DUDJOM-THROMA-035

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-035

དབུ་ཁྲིད་བརྡ་ཡིག་༠༠༠༠༣༠༣༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མའི་ཆ་ལག་ལུས་གདོན་མཁའ་འགྲོའི་ཞལ་བསྟབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༠༤༔ བདུད་གཅོད་ཟབ་མོ་ཉམས་ལེན་པའི༔ རྣལ་འབྱོར་ཅན་ལ་མི་བདེ་བའི༔ ཟུག་རྔུ་བྱུང་ཚེ་འདིར་བརྩོན་པས༔ ཕྱི་ནང་བར་ཆད་གེགས་སྒྲོལ་བྱེད༔ དེ་ལ་ཟན་གྱི་བམ་གཟུགས་བཅའ༔ གཏོར་མ་ཆངས་བུ་ཤ་དུམ་ནི༔ བཅུ་བཅུ་བཤམ་ལ་སྐྱབས་སེམས་བསྒོམ༔ དེ་ནས་བསྟབ་པའི་ཐབས་བརྩོན་པ༔ དམིགས་པ་གཞན་དུ་མ་ཡེངས་གཅེས༔ ས་མ་ཡ༔ ཕཊ༔ རང་དང་བསྲུང་བྱའི་རིག་པ་དབྱེར་མེད་པ་དེ་སྐར་ཁུང་ནས་མདའ་འཕང་བ་ལྟར་སྟེང་གི་ནམ་མཁར་འཕོས༔ ཕཊ༔ བརྗོད་པ་ཙམ་གྱིས་མཁའ་ལས་གློག་འཁྱུགས་པའམ་ཆུ་ལས་ཆུ་ལྦུར་རྡོལ་བ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་སྐུ་སྟོད་གཟུགས་མེད་ཁམས་སུ་འགྱིང་ཞིང་༔ སྐེད་པ་གཟུགས་ཀྱི་ཁམས་ཀུན་གང་བ༔ སྐུ་སྨད་ཀྱིས་འདོད་པའི་ཁམས་ཡོངས་སུ་གང་ཞིང་ཁྱབ་པ༔ ཕྱག་གཡས་རལ་གྲི་དང་གཡོན་སྡིགས་མཛུབ་མཛད་པའི་སྐུར་གྱུར༔ ཕཊ༔ གཟུགས་ཕུང་ལུས་གདོན་དང་བཅས་པ་བམ་གཟུགས་ལ་ཐིམ་པས་གཉིས་སུ་མེད་པ་ཆུ་དང་འོ་མ་བསྲེས་པ་ལྟར་གྱུར་པ་ལ༔ གནོད་བྱེད་ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ་དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་རང་དབང་མེད་པར་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་བམ་གཟུགས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཕཊ་ཕཊ་ཕཊ༔ དེ་ནས་འགུགས་གཞུག་བྱ་བ་ནི༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཚོགས་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་བྱིན་གྱིས༔ ཆེ་གེ་མོ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ཀྱིས་སྲོག་ལ་རྒོལ་བའི་འདྲེ་གདོན་འབྱུང་པོ་གནས་གདོན་ལུས་གདོན་ཕོ་གདོན་མོ་གདོན་ཀླུ་གདོན་ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ་དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་བམ་གཟུགས་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ ཛཿ ཧཱུྃ་བཾ་ཧོཿ ཞེས་རྐང་གླིང་ཌཱ་དྲིལ་དྲག་ཏུ་བྱ༔ འགུགས་གཞུག་ལན་གྲངས་བརྒྱའམ་ལྔ་བཅུ་ཉེར་ལྔ་སོགས་སྐབས་དང་བསྟུན༔ དེ་ནས་མགོ་དང་ཡན་ལག་བཞི༔ རྩིབ་མ་གཡས་གཡོན༔ རྩིབ་ཁོག་སྟོད་སྨད༔ ནང་རོལ་དང་ཆ་བཅུ་བྱས་ལ༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཅུ་དང་༔ ཆངས་བུ་ཤ་དུམ་དང་བཅས་པ་བཅུ་བཤམས་ནས༔ མགྲོན་འབོད་པ་ནི༔ ཕཊ༔ མ་དབུས་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོ་ཀུན་ཁྱབ་མ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ དེ་ནས་མགོ་བོ་བཤམས་ལ་བསྟབ་པ་ནི༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ མགོ་བོ་ལུས་གདོན་དབྱེར་མེད་པ༔ སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ ཅེས་མཆོད་གཏོར་མ་བཤམས༔ གཏི་མུག་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཅེས་མཆོད་ཆངས་བུ་ཤ་དུམ་བཤམས༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་བསྡུ་རིམ་བྱ་བ་ནི༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་དབྱིངས་ཡེ་ཤེས་སུ༔ ཀ་དག་ལྷུན་འབྱམས་ཆེན་པོར་ཡན༔ ཕཊ་ཕཊ་ཕཊ༔ འདི་མན་ཆད་དེས་འགྲེའོ༔ དེ་ནས༔ ཕཊ༔ ཤར་ཕྱོགས་དྲག་ཁྲོས་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་མུན་སེལ་མ༔ མེ་ལོང་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ ལག་གཡས་ལུས་གདོན་དབྱེར་མེད་པ༔ རྡོ་རྗེ་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ ཞེ་སྡང་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་མེ་ལོང་ཡེ་ཤེས་སུ༔ གསལ་སྟོང་ཆེན་པོར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་འདོད་འབྱུང་མ༔ མཉམ་ཉིད་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ ལག་གཡོན་ལུས་གདོན་དབྱེར་མེད་པ༔ རིན་ཆེན་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ ང་རྒྱལ་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོརར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་མཉམ་ཉིད་ཡེ་ཤེས་སུ༔ དག་མཉམ་ཆེན་པོར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་ཆགས་བྲལ་མ༔ སོར་རྟོག་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ རྐང་གཡོན་ལུས་གདོན་དབྱེར་མེད་པ༔ པདྨ་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ འདོད་ཆགས་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་སོར་རྟོག་ཡེ་ཤེས་སུ༔ རང་གྲོལ་ཆེན་པོར་རྫོགས་སངས་རྒྱས༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་བྱང་ཕྱོགས་ཀཱི་ལའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་དོན་གྲུབ་མ༔ བྱ་གྲུབ་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ རྐང་གཡས་ལུས་གདོན་དབྱེར་མེད་པ༔ ལས་ཀྱི་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ ཕྲག་དོག་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཁྲག་མཁའ་འགྲོའི་ཞལ་དུ་བསྟབ༔ བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་བྱ་གྲུབ་ཡེ་ཤེས་སུ༔ ཡེ་གྲོལ་ཆེན་པོར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་དྲག་ཤུལ་མ༔ ནམ་མཁའི་ཀློང་ནས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ རྩིབ་གཡས་ལུས་གདོན་དབྱེར་མེད་པ༔ འཇིག་རྟེན་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ ལས་ཉོན་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་ཉིད་ཆེན་པོར་ཞིག༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ལྷོ་ནུབ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཡོན་ཏན་མཚོ༔ མི་གཡོའི་ཀློང་ནས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ ནམ་མཚུངས་ལུས་གདོན་དབྱེར་མེད་པ༔ དམ་ཚིག་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ མ་རིག་འཁྲུལ་པའི་ནད་དང་གདོན༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་ཉིད་ཆེན་པོར་ཞིག༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ལྷོ་ནུབ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཡོན་ཏན་མཚོ༔ མི་གཡོའི་ཀློང་ནས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབསཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ ནམ་མཚུངས་ལུས་གདོན་དབྱེར་མེད་པ༔ དམ་ཚིག་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ མ་རིག་འཁྲུལ་པའི་ནད་དང་གདོན༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་ཉིད་ཆེན་པོར་ཞིག༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ནུབ་བྱང་མེ་འབར་དུར་ཁྲོད་ནས༔ ཤ་ཟ་མཁའ་འགྲོ་མི་སྲུན་མ༔ མི་འཇིགས་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ རྩིབ་གཡོན་ལུས་གདོན་དབྱེར་མེད་པ༔ ཤ་ཟ་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ མ་རིག་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་ཉིད་ཆེན་པོར་ཞི༔ ཕཊ་ཕཊ་ཕཊ༔ ཕཊ༔ བྱང་ཤར་རབ་གཡོས་དུར་ཁྲོད་ནས༔ ཐམས་ཅད་མཁའ་འགྲོ་ཀུན་ཏུ་རྒྱུ༔ འགགས་མེད་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲོལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ ཚང་ར་ལུས་གདོན་དབྱེར་མེད་པ༔ ཐམས་ཅད་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ མ་རིག་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་ཉིད་ཆེན་པོར་ཞིག༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་འོག་ཕྱོགས་མུན་གཏིབས་དུར་ཁྲོད་ནས༔ ས་སྤྱོད་མཁའ་འགྲོ་གཏུམ་འབར་མ༔ མི་འགྱུར་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ ནང་རོལ་ལུས་གདོན་དབྱེར་མེད་པ༔ ས་སྤྱོད་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ མ་རིག་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་ཉིད་ཆེན་པོར་ཞིག༔ ཕཊ་ཕཊ་ཕཊ༔ ནད་པའི་བླ་ཚེ་བསོད་ནམས་བཅས༔ འོད་ཀྱི་ཐིག་ལེ་བྱ་སྒོང་ཙམ༔ ཡི་གེ་བྷྲཱུྃ་གྱི་རྣམ་པར་གྱུར༔ འབྱུང་ལྔའི་དྭངས་བཅུད་དེ་རུ་འདུས༔ ཡེ་ཤེས་ལྔ་ཡི་སྲུང་དུ་ཚུད༔ མི་འགྱུར་མི་ཤིགས་རྒྱས་གདབ་བོ༔ ཕཊ་ཕཊ་ཕཊ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་སྤྲོས་བྲལ་དབྱིངས་སུ་ཞིག༔ ཆོས་སྐུ་སྐྱེ་འགག་འགྱུར་མེད་ངང་༔ མ་བཅོས་མཉམ་པ་ཉིད་དུ་བརྡལ༔ ཕཊ་ཕཊ་ཕཊ༔ དེ་ཡིས་ཕྱི་ནང་བར་ཆད་སེལ༔ དོན་གཉིས་ལྷུན་གྲུབ་ཏུ་ཡང་བྱེད༔ བདུད་བཟློག་ཟབ་མོའི་ལམ་དུ་ཚུད༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ སྲུང་སྐྱོབ་སྟོང་གི་ཆར་མི་ཉེ༔ བཟློག་བསྒྱུར་འབུམ་གྱིས་དོ་ཟླ་མིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་བོ་ཆུང་གཞན་ཕན་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །ལེགས་སོ།། །།