆེན་རྣམ་བརྒྱད༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ ལས་མཁན་ལྷ་སྲིན་སྡེ་བརྒྱད༔ བཀའ་སྡོད་བྲན་གཡོག༔ སྤྲུལ་དང་ཡང་སྤྲུལ༔ འཁོར་དང་ཡང་འཁོར༔ གཡོག་དང་ཡང་གཡོག༔ ཕོ་ཉ་ལས་མཁན་དང་བཅས་པ་ཐམས་ཅད་བཀའ་དང་ཐ་ཚིག་གཉན་པོ་ལས་མ་འདའ༔ དམ་ཚིག་དབང་གིས་སྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཤིག་བྱོན་ཅིག༔ ཧྲཱི་ཏྲི་རཀྴ་རཱ་ཧུ་ལ་ཤཀ་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛཿ